ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡིས་ལས་བྱེད་མི་སྣ་བསྡུ་བའི་བརྡ་ཐོ།

རང་རེའི་དྲ་བའི་འཕྲིན། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གནས(ཅུའུ)ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་སྤྱི་ཕན་རང་བཞིན་གྱི་རིགས་དང་པོའི་རིག་གནས་དོན་ལས་ལས་ཁུངས་ཤིག་ཡིན། གཙོ་བོ་ཏང་དང་རྒྱལ་ཁབ་ཀྱི་ཡིག་ཆ་གལ་ཆེན་དང་བཅའ་ཁྲིམས་ཁྲིམས་སྲོལ། གྲོས་ཚོགས་གལ་ཆེན་བཅས་མི་རིགས་སྐད་ཡིག་ལམ་ནས་ཡིག་སྒྱུར་དང་སྐད་མཉམ་ཡིག་སྒྱུར་བྱ་བ་བསྒྲུབས་ཏེ། ཏང་དང་རྒྱལ་ཁབ་དང་སྤྱི་ཚོགས་རྩ་འཛུགས་བཅས་ལ་མི་རིགས་སྐད་ཡིག་ཡིག་སྒྱུར་ཞབས་ཞུ་སོགས་འདོན་སྤྲོད་བྱ་བཞིན་ཡོད། ཐེངས་འདིར་ཡང་བྱ་བའི་དགོས་དབང་ལྟར2021ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་བའི་འབྲེལ་ཡོད་བརྡ་ཐོ་གཤམ་གསལ།

གཅིག ལས་བྱེད་མི་སྣ་བསྡུ་བའི་བླང་བྱ།

མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ20བསྡུ་རྒྱུ་རེད།

གཉིས། ཆ་རྐྱེན།

1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་དགོས་ཤིང་། རྩ་ཁྲིམས་དང་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱ་དགོས།

2.ལས་གནས་ལ་མཁོ་བའི་ཆེད་ལས་དང་ལག་རྩལ་གྱི་ཆ་རྐྱེན་ཚང་དགོས།

3.ལས་གནས་ཀྱི་བླང་བྱ་ལྟར་ལུས་སེམས་བདེ་ཐང་ཡིན་དགོས།

4.2021ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ(དམིགས་འཛུགས་སློབ་མ་དང་མངག་བཅོལ་སློབ་མ་མི་འདུ)དང་ལོ་གཉིས་ཀྱི་ལས་རིགས་འདེམས་པའི་དུས་ཚོད་ནང་ལས་ཞུགས་བྱས་མེད་པའི་མཐར་ཕྱིན་སློབ་མ་ཡིན་པ་ཚེ། གོང་རིམ་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཞིབ་བཤེར་ཆོག་མཆན་ཐོབ་རྗེས། ད་ལོའི་མཐར་ཕྱིན་སློབ་མ་ལྟར་མིང་ཐོ་འགོད་ཆོག

5.དངོས་གཞི་མཐར་ཕྱིན་སློབ་མའི་ལོ་ཚད་ལོ26མན(1995.1.1རྗེས་ནས་སྐྱེས་པ)ཡིན་དགོས་ཤིང་། རབ་འབྱམས་མཐར་ཕྱིན་སློབ་མའི་ལོ་ཚད་ལོ30མན(1991.1.1རྗེས་ནས་སྐྱེས་པ)ཡིན་དགོས།

གསུམ། མིང་ཐོ་འགོད་པའི་དུས་ཚོད།

1.མིང་ཐོ་འགོད་པའི་དུས་ཚོད། ཟླ4པའི་ཚེས25ཉིན་ནས་ཟླ5པའི་ཚེས9བར།

2.མིང་ཐོ་འགོད་སྟངས། དྲ་ཐོག་ནས་མིང་ཐོ་འགོད་དགོས། མིང་ཐོ་འགོད་པའི་རེའུ་མིག་བསྐང་ནས་གློག་རྡུལ་ལམ་ནསfyjzhaopin@sina.comལ་སྐུར་དགོས། གློག་རྡུལ་ཁ་བྱང“རེའུ་མིང་།—མི་རིགས།—མཐར་ཕྱིན་སློབ་གྲྭ།—ཆེད་ལས།—ལས་གནས།”ཞེས་བྲི་དགོས།

བཞི། འགྲོ་ལུགས་སྒྲུབ་པ།

ཞིབ་བཤེར་ཆོག་མཆན་ཐོབ་པ་བརྒྱུད་དངོས་སུ་ལས་ཞུགས་བྱས་རྗེས། ཡིག་སྒྱུར་ཅུའུ་དང་གན་རྒྱ་བཞག་ནས་རྒྱལ་ཁབ་དང་ཡིག་སྒྱུར་ཅུའུ་ཡིས་གཏན་འབེབས་བྱས་པའི་ཟླ་ཕོགས་དང་འབྲེལ་ཡོད་གསོལ་ཐང་ལོངས་སུ་སྤྱད་ཆོག གལ་ཏེ་དམིགས་བསལ་གནས་ཚུལ་མེད་ཚེ། པེ་ཅིང་གྲོང་ཁྱེར་ཕྱིའི་མཐར་ཕྱིན་སློབ་མར་ཡིག་སྒྱུར་ཅུའུ་ཡིས་གཏན་འབེབས་ལྟར་པེ་ཅིང་དུ་གཞིས་ཆགས་པའི་འགྲོ་ལུགས་བསྒྲུབ་རྒྱུ།

ལྔ། འབྲེལ་གཏུག་བྱ་ཡུལ།

འབྲེལ་གཏུག་ཁ་པར། 62555131སྤོར་གྲངས6004/6298

ཡིག་ཟམ། fyjzhaopin@sina.com

ས་གནས། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གནས(北京市海淀区倒座庙1号)

སྦྲག་སྲིད་ཨང་གྲངས། 100080

ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གནས(ཅུའུ)།

2021ལོའི་ཟླ4པའི་ཚེས25ཉིན།

མིང་ཐོ་འགོད་སའི་རེའུ་མིག་ཕབ་ལེན་བྱ་སའི་དྲ་ཚིགས། http://www.mzfy.org.cn/news_detail/newsId=2253.html

ལོ་ཙཱ་པ། ལྷ་ཆེན་རྒྱལ།