གཞུང་དཔང་སྒྲུབ་རིམ་སྟབས་བདེ་བཟོས། དམངས་ལ་དོན་དངོས་དོན་བཟང་བསྒྲུབ།


སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལས་དོན་སྤེལ་བ་ནས་བཟུང་། ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དམངས་ཀྱི་འཚོ་བར་དོ་ཁུར། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་གཞུང་དཔང་ལས་དོན་གྱི་འགོ་འཛུགས་སར་བརྩིས་ནས་དོ་བདག་གི་བསམ་ཚུལ་ལྟར་ཁོ་ཚོའི་སེམས་ཁྲལ་བྱེད་བཞིན་པའི་འབོར་ཉུང་བཅོལ་དངུལ་རྒྱུན་འཛིན་པས་བཅོལ་དངུལ་ལེན་སྐབས་འདྲི་རྩད་ཡི་གེ་སྤྲོད་པ་དང་གཞུང་དཔང་ཡི་གེ་མཁོ་འདོན་བྱེད་པའི་དཀའ་རྙོག་གནད་དོན་ལ་དམིགས་ནས། ཧུར་ཐག་གིས་ཀོས་ནན་རྫོང་ཁྲིམས་འཛིན་ཅུའུ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ་ཁུལ་སྲིད་གྲོས་ལ་བཏོན་པའི་འདས་པོ་དངུལ་བཅོལ་མཁན་གྱི་འབོར་ཉུང་བཅོལ་དངུལ་ལེན་སྐབས་ཀྱི་འགྲོ་ལུགས་སྟབས་བདེ་བཟོ་དགོས་པའི་སྐོར་གྱི་གྲོས་གཞིར་གྲོས་གཞི་བཏོན་ནས་ཕྱོགས་མང་མཉམ་འབྲེལ་སྒོས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། བབ་བསྟུན་དོ་དམ་ཟུང་འབྲེལ་བཅས་ཀྱིས་ཞབས་ཞུ་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་བ་རེད།

ཟླ4ཚེས16ཉིན། ཁུལ་སྲིད་གྲོས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་ཁག་གི“དོན་དག་ཡོད་ན་གྲོས་བསྡུར་བྱེད་བདེ་པོ་ཡོད”ཅེས་པའི་གཞུང་དོན་གྲོས་མོལ་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་ཞིང་། ཁུལ་དངུལ་སྲུང་འགན་བཅོལ་ལྟ་སྐུལ་དོ་དམ་ཡན་ལག་ཅུས་ཀྱིས་དངུལ་ཁང་ཁག་ལ་འབྲེལ་ཡོད《བརྡ་ཐོ》ལག་བསྟར་བྱ་རྒྱུའི་ལྟ་སྐུལ་བྱས་པ་མ་ཟད། འབོར་ཉུང་བཅོལ་དངུལ་གྱི་གཞུང་དཔང་སྐོར་གྱི་སྒོར10000མན་གྱི་འགྲོ་ལུགས་མེད་པར་བཟོས་པ་རེད།“དམངས་ཕན་སྲིད་ཇུས”དེ་མང་ཚོགས་ཀྱི་ཁྲོད་དུ་དོན་འཁྱོལ་གང་མགྱོགས་བྱ་ཆེད། ངེད་ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས་རྫོང་གི་དངུལ་ཁང་ཁག་ལ་འབྲེལ་མཐུད་ལེགས་པོ་བྱས་པ་བརྒྱུད། བསྡོམས་པའི་གཞུང་དཔང་གྱོད་གཞི60ལྷག་གི་སྒོར་ཁྲི52.3བླངས་ནས་མང་ཚོགས་ལ་གྲངས་འབོར་ཉུང་བའི་བཅོལ་དངུལ་ལེན་པར་སྟབས་བདེ་བཟོས་ཤིང་དམངས་ཕན་ཞབས་ཞུ་གང་ལེགས་མཁོ་འདོན་བྱས་པས་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་པ་རེད།

གསར་འགོད་པ། ཚེ་རིང་འབུམ།