2021ལོའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་བསྡུ་བའི་བརྡ་ཐོ།

རང་རེའི་དྲ་བའི་འཕྲིན། 2021ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་བསྡུ་འགོ་བརྩམས་ཏེ། རྒྱལ་ཡོངས་ཀྱི་ལས་གཞིར་མུ་མཐུད་དུ་མི་ཁྲི་གཉིས་དང་ས་གནས་ཀྱི་ལས་གཞིར་སྔོན་ཇུས་ལྟར་ན་མི་ཁྲི2.1བསྡུ་རྒྱུ་རེད། མཐོ་རིམ་སློབ་གྲྭའི་ད་ལོའི་མཐར་ཕྱིན་སློབ་མ་དང་ཞིབ་འཇུག་སློབ་མ་འདོན་བཞིན་པའི་སློབ་མས་ཟླ4པའི་ཚེས14ནས་ཟླ5པའི་ཚེས20ཉིན་བར།“西部志愿汇”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་དང་ནུབ་རྒྱུད་འཆར་འགོད་ཀྱི་གཞུང་ཕྱོགས་དྲ་ཚིགས(http://xibu.youth.cn)བརྒྱུད་ནས་མིང་ཐོ་འགོད་ཆོག་པ་རེད།

བློ་འདྲི་བྱ་ཡུལ།

མཚོ་སྔོན་ལས་གཞི་གཞུང་སྒྲུབ་ཁང་། 0971-8220354

རྒྱལ་ཡོངས་ལས་གཞི་གཞུང་སྒྲུབ་ཁང་། 010-85212269

ལོ་ཙཱ་པ། ལྷ་ཆེན་རྒྱལ།