གཞིས་ཁུལ་ལ་རྐུབ་སྟེགས་བསྒྲིགས་པས་གསར་དུ་སྤར་བའི་ཁྱིམ་ཚང་གི་སེམས་ལ་དྲོད་ཁོལ་རྒྱས།

ལས་བཟོ་པས་རྐུབ་སྟེགས་སྒྲིག་འཇུག་བྱེད་བཞིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4ཚེས20ཉིན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཧུའུ་ཐའེ་གཞིས་ཁུལ་གྱི་ལྷོ་སྒོ་རུ་ལོ་ན་བརྒྱད་བཅུར་སོན་པའི་བགྲེས་པོ་ཧྲིན་རུའུ་ཡན་གསར་དུ་བསྒྲིགས་པས་དམངས་ལ་སྟབས་བདེ་བསྐྲུན་པའི་བརྩེ་སེམས་རྐུབ་སྟེགས་སྟེང་བཞུགས་ནས། རྒན་རབས་པ་མང་པོ་དང་ལྷན་དུ་ཁ་བརྡ་གླེང་མོལ་བྱེད་བཞིན་སྤྲོ་སྣང་གིས་བཟི་འདུག

ཉིན་འདི་དག་གི་རིང་ལ། མཁར་ནུབ་ཆུས་ཧུའུ་ཐའེ་གཞིས་ཁུལ་གྱི་མངའ་ཁོངས་ཧུའུ་ཐའེ་གཞིས་ཁུལ་ལྷོ་སྒོ་རུ་དམངས་ལ་སྟབས་བདེ་བསྐྲུན་པའི་བརྩེ་སེམས་རྐུབ་སྟེགས་སྒྲིག་འཇུག་བྱས་ཤིང་། རྣམ་པ་གསར་པའི་རྐུབ་སྟེགས་དེ་གཞིས་ཁུལ་འདིའི་ཡིད་དུ་འོངས་བའི་ཡུལ་ལྗོངས་ཀྱི་ལམ་ཐིག་ཤིག་ཏུ་གྱུར་ཡོད།

སྔོན་ཆད། གཞིས་ཁུལ་ལས་བྱེད་མི་སྣ་དག་ཁྱིམ་ཚང་སོ་སོའི་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་སོང་བ་ལས་ཤེས་གསལ་ལྟར། སྡོད་དམངས་ལོ་ལོན་མང་པོ་ཞིག་ཧུའུ་ཐའེ་གཞིས་ཁུལ་གྱི་ལྷོ་སྒོ་རུ་འཆམ་འཆམ་བྱེད་པ་དང་ཁ་བརྡ་བྱེད་རྒྱུར་དགའ། ཡིན་ཡང་ལོ་རྒྱུས་ཀྱི་འཛུགས་སྐྲུན་རྒྱུ་རྐྱེན་གྱི་དབང་གིས་ལྷོ་སྒོ་རུ་ངལ་གསོ་བྱེད་སའི་དམངས་ཕན་སྟབས་བདེའི་རྐུབ་སྟེགས་གཅིག་ཀྱང་མེད། དེའི་རྐྱེན་གྱིས་རྒད་པོ་མང་པོ་ཞིག་གིས་རང་ཁྱིམ་ནས་རྐུབ་སྟེགས་བཟུང་སྟེ་ཕྱི་སྒོར་བུད་ནས་ཉི་མ་མི་ལྡེ་ག་མེད་བྱུང་པས་དེ་འདྲའི་སྟབས་བདེ་ཞིག་གཏན་ནས་མིན།

གནས་ཚུལ་འདི་ཤེས་རྗེས་གཞིས་ཁུལ་གྱིས་དུས་ལྟར་དམངས་ཀྱི་རེ་འདུན་དེ་ལོ་འདིའི་དམངས་སྒྲུབ་ཞབས་ཞུའི་དོན་དངོས་ཀྱི་ལས་གཞིའི་ཁྲོད་བཅུག་ཅིང་། སྡོད་དམངས་གྲོས་སྡུར་བརྒྱུད་ཕྱོགས་མང་པོར་འབྲེལ་འདྲིས་བྱས་པ་བརྒྱུད། མཇུག་མཐར་ད་བཟོད་རྒྱུ་སྤུས་སྲ་མཁྲེགས་དང་ཁམས་གཡེང་བྱེད་སའི་རྐུབ་སྟེགས་ཉོ་རྒྱུ་ཐག་གིས་བཅད་ནས། གཞིས་ཁུལ་ལྷོ་སྒོའི་འགྲོ་འོངས་བྱེད་ས་རུ་སྡོད་དམངས་དག་ལ་འཚོ་བའི་ཐད་སྟབས་བདེ་བསྐྲུན་པའི་རྐུབ་སྟེགས་སྒྲིག་འཇུག་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།