2021ལོའི་མགོ་ལོག་ཁུལ་དོན་ལས་སྡེ་ཚན་གྱིས་ལས་དོན་མི་སྣ་བསྡུ་བར་བཏང་བའི་བརྡ་སྦྱོར།

《2021ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་སྡེ་ཚན་གྱི་ལས་མི་བསྡུ་བའི་བྱ་བའི་ཇུས་གཞི》(ན་གཞོན་སྲིད་དོན་གཞུང་ལས་ཁང་གི་ཡིག་ཨང་45པ)དང་།《མཚོ་སྔོན་ཞིང་ཆེན་གྱི་དོན་ལས་སྡེ་ཚན་གྱིས་ལས་དོན་མི་སྣ་བསྡུ་བའི་བྱ་ཐབས་》སོགས་ཀྱི་གཏན་འབེབས་ལྟར། 2021ལོའི་མགོ་ལོག་ཁུལ་དོན་ལས་སྡེ་ཚན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་དོན་མི་སྣ47བསྡུ་རྒྱུ་ཡིན་ཞིང་། དེའི་ནང་། ཁ་ཕྱོགས་གཏན་འཁེལ་བྱས་ཟིན་དང་རིགས་གསུམ་གྱི་གཞི་རིམ་ཞབས་ཞུའི་མི་སྣ4དང་། ཁ་ཕྱོགས་གཏན་འཁེལ་གྱི་ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་ཆེན་གྱི་མཐར་ཕྱིན་སློབ་མ2ཡོད)ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཉིས། ལས་བསྡུའི་གོ་རིམ།

སྒྲིག་ཁོངས་ལས་བསྡུའི་འཆར་གཞི་དང་ལས་བསྡུའི་ཆ་འཕྲིན་ཁྱབ་སྒྲོག དྲ་ཐོག་ནས་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས་ལེན་པ། ཡུལ་དངོས་ནས་ཐོབ་ཐང་ཞིབ་བཤེར། ཁ་རྒྱུགས་ལེན་པ། ལུས་པོར་བརྟག་ཞིབ། རྟོག་ཞིབ(ཆབ་སྲིད་ཞིབ་བཤེར)། ཡོངས་བསྒྲགས་དང་ལས་བསྡུའི་འགྲོ་ལུགས་གཉེར་བ་སོགས་ཀྱི་གོ་རིམ་ལྟར་རིམ་པ་བཞིན་སྤེལ་རྒྱུ་རེད།

གསུམ།མིང་ཐོ་འགོད་པའི་དུས་ཚོད། 2021ལོའི་ཟླ4པའི་ཚེས21ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས25ཉིན་གྱི་ཆུ་ཚོད18བར་ཡིན། དངུལ་སྤྲོད་པའི་དུས་ཚོད། 2021ལོའི་ཟླ4པའི་ཚེས21ཉིན་གྱི་ཆུ་ཚོད9ནས་ཚེས28ཉིན་གྱི་ཆུ་ཚོད18བར་ཡིན།

གཉིས། ཡིག་རྒྱུགས་ལེན་པའི་དུས་ཚོད།

2021ལོའི་ཟླ5པའི་ཚེས22ཉིན(གཟའ་སྤེན་པ)གཏན་འཁེལ་བྱས་ཤིང་། ཞིབ་ཕྲའི་ཡིག་རྒྱུགས་ཀྱི་དུས་ཚོད་དང་ས་གནས་དེ་རྒྱུགས་སྤྲོད་དཔང་ཡིག་ཚད་གཞིར་འཛིན་དགོས།

བློ་འདྲིའི་ཁ་པར་ཨང་གྲངས། 0975-8358116དང་།8384835

མགོ་ལོག་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ།

2021ལོའི་ཟླ4པའི་ཚེས18ཉིན།

རྩ་གཉིས་ཨང་རྟགས་མནན་ནས་ལས་གནས་རེའུ་མིག་ལ་བལྟ་ཆོག

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།