2021ལོའི་མཚོ་ལྷོ་ཁུལ་དོན་ལས་སྡེ་ཚན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་དོན་མི་སྣ་བསྡུ་བའི་བརྡ་སྦྱོར།

《2021ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་སྡེ་ཚན་གྱི་ལས་མི་བསྡུ་བའི་བྱ་བའི་ཇུས་གཞི》(ན་གཞོན་སྲིད་དོན་གཞུང་ལས་ཁང་གི་ཡིག་ཨང45པ)དང་།《མཚོ་སྔོན་ཞིང་ཆེན་གྱི་དོན་ལས་སྡེ་ཚན་གྱིས་ལས་མི་བསྡུ་བའི་བྱ་ཐབས་》སོགས་ཀྱི་གཏན་འབེབས་ལྟར། 2021ལོའི་མཚོ་ལྷོ་ཁུལ་དོན་ལས་སྡེ་ཚན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་དོན་མི་སྣ83(དེའི་ནང་། གནས་གཏན་འཁེལ་གྱིས་གཞི་རིམ་གྱི་ཞབས་ཞུའི་ལས་གཞི་ཁག་གསུམ་གྱི་མི་སྣ་བསྡུ་བའམ། ཡང་ན་དམག་དཔུང་དུ་དམག་ཞབས་ཞུ་ཡུན་ལོ5དང་དེ་ཡན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་དམག་ཞབས་ཐིམས་པའི་དམག་མི8དང་། གནས་གཏན་འཁེལ་གྱིས་ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་ཆེན་གྱི་མཐར་ཕྱིན་སློབ་མ4)བསྡུ་རྒྱུ་ཡིན་ལ། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ་ལྟར།

གཉིས། ལས་བསྡུའི་གོ་རིམ།

སྒྲིག་ཁོངས་ལས་བསྡུའི་འཆར་གཞི་དང་ལས་བསྡུའི་ཆ་འཕྲིན་ཁྱབ་སྒྲོག དྲ་ཐོག་ནས་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས་ལེན་པ། ཡུལ་དངོས་ནས་ཐོབ་ཐང་ཞིབ་བཤེར། ཁ་རྒྱུགས་ལེན་པ། ལུས་པོར་བརྟག་ཞིབ། རྟོག་ཞིབ(ཆབ་སྲིད་ཞིབ་བཤེར)། ཡོངས་བསྒྲགས་དང་ལས་བསྡུའི་འགྲོ་ལུགས་གཉེར་བ་སོགས་ཀྱི་གོ་རིམ་ལྟར་རིམ་པ་བཞིན་སྤེལ་རྒྱུ་རེད།

གསུམ། མིང་ཐོ་འགོད་པའི་དུས་ཚོད།

(གཅིག)མིང་ཐོ་འགོད་པའི་དུས་ཚོད། 2021ལོའི་ཟླ4པའི་ཚེས21ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས25ཉིན་གྱི་ཆུ་ཚོད18བར། དངུལ་སྤྲོད་པའི་དུས་ཚོད། 2021ལོའི་ཟླ4པའི་ཚེས21ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས28ཉིན་གྱི་ཆུ་ཚོད18བར་ཡིན།

ལྔ། ཡིག་རྒྱུགས་ལེན་པའི་དུས་ཚོད།

(གཅིག)ཡིག་རྒྱུགས་ལེན་པའི་དུས་ཚོད། 2021ལོའི་ཟླ5པའི་ཚེས22ཉིན་གཏན་འཁེལ་བྱས་ཤིང་། ཞིབ་ཕྲའི་ཡིག་རྒྱུགས་ཀྱི་དུས་ཚོད་དང་ས་གནས་དེ་རྒྱུགས་སྤྲོད་དཔང་ཡིག་ཚད་གཞིར་གཟུང་དགོས།

དྲ་ཐོག་ནས་མིང་ཐོ་འགོད་པའི་བློ་འདྲིའི་ཁ་པར།

མཚོ་ལྷོ་ཁུལ་གྱི་མི་དོན་རྒྱུགས་ལེན་ལྟེ་གནས། 0974-8513856

མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། 0974-8512275

མཚོ་ལྷོ་ཚགས་པར་ཁང་། 0974-8513306

གསེར་ཆེན་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། 0974-8547270

མང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། 0974-8501550

འབའ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། 0974-8592562

བྲག་དཀར་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། 0974-8581245

དྲ་ཐོག་ནས་མིང་ཐོ་འགོད་པའི་ལག་རྩལ་འདྲི་རྩད་ཁ་པར།

ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས། 0971-8258589

ལས་བསྡུའི་ལྟ་སྐུལ་ཁ་པར།

ཁུལ་ཨུད་རྩ་འཛུགས་པུའུ། 12380(ལས་བྱེད་པའི་ཚན་ཁག་དང་པོ)

ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། 0974-8512774(དོན་ལས་སྡེ་ཚན་མི་དོན་དོ་དམ་ཚན་པ)

ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ།

མཚོ་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ།

2021ལོའི་ཟླ4པའི་ཚེས18ཉིན།

རྩ་གཉིས་ཨང་རྟགས་མནན་ནས་ལས་གནས་རེའུ་མིག་ལ་བལྟ་ཆོག

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།