མཚོ་ནུབ་ཁུལ་མཚོ་ལྷོ་ཁུལ་མགོ་ལོག་ཁུལ་བཅས་ཀྱིས་དོན་ལས་སྡེ་ཚན་ནང་ལས་མི་བསྡུ་བར་བཏང་བའི་བརྡ་སྦྱོར།

2021ལོའི་མཚོ་ནུབ་ཁུལ་དོན་ལས་སྡེ་ཚན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་མི་བསྡུ་བའི་བརྡ་སྦྱོར། 

《2021ལོའི་ཞིང་ཆེན་ཡོངས་ཀྱི་བྱ་ལས་སྡེ་ཚན་གྱི་ལས་མི་བསྡུ་བའི་བྱ་བའི་ཇུས་གཞི་དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》(ན་གཞོན་སྲིད་དོན་གཞུང་ལས་ཁང་གི་ཡིག་ཨང45པ།)དང་། 《མཚོ་སྔོན་ཞིང་ཆེན་གྱི་དོན་ལས་སྡེ་ཚན་གྱིས་ལས་མི་བསྡུ་བའི་བྱེད་ཐབས》སོགས་ཀྱི་གཏན་འབེབས་ལྟར། 2021ལོའི་མཚོ་ནུབ་ཁུལ་གྱི་དོན་ལས་སྡེ་ཚན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་དོན་མི་སྣ288(རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་དང་གཞི་རིམ་འཕྲོད་བསྟེན་སྒྲིག་གཞིར་སྨན་དོན་མི་སྣ56དང་དོན་ལས་སྡེ་ཚན་གཞན་དག་གི་མི232།)བསྡུ་རྒྱུ་རེད། དེའི་ནང་། གནས་གཏན་འཁེལ་གྱི་ལས་བསྡུའི་ཞབས་ཞུའི་དུས་ཡུན་ལོ་གཉིས་ལོན་པར་མ་ཟད། དཔྱད་ཞིབ་བྱས་ནས་ཚད་ལོངས་པའི“རིགས་གསུམ”གཞི་རིམ་ཞབས་ཞུའི་ལས་གཞིའི་སློབ་མ29དང་། ཁ་ཕྱོགས་གཏན་འཁེལ་གྱིས་ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་ཆེན་གྱི་མཐར་ཕྱིན་སློབ་མ14བཅས་བསྡུ་རྒྱུ་ཡིན། འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག ལས་བསྡུའི་ལས་གནས་དང་ཆ་རྐྱེན།

(གཅིག)ལས་བསྡུའི་ལས་གནས། ཐེངས་འདིར་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་དོན་མི་སྣ288བསྡུ་རྒྱུ་ཡིན། ཞིབ་ཕྲའི་ལས་བསྡུའི་ལས་གནས《2021ལོའི་མཚོ་ནུབ་ཁུལ་དོན་ལས་སྡེ་ཚན་གྱི་ལས་དོན་མི་སྣ་བསྡུ་བའི་འཆར་གཞིའི་རེའུ་མིག》ལ་གསལ།

(གཉིས།)ལས་བསྡུའི་ཆ་རྐྱེན། 1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ།

2.རྩ་ཁྲིམས་དང་བཅའ་ཁྲིམས་སྲུང་བ། 3.སྤྱོད་ལམ་བཟང་བ། 4.ལས་གནས་ལ་མཁོ་བའི་ཆེད་ལས་སམ་རྩལ་ནུས་ཆ་རྐྱེན་ལྡན་པ། 5.ལས་གནས་ཀྱི་བླང་བྱ་དང་འཚམ་པའི་གཟུགས་པོའི་ཆ་རྐྱེན་ལྡན་པ། 6.ལས་གནས་ལ་མཁོ་བའི་ཆ་རྐྱེན་གཞན་དག་ལྡན་པ་བཅས་དགོས།

གཉིས།ལས་བསྡུའི་གོ་རིམ།

སྒྲིག་ཁོངས་ལས་བསྡུའི་འཆར་གཞི་དང་ལས་བསྡུའི་ཆ་འཕྲིན་ཁྱབ་སྒྲོག དྲ་ཐོག་ནས་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས་ལེན་པ། ཡུལ་དངོས་ནས་ཐོབ་ཐང་ཞིབ་བཤེར། ཁ་རྒྱུགས་ལེན་པ། ལུས་པོར་བརྟག་ཞིབ། རྟོག་ཞིབ(ཆབ་སྲིད་ཞིབ་བཤེར)། ཡོངས་བསྒྲགས་དང་ལས་བསྡུའི་འགྲོ་ལུགས་གཉེར་བ་སོགས་ཀྱི་གོ་རིམ་ལྟར་རིམ་པ་བཞིན་སྤེལ་རྒྱུ་རེད།

(གཅིག)དྲ་ཐོག་ནས་ཆ་འཕྲིན་སྤྲོད་པའི་དུས་ཚོད། 2021ལོའི་ཟླ4པའི་ཚེས21ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས25ཉིན་གྱི་ཆུ་ཚོད18བར། དྲ་ཐོག་ནས་གྲོན་དངུལ་སྤྲོད་པའི་དུས་ཚོད། 2021ལོའི་ཟླ4པའི་ཚེས21ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས28ཉིན་གྱི་ཆུ་ཚོད18བར།

གཉིས། ཡིག་རྒྱུགས་ཀྱི་དུས་ཚོད་དང་ས་གནས། ཡིག་རྒྱུགས་ཀྱི་དུས་ཚོད་ནི2021ལོའི་ཟླ5པའི་ཚེས22ཉིན(གཟའ་སྤེན་པ)ཡིན་པ་དང་། ཞིབ་ཕྲའི་ཡིག་རྒྱུགས་ཀྱི་དུས་ཚོད་དང་ས་གནས་དེ་རྒྱུགས་སྤྲོད་དཔང་ཡིག་ཚད་གཞིར་གཟུང་དགོས།

ལྟ་སྐུལ་ཁ་པར། མཚོ་ནུབ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ 0977-8222882

བློ་འདྲིའི་ཁ་པར། མཚོ་ནུབ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ 0977-8222882

མཚོ་ནུབ་ཁུལ་མི་དོན་རྒྱུགས་ལེན་ལྟེ་གནས། 0977-8224877

མཚོ་ནུབ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། 0977-8222818

མཚོ་ནུབ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ།

2021ལོའི་ཟླ4པའི་ཚེས18ཉིན།

རྩ་གཉིས་ཨང་རྟགས་མནན་ནས་ལས་གནས་རེའུ་མིག་ལ་བལྟ་ཆོག

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།