2021ལོའི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་ཐད་གཏོགས་དོན་ལས་སྡེ་ཚན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་དོན་མི་སྣ་བསྡུ་བའི་བརྡ་སྦྱོར།

《2021ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་སྡེ་ཚན་གྱི་ལས་བསྡུའི་བྱ་བའི་ཇུས་གཞི》(གཞོན་ནུའི་སྲིད་དོན་གཞུང་ལས་ཁང་གི་ཡིག་དེབ(2021)ཨང45པ)ལྟར། ད་ལོར་ཞིང་ཆེན་ཐད་གཏོགས་དོན་ལས་སྡེ་ཚན་གྱིས་སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་ལས་དོན་མི་སྣ་བསྡུ་བའི་འཆར་གཞི་གཏན་འཁེལ་བྱས་ཟིན། ལས་བསྡུའི་ལས་གནས་ཁྱོན1127(ཞིབ་ཕྲའི་ལས་བསྡུའི་འཆར་གཞིའི་ཞིབ་ཕྲ་ཟུར་བཀོད1ལ་གསལ)ཡོད། ཐེངས་འདིའི་ལས་མི་བསྡུ་བའི་འཆར་གཞིའི་ནང2021ལོའི་ལས་ཁུངས་སྒེར་གྱིས་ལས་མི་བསྡུས་པའི་ལས་རྐང་མི་འདུ། འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག ལས་བསྡུའི་ཁྱབ་ཁོངས།

ཞིང་ཆེན་གྱི་ཐད་གཏོགས་དོན་ལས་སྡེ་ཚན་གྱི་ལས་བསྡུའི་བྱ་བ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སྤེལ་དགོས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ལས་བསྡུའི་ལས་གནས་དེ་རང་ཞིང་གི་ཁྱིམ་ཐོ་དང་། རང་ཞིང་གི་སློབ་ཁུངས། རང་ཞིང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། རང་ཞིང་དུ་ཞབས་འདེགས་ཞུ་བའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་སོགས་རིགས་གསུམ་པར་གཏོགས་པའི་གཞི་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། རང་ཞིང་དུ་རུ་འཁྱུར་དམག་མི་བཅས་སོ། །

གཉིས། ལས་བསྡུ་བྱེད་སྟངས་དང་གོ་རིམ།

རྒྱུགས་སྤྲོད་ལས་བསྡུའི་ལས་གནས་དེ་ཁྱབ་སྒྲོག་ཆ་འཕྲིན་དང་། དྲ་ཐོག་ནས་མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས་ལེན་པ། ཡུལ་དངོས་སུ་ཐོབ་ཐང་ཞིབ་བཤེར། ཁ་རྒྱུགས་ལེན་པ། བདེ་ཐང་བརྟག་ཞིབ། རྟོག་ཞིབ(ཆབ་སྲིད་ཞིབ་བཤེར)སྤྱི་བསྒྲགས། ལས་བསྡུའི་འགྲོ་ལུགས་གཉེར་བ་སོགས་ཀྱི་གོ་རིམ་ལྟར་བསྒྲུབ་དགོས།

གསུམ། མིང་ཐོ་འགོད་པའི་དུས་ཚོད།

མིང་ཐོ་འགོད་པའི་དུས་ཚོད། 2021ལོའི་ཟླ4པའི་ཚེས21ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས25ཉིན་གྱི་ཆུ་ཚོད18བར། གྲོན་དངུལ་སྤྲོད་པའི་དུས་ཚོད། 2021ལོའི་ཟླ4པའི་ཚེས21ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས28ཉིན་གྱི་ཆུ་ཚོད18བར་ཡིན་པ་རེད།

བཞི།

ཡིག་རྒྱུགས་ལེན་པའི་དུས་ཚོད་ནི2021ལོའི་ཟླ5པའི་ཚེས22ཉིན(གཟའ་སྤེན་པ)ཡིན་པ་དང་། ཞིབ་ཕྲའི་ཡིག་རྒྱུགས་ཀྱི་དུས་ཚོད་དང་ས་གནས་དེ་རྒྱུགས་སྤྲོད་ལག་རྟགས་ཚད་གཞིར་འཛིན་དགོས།


ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་།

2021ལོའི་ཟླ4པའི་ཚེས16ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།