ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་ཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུས་ཚོགས་འདུར་མདོ་འཛིན་གནང་བ་དང་ཝང་ཅན་ཅུན་གྱིས་གསུང་བཤད་གནང་།

དུས་རབས་གསར་པའི་ས་གནས་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་ཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུས་ཚོགས་འདུར་མདོ་འཛིན་གནང་བ་དང་ཝང་ཅན་ཅུན་གྱིས་གསུང་བཤད་གནང་།

《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ ཐེངས་བཞི་པའི་དགོངས་དོན་ལག་བསྟར་བྱས་ནས་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་ སྐྱོང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་འཆམ་བྱུང་།

ས་གནས་བཅོས་སྐྱོང་ལམ་ལུགས་གསར་ གཏོད་དང་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་ བར་སྐུལ་འདེད་བྱེད་པར། ངེས་པར་དུ་མར་ ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་ དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་ གཞུང་ལུགས།“མཚོན་བྱེད་གསུམ་”གྱི་ དགོངས་པ་གལ་ཆེན། ཚན་རིག་དང་མཐུན་ པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་ རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་ པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ བཅས་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་ གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་ གཏིང་ཟབ་བྱེད་པ་དང།“འདུ་ཤེས་བཞི་”ཇེ་ དྲག་ཏུ་གཏོང་བ།“གདེང་ཚོད་བཞི”ཇེ་ བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ ཐུབ་པ་བཅས་བྱས་ནས། ཕྱོགས་ཡོངས་ནས “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ དོན་འཁྱོལ་བྱས་ཏེ། ཏང་གི་མགོ་ཁྲིད་རྒྱུན་ འཁྱོངས་དང་། མི་དམངས་རང་ཁྱིམ་རང་ བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ གཅིག་གྱུར་དམ་ཚགས་དང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་ རྒྱུན་འཁྱོངས། བཅོས་བསྒྱུར་གསར་གཏོད་ རྒྱུན་འཁྱོངས་དང་། ལམ་ལུགས་འཛུགས་སྐྱོང་ གཙོ་གནད་དུ་འཛིན་པ། རྒྱལ་ཁབ་བཅོས་སྐྱོང་ གི་འགག་རྩའི་རང་བཞིན་གྱི་བྱེད་ཐབས་དོན་ འཁྱོལ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ ནས། ས་གནས་བཅོས་སྐྱོང་གི་འགག་རྩའི་རང་ བཞིན་གྱི་ལམ་ལུགས་གསར་གཏོད་བྱ་རྒྱུ་ མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། རྨང་ གཞི་སྲ་བརྟན་དང་། དགེ་མཚན་སྤེལ་བ། ཞན་ ཆ་གསབ་པ། ཉམས་པར་སྟོབས་སྤེལ་བཅས་ བྱས་ནས། མ་ལག་ཆ་ཚང་དང་། ཚན་རིག་དང་ མཐུན་ཞིང་ཚད་ལྡན་ཡིན་པ། འཁོར་སྐྱོད་ནུས་ ལྡན་བཅས་ཀྱི་ས་གནས་བཅོས་སྐྱོང་ལམ་ ལུགས་མ་ལག་འཛུགས་པ་དང་། མ་ལག་བཅོས་ སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། འབྱུང་རྩ་ ནས་བཅོས་སྐྱོང་བྱེད་ཤུགས་བཅས་ཆེ་རུ་ གཏོང་དགོས།“སྔོན་གཅིག་མཐོ་གཉིས་”ཀྱི་ འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་ཆེད། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་ལ་སྤྱི་ འདོམས་བྱས་ནས“དཔལ་འབྱོར་གྱི་རྣམ་པ་ བཞིའི”སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། དེ་བས་འབྱོར་ཕྱུག་དང་དཔལ་ཡོན་འཆམ་ མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་ པ་བསྐྲུན་རྒྱུར་འགན་ལེན་ནུས་ལྡན་བྱེད་ དགོས།ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་ སྐབས།“སྔོན་གཅིག་མཐོ་གཉིས”ཀྱི་འཐབ་ ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། གཙོ་ གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ ཀྱི་བཅོས་སྒྱུར་ལ་རྒྱུན་ཆད་མེད་པར་གྲུབ་ འབྲས་གསར་པ་ཐོབ་པ་དང་། ཕྱོགས་སོ་སོའི་ ལམ་ལུགས་སྔར་ལས་གནད་སྨིན་འཐུས་ཚང་ དང་སྔར་ལས་གཏན་འཁེལ་ཐད་ལ་གྲུབ་ འབྲས་མངོན་གསལ་དོད་པོ་འཐོབ་པར་བྱེད་ དགོས། 2035ལོར་ཕྱོགས་གང་ཅིའི་ཐད་ཀྱི་ ལམ་ལུགས་སྔར་ལས་འཐུས་སྒོ་ཚང་བ་དང་།འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་ མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་དང་ འཚམ་པའི་ལམ་ལུགས་མ་ལག་ཅིག་ཆགས་ པར་བྱས་ནས། གཞི་རྩའི་ཆ་ནས་ས་གནས་ བཅོས་སྐྱོང་གི་དེང་རབས་ཅན་མངོན་འགྱུར་ བྱ་དགོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ ལོ་ངོ་བརྒྱ་འཁོར་སྐབས། ས་གནས་བཅོས་སྐྱོང་ གི་དེང་རབས་ཅན་ཁྱོན་ཡོངས་ནས་མངོན་ འགྱུར་བྱུང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཚོ་སྔོན་ དུ་སྔར་བས་སྲ་བརྟན་དང་ཁྱད་འཕགས་རང་ བཞིན་གང་ལེགས་སྒོས་མངོན་པར་བྱ་དགོས།
      ཟླ7པའི་ཚེས29ཉིན་ནས་ཚེས30ཉིན་བར། ཀྲུང་གོའི་གུང་ཁྲན་ཏང་གི་མཚོ་སྔོན་ཞིང་ ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ཟི་ལིང་ དུ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱིས་ ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ ཕྱོགས་ཡོངས་ནས་ལག་བསྟར་བྱས།《ཀྲུང་གུང་ མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སྐབས་བཅུ་ དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ བཞི་པའི་དགོངས་དོན་ལག་བསྟར་བྱས་ནས་ས་ གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་ གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་ བྱས་ནས་གྲོས་འཆམ་བྱུང་བ་རེད།
      ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་ བྱས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་ གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ ཁང་གི་ཚབ་བྱས་ཏེ་གསུང་བཤད་གནང་། མཚོ་ སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ ཞའོ་དང་། མགོན་པོ་བཀྲ་ཤིས། ཐེང་ཅ་ཚའེ། ལི་ ཅེ་ཞང་། ཝང་ཡུས་ཡན། ཡུས་ཚུང་ལེ། མཱ་ཅི་ཞའོ། དབྱིན་པེ་བཅས་ཚོགས་འདུར་ཞུགས། ཚང་འཛོམས་གྲོས་ཚོགས་ཐོགས་གནས་ བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་ བཅོས་སྐྱོང་ནུས་པ་དེ་ས་གནས་རིམ་པའི་ལག་ ལེན་དང་མཚོན་ཚུལ་ཞིག་ཡིན་ཞིང་། ཏང་གི་ཆབ་ སྲིད་འཛུགས་སྐྱོང་ལ་བརྟེན་ནས་ས་གནས་བཅོས་ སྐྱོང་ལ་གཅིག་འདོམས་བྱ་དགོས་པ་དང་། མཚོ་ སྔོན་གྱིས་རྒྱལ་ཁབ་བཅོས་སྐྱོང་གི་ཁྱོན་ཡོངས་ནས་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ གཟིགས་ཞིབ་མཛད་སྐབས་བསྟན་པའི“སྔོན་ གཅིག་མཐོ་གཉིས”ཞེས་པའི་འཐབ་ཇུས་ཀྱི་གོ་ གནས་བཟུང་ཡོད། བཅོས་སྐྱོང་ལམ་ལུགས་གསར་ གཏོད་ལ་སྐུལ་འདེད་གཏོང་བ་དང་ས་གནས་ཀྱི་ བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བར་དར་ཆ་ གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་ སྐྱོང་གཉིས”བྱེད་ཐུབ་པ་བྱ་རྒྱུ་དེ་ས་གནས་བཅོས་ སྐྱོང་གི་ཨང་དང་པོར་འཇོག་དགོས། ཐོག་མཐའ་ བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་ པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་ འཁྱོངས་བྱས་ནས། སློབ་སྦྱོང་ཁྲོད་ནས་བཅོས་ སྐྱོང་གི་ཁ་ཕྱོགས་འཚོལ་མཁས་པ་དང་། བཅོས་སྐྱོང་གི་རིག་ལམ་དང་བཅོས་སྐྱོང་གི་ཐབས་ཤེས་ བཙལ་ནས། རྒྱུན་ཆད་མེད་པར་མཚོ་སྔོན་བཅོས་ སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་ གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཀྲུང་ གོའི་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ ནས། ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་ཏང་གི་མགོ་ ཁྲིད་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ ཚང་དུ་གཏོང་བ་དང་།“སྲུང་སྐྱོང་གཉིས”ཀྱི་ ལམ་ལུགས་དང་ལམ་སྲོལ་ལག་བསྟར་རྒྱུན་ འཁྱོངས་དང་འཐུས་ཚང་དུ་གཏོང་བ། བསམ་བློ་ དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཐོག་ མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་ གཅིག་མཐུན་ཡོང་བ་བྱེད་དགོས། མི་དམངས་ལྟེ་ བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་ཐོག་ མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། མི་ དམངས་ཀྱི་འདོད་བློར་བརྩི་འཇོག་དང་། མི་ དམངས་ཀྱི་བློ་གྲོས་གཅིག་སྒྲིལ། མི་དམངས་ཀྱི་ སྟོབས་ཤུགས་གཅིག་སྒྲིལ། དམངས་འཚོ་ལེགས་ བཅོས་བཅས་བྱ་རྒྱུ་མཚོ་སྔོན་གྱི་ས་གནས་བཅོས་ སྐྱོང་གི་ལས་དོན་ཧྲིལ་པོར་ཁྱབ་པར་བྱས་ནས། རིགས་སོ་སོའི་མང་ཚོགས་རྣམས་བཅོས་སྐྱོང་ལས་ དོན་ཁག་གི་ནང་ཞུགས་མཁན་རྒྱ་ཆེ་ཤོས། ཕན་པ་ ཆེ་ཤོས་ཐོབ་མཁན། མཐའ་མའི་ཤན་འབྱེད་ མཁན་བཅས་སུ་འགྱུར་གང་ཐུབ་བྱ་དགོས། ཐོག་ མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་འདུ་ཤེས་ གསར་པ་རྒྱུན་འཁྱོངས་བྱས་ནས། ཡིད་འཇོག་ས་ དེ་དོ་མི་མཉམ་ཞིང་གང་ལེགས་མིན་པའི་གནད་ དོན་སྣ་ཚོགས་ཐག་གཅོད་ཀྱི་སྟེང་དུ་བཞག་ནས། གསར་གཏོད་ལ་བརྩི་མཐོང་དང་། མཐུན་སྦྱོར་ལ་ མཐོང་ཆེན། ལྗང་མདོག་དར་སྤེལ། སྒོ་འབྱེད་ཟབ་ འཛུགས། མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་ བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་ གཏོང་བར་ཤུགས་རྒྱག་དགོས། ཐོག་མཐའ་བར་ གསུམ་དུ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་རྒྱུན་ འཁྱོངས་དང་། བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་ སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ གཏོང་དགོས། ས་གནས་བཅོས་སྐྱོང་གི་ལས་དོན་ ཁག་ཁྲིམས་སྐྱོང་གི་ལམ་བུའི་ཐོག་བཅུག་ནས་ས་ གནས་བཅོས་སྐྱོང་ལམ་ལུགས་ཅན་དང་། གོ་རིམ་ ཅན། ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་སུ་ རིམ་བཞིན་མངོན་འགྱུར་བྱེད་དགོས། ཐོག་མཐའ་ བར་གསུམ་དུ་རྒྱལ་ཁབ་བཅོས་སྐྱོང་གི་སྤྱིའི་བཀོད་ སྒྲིག་དང་མཚོ་སྔོན་གྱི་ས་གནས་བཅོས་སྐྱོང་གསར་ གཏོད་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ ཏེ། མཚོ་སྔོན་གྱི་དམིགས་བསལ་གནས་ཚུལ་ལ་ གཞིགས་ནས། རྒྱལ་ཁབ་བཅོས་སྐྱོང་དང་ས་ གནས་བཅོས་སྐྱོང་ཟུང་འབྲེལ་བྱེད་གནས་བཙལ་ ཏེ། ས་གནས་བཅོས་སྐྱོང་གི་ལག་ལེན་ཁྲོད་རྒྱལ་ཁབ་བཅོས་སྐྱོང་གི་སླད་དུ་མཚོ་སྔོན་གྱི་ལེགས་ སྐྱེས་འབུལ་དགོས་ཞེས་བསྟན།
       ཚང་འཛོམས་གྲོས་ཚོགས་ཐོག དངོས་ཐོག་ བདེན་འཚོལ་གྱི་ཚན་རིག་དང་མཐུན་པའི་རྣམ་ འགྱུར་ངོས་ནས་ས་གནས་བཅོས་སྐྱོང་གི་ཆོས་ཉིད་ རང་བཞིན་ལ་ངོས་འཛིན་བྱེད་ཚད་གཏིང་ཟབ་ཏུ་ གཏོང་དགོས། ཐམས་ཅད་དོན་དངོས་ནས་མགོ་ རྩོམ་པ་དང་། རིགས་པའི་གཞུང་ལུགས་དང་དོན་ དངོས་ལ་ཟུང་འབྲེལ་བྱས་ནས། དངོས་ཐོག་ བདེན་འཚོལ་བྱེད་པ་དང། ལག་ལེན་ཁྲོད་བདེན་ དོན་ལ་ཞིབ་བཤེར་དང་འཕེལ་རྒྱས་སུ་གཏོང་ དགོས། དངོས་ཐོག་བདེན་འཚོལ་གྱིས་བཅོས་སྐྱོང་ གི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། ཡིད་ཆེས་ ནི་ལག་ལེན་ལས་བྱུང་བ་ཡིན། སྐབས་རིམ་བྱུང་གི་ ཞིང་ཆེན་ཏང་ཨུས་རྒྱ་ཆེའི་ལས་བྱེད་པ་དང་མང་ ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ས་གནས་བཅོས་ སྐྱོང་གི་ལག་ལེན་རྒྱུན་ཆད་མེད་པར་ཕུན་ཚོགས་ སུ་བཏང་སྟེ་མཚོ་སྔོན་གྱི་འཕེལ་རྒྱས་དང་ཡར་ ཐོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ལྷག་ པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ པ་ནས་བཟུང་། ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་ དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་ པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རླབས་ ཆེན་དར་ཆ་མཐོན་པོར་བསྒྲེངས་ནས།“ཕྱོགས་ལྔ་ གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ ཡོངས་བཞིའི”བཀོད་སྒྲིག་གི་བླང་བྱ་གཞིར་ བཟུང་ནས། མཚོ་སྔོན་གྱི་ས་གནས་བཅོས་སྐྱོང་ དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བསམ་ བློའི་རྨང་གཞི་བརྟན་པོ་དང་། ལམ་ལུགས་ཀྱི་རྨང་ གཞི་བརྟན་པོ། ཕུན་སུམ་ཚོགས་པའི་ལག་ལེན་གྱི་ རྨང་གཞི། བློ་གཏད་ཆོག་པའི་ལས་བྱེད་པ་དང་ ཤེས་ལྡན་པའི་རྨང་གཞི་བཅས་བཏིང་ཡོད། གྲུབ་ འབྲས་འདི་དག་ནི་རིན་ཐང་བྲལ་བའི་རྒྱུ་ནོར་ ཡིན། དངོས་ཐོག་བདེན་འཚོལ་གྱིས་བཅོས་སྐྱོང་ འགན་འཁྲི་འཁུར་ནུས་ཆེ་རུ་གཏོང་དགོས། ཐུན་ མོང་རང་བཞིན་གྱི་བླང་བྱ་ཁོང་དུ་ཆུད་དགོས་ པར་མ་ཟད། དམིགས་བསལ་རང་བཞིན་ལ་ དམིགས་ཏེ་ཐབས་ཇུས་འདོན་དགོས། སྐྱེ་ཁམས་ གནས་བབ་ཀྱི་དམིགས་བསལ་རང་བཞིན་དང་ འཕེལ་རྒྱས་ཆ་རྐྱེན་གྱི་དམིགས་བསལ་རང་ བཞིན། མི་རིགས་ལས་དོན་གྱི་དམིགས་བསལ་ རང་བཞིན། བདེ་འཇགས་འགན་འཁྲིའི་སྲུང་སྐྱོང་ གི་དམིགས་བསལ་རང་བཞིན། སྤྱི་ཚོགས་འཕེལ་ རྒྱས་ཀྱི་དམིགས་བསལ་རང་བཞིན་བཅས་ལ་ དམིགས་ཏེ་བཅོས་སྐྱོང་གི་འགན་འཁྲི་འཁུར་ནུས་ ཆེ་རུ་གཏོང་དགོས་ཤིང་། ས་གནས་བཅོས་སྐྱོང་གི་ མཚོ་སྔོན་གྱི་མ་དཔེ་འཛུགས་དགོས། དངོས་ཐོག་ བདེན་འཚོལ་གྱིས་བཅོས་སྐྱོང་གི་ལེའུ་ཡག་པོ་རྩོམ་ དགོས། རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ འགྱུར་ལྡོག་འགྲོ་བའི་དུས་བབ་ཀྱི་མདུན་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་ལ། ཏང་ཀྲུང་དབྱང་གིས་བཏོན་པའི་བརྡར་ཤ་གསར་ པ་དང་། བཀོད་སྒྲིག་གསར་པ། བླང་བྱ་གསར་པ་ རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་ ནས། སྟོབས་ཤུགས་གསོག་འཇོག་བྱེད་མཁས་པ་ དང་འགྱུར་ཤེས་འགྱུར་བསྟུན་བྱེད་མཁས་པ། “ཁྱོན་ཡོངས་གཉིས”སེམས་ལ་འཆང་ཞིང་། གོ་ སྐབས་གསར་པ་བཙལ་ཏེ་ལེའུ་གསར་པ་གཏོད་པ་ དང་། མཇུག་ལེགས་པར་བསྡུས་ཏེ། ས་གནས་ བཅོས་སྐྱོང་ལ་ཀྲུང་དབྱང་གི་ཁས་ལེན་དང་། མི་ དམངས་ཀྱི་ཁས་ལེན། ལོ་རྒྱུས་ཀྱི་ཁས་ལེན་བཅས་ འཐོབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
      ཚང་འཛོམས་གྲོས་ཚོགས་ཐོག སླེབས་སྲིད་ པའི་ཚད་གཞི་མཐོ་ཤོས་ལ་བརྟེན་ནས་ས་གནས་ བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཕྱོགས་ སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། ཟམ་མི་ ཆད་པར་བཅོས་སྐྱོང་གི་འདུ་ཤེས་གསར་གཏོད་ ཀྱིས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་བསམ་ གཞིགས་ཇེ་དྲག་ཏུ་གཏོང་བ་དང་སྦྲགས། མ་ལག་ བཅོས་སྐྱོང་གི་བསམ་གཞིགས་བྱེད་ཤུགས་ཆེ་རུ་ གཏོང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་གི་ བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་པའི་བསམ་ གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་ དགོས།
      ཏང་གི་གཅིག་གྱུར་མགོ་ཁྲིད་འོག་ཕྱོགས་སོ་ སོའི་སྟོབས་ཤུགས་དང་ཐོན་ཁུངས་གཅིག་ཏུ་ བསྡུས་ནས། ཏང་ཨུའི་མགོ་ཁྲིད་སྒྲིག་སྲོལ་དང་།སྲིད་གཞུང་གི་འགན་འཁུར་སྒྲིག་སྲོལ། དམངས་ གཙོའི་གྲོས་མོལ་སྒྲིག་སྲོལ། སྤྱི་ཚོགས་མཐུན་སྦྱོར་ སྒྲིག་སྲོལ། མང་ཚོགས་ཐེ་ཞུགས་ལམ་སྲོལ་བཅས་ འཐུས་ཚང་དུ་གཏོང་དགོས། བཅོས་སྐྱོང་ལམ་ སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་ ལས་བགོས་འགན་འཁུར་དང་མཐུན་སྦྱོར་སྐུལ་ འདེད་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་ འཐུས་སྒོ་ཇེ་ཚང་དུ་བཏང་ནས། འབྲེལ་མཐུད་ དམ་ཟབ་དང་འཁོར་སྐྱོད་བདེ་བླག་གི་བཅོས་སྐྱོང་ མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། རྒྱུན་ ཆད་མེད་པར་བཅོས་སྐྱོང་བྱེད་ཐབས་གསར་ གཏོད་དང་རང་སྐྱོང་གི་རྨང་གཞི་འདོན་སྤེལ་གྱི་ ནུས་པ་དང་། ཁྲིམས་སྐྱོང་འགན་སྲུང་གི་ནུས་པ། ཀུན་སྤྱོད་ཀྱིས་བཅོས་སྐྱོང་བྱེད་པ་དང་སྣེ་ཁྲིད་ པའི་ནུས་པ་བཅས་འདོན་སྤེལ་བྱས་ཏེ། ས་གནས་ བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བ་དང་བྱེད་ སྟངས་དང་བྱེད་ཐབས་བཅོས་སྒྱུར་བྱེད་པར་སྐུལ་ འདེད་གཏོང་དགོས། བཅོས་སྐྱོང་བྱེད་ཐབས་རྒྱུན་ ཆད་མེད་པར་གསར་གཏོད་བྱས་ནས། ཚན་རྩལ་ ལ་བརྟེན་ནས་ས་གནས་བཅོས་སྐྱོང་ལ་འདེགས་ སྐྱོར་བྱེད་པ་དང་། བཅོས་སྒྱུར་ལ་བརྟེན་ནས་ས་ གནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ཕྱི་ཤུགས་ལ་བརྟེན་ནས་ས་གནས་བཅོས་སྐྱོང་ལ་སྐུལ་ འདེད་གཏོང་བ་བཅས་བྱས་ཏེ་ལས་ཀའི་བྱེད་ ཐབས་དང་བཅོས་སྐྱོང་གི་ལས་སྟེགས་ཕུན་ཚོགས་ སུ་གཏོང་དགོས་ཞེས་ནན་གྱིས་བསྟན།
      ཚང་འཛོམས་གྲོས་ཚོགས་ཐོག ས་གནས་ བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་ འདེད་གཏོང་བར་ངེས་པར་དུ་འགལ་བ་གཙོ་བོ་ བཟུང་སྟེ། གཙོ་གནད་ལས་འགན་ཁ་གསལ་ བཟོས་ནས་གྲོང་ཁྱེར་དང་། གྲོང་གསེབ། འབྲོག་ ཁུལ་བཅས་ཀྱི་བཅོས་སྐྱོང་དེང་རབས་ཅན་དུ་སྐུལ་ འདེད་གཏོང་དགོས། གྲོང་ཁྱེར་བཅོས་སྐྱོང་བྱེད་ པའི་གཙོ་གནད་ནི་ཞིབ་ཚགས་ཡིན། འཆར་ འགོད་ཞིབ་ཚགས་དང་འཛུགས་སྐྲུན་ཞིབ་ཚགས། ཞབས་ཞུ་ཞིབ་ཚགས། དོ་དམ་ཞིབ་ཚགས་བཅས་ ལ་དམིགས་ནས། མེ་ཏོག་གཙག་དྲུབ་བྱེད་སྐབས་ ལྟ་བུའི་ཞིབ་ཚགས་དང་། ངང་རིང་། བློ་མཁས་ བཅས་ཀྱི་སྒོ་ནས་གྲོང་ཁྱེར་གྱི་ཞིབ་ཅིང་ཕྲ་བའི་ བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་སྔར་བས་དྲང་ གཞག་དང་སྟབས་བདེ། བྱེད་ནུས་པ། བདེ་ འཇགས། བསྟུན་མཁས་བཅས་ཀྱི་ཐོག་ནས་མཚོན་ ཐུབ་པ་བྱེད་དགོས། གྲོང་ཁྱེར་སྔར་བས་ལས་ཀར་ འཚམ་པ་དང་། འཚོ་སྡོད་ལ་འཚམ་པ། མི་ལ་ འཚམ་པ་བཅས་བྱ་དགོས། གྲོང་གསེབ་བཅོས་ སྐྱོང་གི་གཙོ་གནད་ནི་སྤུས་ལེགས་ཡིན། གྲོང་ གསེབ་ཀྱི་ཞིང་ལས་དང་ཞིང་པ་དེང་རབས་ཅན་ དུ་འགྱུར་བའི་དམིགས་འབེན་ལ་གཞིགས་ཏེ་གྲོང་ གསེབ་དར་རྒྱས་གཏོང་རྒྱུ་དེ་སྤྱིའི་འཛིན་བྱེད་དུ་ བྱེད་པ་དང་། ཕྱི་ནང་གཉིས་ཀ་མཛེས་པ་དོ་མཉམ་ པར་བྱེད་པ་དང་། ཞིང་གྲོང་དང་སྐྱེ་ཁམས། ཁོར་ ཡུག རང་བྱུང་བཅས་མཛེས་པ་དང་། ངལ་རྩོལ་ དང་ཐོན་སྐྱེད། འཚོ་བ་མཛེས་པ། མི་ཚུལ་དང་ འཆམ་མཐུན་ཁྱིམ་ཚང་རྣམས་མཛེས་པ། རྩ་ འཛུགས་དང་ཏང་ཡོན། རྣམ་པ་གསར་པའི་ཞིང་ པ་མཛེས་པར་བྱེད་དགོས། འབྲོག་ཁུལ་བཅོས་ སྐྱོང་གི་གཙོ་གནད་ནི་འབད་བརྩོན་ལྷོད་མེད་ ཡིན། འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་ནི་ རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང། ཁྲིམས་སྐྱོང་གི་སྙིང་སྟོབས། དྲང་གཞག་གསར་ གཏོད་ཀྱི་སྙིང་སྟོབས། མཚོ་བོད་ས་མཐོའི་སྙིང་ སྟོབས་བཅས་ནང་དོན་གཙོ་བོར་བྱེད་པའི་དུས་ རབས་ཀྱི་སྙིང་སྟོབས་དང་དཀའ་སྤྱད་འབད་ འཐབ་ཀྱི་སྙིང་སྟོབས་རྣམས་ཡིན། རྒྱལ་གཅེས་ རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་། ཁྲིམས་ སྐྱོང་གི་སྙིང་སྟོབས་ནན་སྲུང་། དྲང་གཞག་གི་ གསར་གཏོད་སྙིང་སྟོབས་མངོན་པ། མཚོ་བོད་ས་ མཐོའི་སྙིང་སྟོབས་རྒྱུན་འཛིན་བཅས་བྱས་ནས། འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་ཀྱིས་འབྲོག་ ཁུལ་བརྟན་སྲུང་དང་། འབྲོག་ཁུལ་བཅོས་སྐྱོང་ བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།
      ཚང་འཛོམས་གྲོས་ཚོགས་ཐོག མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱ་རྒྱུ་གཙོ་གནད་ དུ་བཟུང་སྟེ་ས་གནས་བཅོས་སྐྱོང་བརྟན་པོའི་ངང་ ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་ དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་ འཛུགས་ཀྱིས་ཆབ་སྲིད་ཀྱི་མགོ་ཁྲིད་ནུས་པ་དང་།བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་རྩ་ འཛུགས་ཀྱི་ནུས་པ། སྤྱི་ཚོགས་འབོད་སྐུལ་གྱི་ནུས་ པ་བཅས་ཆེ་རུ་བཏང་ནས། རྒྱ་ཆེའི་ཏང་ཡོན་ དང་། ལས་བྱེད་པ། ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་ བཅས་སྒྲིག་འཛུགས་ནུས་ལྡན་བྱས་ནས། རྒྱ་ཆེའི་ མི་དམངས་མང་ཚོགས་རྒྱ་ཁྱབ་ངང་གོང་བུ་གཅིག་ ཏུ་བསྒྲིལ་ནས། མཚོ་སྔོན་གྱི་ས་གནས་བཅོས་སྐྱོང་ ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ ཞིག་ཆགས་པར་བྱེད་དགོས། རིམ་པ་སོ་སོའི་ཏང་ ཨུ་དང་སྲིད་གཞུང་གིས་འགན་འཁྲི་གཟབ་ནན་དུ་ གཏོང་བ་དང་། ལམ་སྲོལ་འཐུས་ཚང་དུ་གཏོང་ བ། སྒྲིག་འཛུགས་ཞིབ་ཚགས་སུ་བཏང་སྟེ། སྤྱི་ ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཁྲིམས་ ལྟར་སྒྲིག་སྲོལ་དང་སྒྲིག་ཡིག་ལ་གཞིགས་ནས་སྲོལ་ ཡིག་ལྟར་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་བློ་ ཁ་གཅིག་མཐུན་གྱི་བཅོས་སྐྱོང་མཉམ་ཤུགས་ཤིག་ ཆགས་པར་བྱེད་དགོས། ལམ་ལུགས་ལག་བསྟར་ བྱ་ན། ལམ་ལུགས་ལག་བསྟར་དང་ལྟ་སྐུལ་བྱ་རྒྱུ་དེ་ ས་ཁོངས་བཅོས་སྐྱོང་དང་། སྡེ་ཁག་བཅོས་ སྐྱོང་། ལས་རིགས་བཅོས་སྐྱོང་། གཞི་རིམ་བཅོས་ སྐྱོང་། སྡེ་ཚན་བཅོས་སྐྱོང་བཅས་ཀྱི་བརྒྱུད་རིམ་ ཧྲིལ་པོར་ཁྱབ་པར་བྱས་ནས། ལམ་ལུགས་ལ་དུས་ དང་རྣམ་པ་ཀུན་ཏུ་ཟིལ་ཤུགས་ཐོན་པ་དང་གང་ སར་ཕན་འབྲས་ཐོན་པར་འགན་ལེན་བྱེད་ དགོས། བཅོས་བསྒྱུར་གསར་གཏོད་བྱེད་ ན། བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་ བརྟེན་ནས་བཅོས་སྐྱོང་འདུ་ཤེས་དང་། བཅོས་ སྐྱོང་བྱེད་སྟངས། བཅོས་སྐྱོང་བྱེད་ཐབས་བཅས་ ལ་གསར་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ རྒྱུན་འཁྱོངས་དང་། གནད་དོན་ཆུང་བར་བཅོས་ སྐྱོང་ཆེན་པོ་བྱེད་པ་རྒྱུན་འཁྱོངས། གཞི་རིམ་གྱི་ གསར་གཏོད་ལ་སྐུལ་མ་བཏང་ནས། ཧུར་ཐག་ གིས་ནུས་ཕྱོད་ཆེ་བའི་བཅོས་སྐྱོང་གི་མཚོ་སྔོན་གྱི་ ཐབས་ལམ་འཚོལ་ཞིབ་བྱེད་དགོས། ནུས་པ་ཆེ་རུ་ བཏང་ནས་བསམ་བློ་ཞུན་བརྡར་དང་། ཆབ་སྲིད་ སྦྱོང་བརྡར། ལག་ལེན་སྦྱོང་བརྡར། ཆེད་ལས་སྦྱོང་ བརྡར་བཅས་ལ་ཤུགས་སྣོན་དགོས། བཅོས་སྐྱོང་ བྱེད་ཤེས་པ་དང་བཅོས་སྐྱོང་བྱེད་མཁས་ པ། བཅོས་སྐྱོང་བྱེད་ཕོད་པ་བཅས་ཀྱི་ལས་བྱེད་པ་ དང་ཤེས་ལྡན་མི་སྣ་མགོ་ཁྲིད་ཚན་པའི་ནང་ བསྣན་ནས། སྤྱོད་ཚུལ་སྔར་བས་ཇེ་ལེགས་སུ་ བཏང་ནས་ས་གནས་བཅོས་སྐྱོང་གི་བརྗིད་ཆེའི་ ལྕགས་རི་བསྐྲུན་དགོས་ཞེས་རེ་འདུན་བཏོན།
        ཚང་འཛོམས་གྲོས་ཚོགས་ཐོག ད་ལོ་ནི་ དམིགས་བསལ་གྱི་ལོ་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཐམས་ཅད་ཀྱིས་དཀའ་སྤྱད་ཚད་མེད་ ཀྱི་འབད་བརྩོན་བྱས་ཏེ། རིམས་ནད་སྔོན་འགོག་ ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ངང་ཇེ་ལེགས་ སུ་ཕྱིན་པ་དང་། དཔལ་འབྱོར་འཁོར་སྐྱོད་གཞི་ རྩའི་ཆ་ནས་རྒྱུན་ལྡན་ཡིན་པ་དང་། སྤྱི་ཚོགས་ཁྱོན་ ཡོངས་བརྟན་འཇགས་འཆམ་མཐུན་ཡིན་ ཞིང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་ འཚོ་བའི་དགེ་མཚན་མཐུན་རྐྱེན་རྒྱུན་ཆད་མེད་ པར་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཐོབ་པའི་གྲུབ་ འབྲས་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་ པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་གཅིག་ འདོམས་དང་མགོ་ཁྲིད་སྟོབས་ལྡན་གནང་བའི་ འབྲས་བུ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་མི་ རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་ཐོག་ འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུ་ ཡིན། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་ དང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ ཐོག་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་ བྱ་དགོས། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ ཀྱི་ལས་འགན་ཨང་དང་པོར་དམ་འཛིན་དང་། ཕྱོགས་ བསྡུས་ཇུས་འདོན་རྒྱུན་འཁྱོངས་བྱེད་པ། སྤྱི་ ཚོགས་ཀྱི་སྤྱི་ཡོངས་བརྟན་འཇགས་ལ་འགན་ལེན་ བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པར་དོ་སྣང་ དང་། ཐོག་མཐའ་བར་གསུམ་དུ་བཅོས་སྐྱོང་མ་ ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་བྱེད་ ཤུགས་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་ གསུམ་དུ་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ ཉམས་འགྱུར་རྒྱུན་འཁྱོངས་བྱ་དགོས། གཙོ་གནད་ དམ་འཛིན་དང་། གཡུལ་ཆེན་བཤམས་པ། འགག་ གནད་སྒྲོལ་བ་བཅས་བྱས་ནས། ནུས་ཤུགས་ཡོད་ རྒུས་ལོ་སྨད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་ འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“རྒྱལ་ཁ་ ཟུང”ལེན་པར་བརྩོན་ལེན་བྱེད་དགོས་ཞེས་ བསྟན།
       ཚང་འཛོམས་གྲོས་ཚོགས་ཐོག གཙོ་གནད་ ལས་འགན་དོན་འཁྱོལ་ཡག་པོ་བྱེད་དགོས་ ན། ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་དང་མཉམ་ དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ བསྐྲུན་ཐུབ་པའི་མཚོ་སྔོན་གྱི་བྱ་སྤྱོད་ལག་བསྟར་ ཡག་པོ་བྱེད་པ་དང་། ལག་རྩལ་གསར་པ་ དང་། ཐོན་ལས་གསར་པ། ལས་རྣམ་གསར་ པ། བྱེད་སྟངས་གསར་པ་བཅས་ལ་དངོས་སྒྲུབ་ ཞིབ་འཇུག་དང་ཇུས་འགོད་བྱེད་དགོས། ཁེ་ལས་ ལ་ཕན་པའི་ཁེ་ལས་ཀྱི་སྲིད་ཇུས་ཁག་ཁྱོན་ཡོངས་ ནས་ལག་བསྟར་བྱེད་དགོས་ལ། ནན་ཏན་སྒོས་ རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་སྐབས་ མཚོ་སྔོན་གྱི་འཐུས་མིའི་ཚོགས་པ་དང་། མཚོ་སྔོན་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཇུས་གཞི་ དང་། གྲོས་གཞི། གྲོས་འགོ་བཅས་སྣ་ཚོགས་བསྒྲུབ་ པར་དམ་འཛིན་བྱས་ཏེ། མུ་མཐུད་དུ་རྒྱལ་ཁབ་ཀྱི་ པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱི་ལས་དོན་དང་ སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ ལྡོག་འདྲེན་གནད་དོན་དག་ཐེར་ཡོ་བསྲང་ཐེངས་ གཉིས་དམ་འཛིན་ལེགས་པོ་བྱེད་དགོས། རྒྱལ་ ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ཡག་པོ་ བྱེད་པ་དང་། ནག་སེལ་ངན་འཇོམས་ཀྱི་ཆེད་དོན་ འཐབ་རྩོད་གཏིང་ཟབ་ཏུ་སྤེལ་དགོས། དམངས་ འཚོའི་བྱ་བ་དངོས་ཀྱི་བཟོ་སྐྲུན་ལ་མགྱོགས་མྱུར་ དུ་སྐུལ་འདེད་གཏོང་དགོས། ནན་ཏན་སྒོས་ འབྲུབ་འགོག་གནས་ཚུལ་ལ་ཁ་གཏད་གཅོག་པའི་ ལས་དོན་ཁག་ལེགས་པར་བསྒྲུབས་ནས། གྲོང་ ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ དར་རྒྱས་ཡོང་རྒྱུར་གཅིག་གྱུར་འཆར་འགོད་བྱེད་ པ་དང་། ལན་ཞི་གྲོང་ཁྱེར་ཁྱུ་ཚོགས་གཞི་གཅིག་ ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་བྱེད་ ཚད་ཇེ་མགྱོགས་སུ་གཏོང་དགོས། རྣམ་གྲངས་ གལ་ཆེན་ལག་བསྟར་ཡག་པོ་བྱས་ནས་མ་འཇོག་ གི་གཞི་རྩའི་སྡེར་མ་བརྟན་པོ་ཡོང་བ་བྱེད་དགོས་ ལ། དཔལ་འབྱོར་གྱི་གཞི་རྩའི་གནས་ཚུལ་བརྟན་ པོ་ཡོང་བ་བྱས་ནས་དམངས་འཚོའི་གཞི་རྩའི་རྨང་ གཞི་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་སྲིད་ ཇུས་ཁྲིད་ཕྱོགས་ལ་དམ་པོར་གཞིགས་ཏེ།“གསར་ པ་གཉིས་དང་གཙོ་གནད་གཅིག”གི་འགག་རྩའི་ ཁྱབ་ཁོངས་ལ་རྩེ་གཅིག་ཏུ་དམིགས་ནས། རྣམ་ གྲངས་ཀྱི་དུས་མགོའི་ལས་དོན་ལ་ཤུགས་བརྒྱབ་ ནས་རྣམ་གྲངས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་ བའི་འགག་སྒྲོལ་ལ་དམ་འཛིན་ནན་མོ་བྱེད་པ་ དང་། དམག་དམངས་གཅིག་འདྲེས་ཀྱི་རྣམ་ གྲངས་ལ་ཇུས་འགོད་དང་ལག་བསྟར་ལེགས་པར་ བྱས་ནས། རྣམ་གྲངས་མ་དངུལ་གྱི་དགོས་མཁོར་ འགན་ལེན་བྱེད་དགོས། བཅོས་སྒྱུར་གལ་ཆེན་ལ་ སྐུལ་འདེད་ལེགས་པར་གཏོང་ན།“གློད་སྡོམ་ ཞབས་གསུམ”གྱི་བཅོས་སྒྱུར་གཏིང་ཟབ་ཏུ་ བཏང་ནས། གཞུང་ཁོངས་ཁེ་ལས་བཅོས་སྒྱུར་གྱི་ དཀའ་གནད་ལས་སྒྲོལ་རྒྱུར་སྐུལ་འདེད་གཏོང་བ་ དང་། ནོར་ཁྲལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་ བ། བློ་བརྟན་འགྱུར་མེད་ངང་སྒོ་འབྱེད་རྒྱ་ཆེར་ གཏོང་བ་བཅས་བྱས་ཏེ། ཏང་གི་སྐབས་བཅོ་ བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་ ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་ བཅོས་སྒྱུར་ལས་འགན་ཆད་ལུས་མེད་པར་ལེགས་ པར་བསྒྲུབ་དགོས། བྱེད་སྒོ་གལ་ཆེན་ལ་སྒྲིག་ འཛུགས་ལེགས་པོ་བྱེད་དགོས་ན། ནུས་ཤུགས་ ཡོད་རྒུས་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གན་འཇོག་རྣམ་གྲངས་རྗེས་འདེད་ཞབས་ ཞུར་ཤུགས་སྣོན་བརྒྱབ་ནས་འགྲེམ་ཚོགས་དང་ གླེང་སྟེགས་རྣམས་ལེགས་པར་གཉེར་བ་དང་ཧུར་ ཐག་གིས་དེར་ཞུགས་དགོས། མཉམ་ལས་སྒྲོམ་ གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུར་སྐུལ་ འདེད་བཏང་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་ པའི་ལོ་འཁོར་བཅུའི་བྱེད་སྒོ་ལེགས་པར་བསྒྲུབས་ པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་པུའུ་ཨུ་ དང་། ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ ལས་བཅས་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་རྒྱག་ དགོས་ལ། རིམས་ནད་སྔོན་འགོག་དང་ཚོད་ འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པའི་ རྨང་གཞིའི་ཐོག་རིག་གནས་ཡུལ་སྐོར་བྱེད་སྒོ་སྒྲིག་ འཛུགས་ཡག་པོ་བྱེད་དགོས། གལ་ཆེའི་ཚོགས་ འདུར་གྲ་སྒྲིག་ལེགས་པོ་བྱེད་དགོས་ན། ལས་དོན་ གལ་ཆེན་ལ་ཞིབ་འཇུག་ལེགས་པོ་དང་། འཆར་ འགོད་གལ་ཆེན་ལ་ཇུས་འགོད་ལེགས་པོ། གཙོ་ གནད་ལས་འགན་ལ་བཀོད་སྒྲིག་ལེགས་པོ་ བཅས་བྱས་ནས་ལས་དོན་ཁག་ལ་འཕེལ་རྒྱས་ ག ས ར ་ པ ་ ཡོ ང ་ རྒྱུ ར ་ སྐུ ལ ་ འ དེ ད ་ ག ཏོ ང ་ དགོས། ཏང་འཛུགས་སྐྱོང་ལས་དོན་གྱི་གྲུབ་ འབྲས་གལ་ཆེན་བེད་སྤྱོད་ལེགས་པོ་བྱེད་ དགོས། ནན་ཏན་སྒོས་དུས་རབས་གསར་པའི་ ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱས་ ནས། ཆབ་སྲིད་ཀྱི་སྤྱི་འདོམས་མངོན་གསལ་དོད་ པོ་ཡོང་བ་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་ འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་ བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ དཔེ་སྟོན་ཞིང་ཆེན་གསར་འཛུགས་ཀྱི་ལས་དོན་ གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་བདེ་ འཇགས་ཀྱི་སྤྱིའི་ལྟ་བ་ལག་བསྟར་གཏིང་ཟབ་ བྱེད་པ་དང་། མང་ཚོགས་ཀྱི་བྱ་བའི་སྒྲིག་སྲོལ་ དང་ལམ་སྲོལ། བྱེད་སྟངས་དང་བྱེད་ཐབས་ བཅས་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ། “སྲུང་སྐྱོང་གཉིས”ལ་དམིགས་ནས་ཆབ་སྲིད་ཀྱི་ ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་ གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག རིམ་པ་ཁག་ གི་ཏང་ཨུ(ཏང་ཙུའུ)ཡིས་ཐེངས་འདིའི་གྲོས་ ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ ཡག་པོ་བྱ་རྒྱུ་དེ་ད་ལྟ་དང་ཕྱིན་ཆད་དུས་སྐབས་ ཤིག་རིང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ ནས། སློབ་སྦྱོང་གིས་དོན་འཁྱོལ་ལ་སྣེ་ཁྲིད་བྱ་ དགོས་པ་དང། བརྟག་ཞིབ་ལ་བརྟེན་ནས་དོན་ འཁྱོལ་གཏིང་ཟབ་དང་། དྲིལ་བསྒྲགས་ལ་བརྟེན་ ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་ལ་བརྟེན་ནས་དོན་འཁྱོལ་འགན་ལེན་ བྱས་ཏེ། ཚོགས་འདུའི་དགོངས་དོན་དོན་འཁྱོལ་ དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་ ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག བློ་མཐུན་ཞི་ ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་ པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་ པོར་བསྒྲེངས་ནས། ཏན་ཏན་ཏིག་ཏིག་སྒོས་ཆབ་ སྲིད་ཀྱི་འགན་འཁྲིའི་འཁུར་སེམས་དང་ལོ་རྒྱུས་ཀྱི་ ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། བློ་རྩ་ བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། དཀའ་ སྤྱད་འབད་བརྩོན་གྱིས་གསར་གཏོད་སྲོལ་འབྱེད་ བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་ དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་ རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ ཕུགས་འདུན་མངོན་འགྱུར་བྱེད་ཆེད་ལེགས་སྐྱེས་ གསར་པ་སྔར་ལས་ཆེ་བ་འབུལ་དགོས་ཞེས་འབོད་ སྐུལ་བྱས། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ ཨུ་ཡོན་ཚོགས་འདུར་ཞུགས་ཡོད། ཞིང་ཆེན་ཨུ་ ལྷན་གྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ ལྷན་གྱི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིང་ཆེན་ སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་བཅས་ཡིན། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ རྒྱུན་ལས་ཨུ་ཡོན་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ གི་ཨུ་ཡོན། གྲོང་ཁྱེར་དང་ཁུལ་དག་གི་ཏང་སྲིད་ འགན་འཁུར་བློ་མཐུན་གཙོ་བོ་དང་། རྫོང་(གྲོང་ ཁྱེར་དང་། ཆུས། བཟོ།)ཁག་གི་ཏང་ཨུའི་ཧྲུའུ་ ཅི་བཅས་ཀྱི་འགན་འཁུར་བློ་མཐུན་དང་། ཞིང་ ཆེན་ཏང་ཨུའི་པུའུ་ཨུ་ཁག་དང་། ཞིང་ཆེན་ཐད་ གཏོགས་ལས་ཁུངས་དང་སྡེ་ཚན་ཁག མི་ དམངས་ཚོགས་པ་ཁག་དང་མང་ཚོགས་ཚོགས་ པ། མཐོ་རིམ་སློབ་གྲྭ། མཚོ་སྔོན་དུ་བཅའ་སྡོད་ བྱེད་པའི་ཀྲུང་དབྱང་ལས་ཁུངས། ཞིང་ཆེན་གྱིས་ དོ་དམ་བྱེད་པའི་ཁེ་ལས་ཀྱི་ཏང་ཙུའུ(ཏང་ ཨུ)ཡི་འགན་འཁུར་བློ་མཐུན་གཙོ་བོ་དང་། རང་ རེའི་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་ པར་ཞུགས་མཁན་འཐུས་མི་དང་། ཞིང་ཆེན་ཁག་ གཅིག་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་ གསུམ་པའི་འཐུས་མི་ཚོགས་འདུར་ཟུར་ཞུགས་གནང་ཡོད།