གཞུང་ལམ་གྱི་དགོས་མཁོ་ཤེས་པ·གཞུང་ལམ་ལ་གཅེས་སྤྲས་བྱེད་པ·གཞུང་ལམ་ལ་སྲུང་སྐྱོབ་བྱེད་པ། “བདེ་འཇགས་ཀྱི་མཚོ་བོད་ལམ་ཐིག”མཉམ་སྐྲུན་བྱེད་པ།

1.ལྕགས་ལམ་གྱི་བརྡ་རྟགས་གློག་སྒྲོན་གྱིས་མཚོན་ཚུལ་ཇི་འདྲ་ཞིག་ཡིན་ནམ།

གློག་སྒྲོན་དམར་པོ——ལམ་ཐིག་དེ་ལས་མེ་འཁོར་སོང་མི་ཆོག་པའི་བརྡ་རྟགས་གློག་སྒྲོན།

གློག་སྒྲོན་ལྗང་ཁུ——མེ་འཁོར་འབབ་ཚིགས་ལས་ལམ་ལ་ཆས་ཆོག་པའི་ཆོག་མཆན་དང་མདུན་ཕྱོགས་སུ་མ་མཐའ་ཡང་བཀག་འགོག་བྱེད་ཡུལ་གྱི་བར་སྟོང་མི་འདྲ་བ་གཉིས་ཡོད་པ་མཚོན།

གློག་སྒྲོན་སེར་པོ——མེ་འཁོར་འབབ་ཚིགས་ལས་ལམ་ལ་ཆས་ཆོག་པའི་ཆོག་མཆན་དང་མདུན་ཕྱོགས་སུ་མ་མཐའ་ཡང་བཀག་འགོག་བྱེད་ཡུལ་གྱི་བར་སྟོང་གཅིག་ཡོད་པ་མཚོན།

2.ལམ་ཐིག་ལ་སྲུང་སྐྱོབ་བྱེད་པའི་དུས་ཚོད་གལ་ཆེན་ནི་ནམ་ཞིག་ཡིན་ནམ།

ལོ་གཅིག་གི་ནང་དུ་ལམ་ཐིག་ལ་སྲུང་སྐྱོབ་བྱེད་པའི་དུས་ཚོད་གལ་ཆེན་ནི་དབྱར་དགུན་གནང་གི་དུས་ཡུན་ནང་ཡིན་ལ། རྒྱལ་ནང་དང་རྒྱལ་སྤྱིའི་བྱེད་སྒོ་གལ་ཆེན། རྒྱལ་ཁབ་ཀྱིས་ཚོགས་འདུ་གལ་ཆེན་འཚོག་པའི་དུས་སྐབས་སོགས་ཡིན། ཟླ་བ་གཅིག་ནི་ནང་ནས་དུས་ཚོད་གལ་ཆེན་ནི་གུང་གསེང་དང་གཟའ་མཇུག་ཡིན། ཉིན་གཅིག་གི་ནང་ནས་དུས་ཚོད་གལ་ཆེན་ནི་མེ་འཁོར་མང་པའི་དུས་དང་ལས་ཚོགས་ལ་ཞུགས་པ་ནས་གྲོལ་བའི་སྐབས། སློབ་གྲྭ་གྲོལ་བའི་དུས་སྐབས། རྒྱལ་སྤྱིའི་མེ་འཁོར་སྐྱོད་པ། ཡུལ་སྐོར་བའི་མེ་འཁོར་སྐྱོད་པ། ཉེན་སྲུང་མི་སྣའི་མེ་འཁོར་སྐྱོད་པ། མེ་འཁོར་གལ་ཆེན་སྐྱོད་པ་བཅས་ཀྱི་དུས་སྐབས་ཡིན།

3.ལྕགས་ལམ་ལ་གནོད་འཚེ་ཐེབས་སླ་བའི་བདེ་སྲུང་ཆེན་པོ “བརྒྱད”ནི་གང་དག་ཡིན་ནམ།

(1) རྒྱག་པ། འཁོར་སྒམ་སོ་སོའི་མཐུད་སྒོ་བརྒྱབ་པ། མེ་འཁོར་གྱི་འཁོར་སྒགས་ནུས་པ་ཞན་པར་གྱུར་སྟེ་ནུས་པ་མེད་པར་འགྱུར་བ།

(2) འཁྱེར་བ། འཁོར་སྒམ་འཐེན་སྤྱད་ཀྱི་ལྕགས་ཀྱུ་འཁྱེར་པ། མེ་འཁོར་གྱི་འཁོར་སྒམ་བྲལ་སླ་བ།

(3) བཏོགས་པ། འཁོར་སྒོའི་ལྕགས་འཛེར་བཏོགས་པ། འཁོར་ལོའི་ཁ་ལོ་སྒྱུར་བྱེད་ལྷུང་སླ་བ་དང་འཁོར་སྒགས་ཀྱི་ནུས་པ་ཉམས་སྲིད་པ།

(4) བཤིགས་པ། ལྕགས་ལམ་སྟེང་གི་མེ་འཁོར་འགྲོ་སྐྱོད་སྒྲིག་ཆས་བཤིགས་པ།

(5) འཇོག་པ། འགོག་རྐྱེན་དངོས་པོ་འདྲ་མིན་སྣ་ཚོགས་ལྕགས་ལམ་སྟེང་འཇོག་དགོས་པ།

(6) རྡུང་བ། མེ་འཁོར་ལ་རྡུང་རྡེག་བྱེད་པ།

(7) བརྐུ་བ། ལྕགས་ལམ་སྟེང་གི་སྐྱེལ་འདྲེན་དངོས་ཟོག་བརྐུ་འཁྱེར་བྱེད་པ།

(8) གཅོད་པ། ལྕགས་ལམ་གྱི་གློག་སྐུད་སོགས་བརྡ་འཕྲིན་སྒྲིག་ཆས་དང་བརྡ་འཕྲིན་རྒྱུ་ཆ་འདྲ་མིན་བརྐུ་འཁྱེར་དང་གཅོད་འབྲེག་བྱེད་པ།

4.མེ་འཁོར་འབབ་ཚུགས་སུ་མེ་འཁོར་ལ་སྡོད་སྐབས་དངོས་རྫས་གང་དག་འཁྱེར་མི་རུང་ངམ།

འགས་སླ་བའི་དངོས་རྫས་དང་འབར་སླ་བའི་དངོས་རྫས། འབར་སླ་བའི་སྲ་གཟུགས་དངོས་པོ། གནོན་བཙུར་རླངས་གཟུགས། རང་འབར་རླངས་གཟུགས། གནོད་ལྡན་དུག་རྫས། རུལ་འགྱུར་ཅན་གྱི་དངོས་རྫས། འགྱེད་འཕྲོ་ཅན་གྱི་དངོས་རྫས། དབྱང་འགྱུར་གཤེར་ཁུ། ཆུར་འཕྲད་འབར་སླའི་དངོས་རྫས།

5.སོ་སྲུང་མེད་པའི་ལྕགས་ལམ་གྱི་ལམ་མདོ་བརྒྱུད་སྐབས་ཅི་ཞིག་བྱེད་དགོས་སམ།

རླངས་འཁོར་དང་མི་སོགས་འགྲོ་སྐབས་ངེས་པར་དུ་བསྡད་ནས་རྒྱང་ལྟ་བྱེད་དགོས་ཤིང་། བདེ་འཇགས་ཡིན་པ་གཏན་ཁེལ་བྱས་རྗེས་ད་བཟོད་འགྲོ་ཆོག

“གཅིག་ནས་འདུག་པ་དང་གཉིས་ནས་ལྟ་བ། གསུམ་ནས་འགྲོ་བ”བཅས་ཡིན།

6.ལྕགས་ལམ་ལ་ལྟ་སྲུང་དྲིལ་སྒྲོག་བྱེད་པའི་སློབ་གསོའི་ཁ་གཏད་ཡུལ་ནི་གང་ཡིན་ནམ།

ལྕགས་ལམ་ལམ་རྒྱུད་ཡོངས་ཀྱི་ལས་བྱེད་མང་ཚོགས་ཚང་མ་ནི་དྲིལ་སྒྲོག་སློབ་གསོའི་ཁ་གཏད་ཡུལ་ཡིན། གཙོ་བོ་ནི་ལྕགས་ལམ་ལམ་རྒྱུད་ཀྱི་སྤྱི་ལེ་ལྔའི་ནང་རོལ་གྱི་སྡེ་བའི་སྡེ་མི། སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་སྤྱི་ཚོགས་སྟེང་གི་ལས་ཀ་མེད་པའི་ན་གཞོན། ཁྲིམས་འགལ་ཡང་མོ་བཟོས་མྱོང་བའི་ཉེས་ཅན་མི་སྣ། མི་སྣ་གླེན་པ་དང་སྨྱོ་ནད་ཅན་ཡོད་པའི་ཁྱིམ་ཚང་བཅས་ཡིན།

7.ལྕགས་ལམ་ལམ་སྲུང་མཉམ་འབྲེལ་བྱ་བའི་འགན་འཁྲི་གཙོ་བོ་ནི་ཅི་ཞིག་ཡིན་ནམ།

ལྕགས་ལམ་དང་འབྲེལ་བ་ཡོད་པའི་བདེ་སྲུང་གནད་དོན་སྔོན་འགོག་དང་ཐག་གཅོད་བྱེད་པ། དེའི་ཁོངས་སུ་ལྕགས་ལམ་གྱི་སྐྱེལ་འདྲེན་དངོས་ཟོག་བརྐུ་འཁྱེར་དང་ལྕགས་ལམ་གྱི་རྒྱུ་ཆ་བརྐུ་འཁྱེར། ལྕགས་ལམ་གྱི་སྒྲིག་ཆས་ལ་གནོད་འཚེ་བཟོས་པ་སོགས་འདུས། མེ་འཁོར་བདེ་འཇགས་ངང་སྐྱོད་པར་གནོད་སྐྱོན་ཐེབས་པའི་གནད་དོན་སྔོན་འགོག་དང་ཐག་གཅོད་བྱེད་པ། དེའི་ཁོངས་སུ་ལམ་བར་དུ་འགོག་རྐྱེན་བཟོས་པ་དང་མེ་འཁོར་ལ་རྡོ་སོགས་ཀྱིས་རྒྱག་པ། སྒོ་ཕྱུགས་མེ་འཁོར་གྱི་འཁོར་ལམ་དུ་འགྲོ་བ་སོགས་འདུས། འབྲེལ་ཡོད་སྡེ་ཁག་གི་རོགས་རམ་འོག་ཚོགས་སྤྱི་རང་བཞིན་གྱིས་ལྕགས་ལམ་འགོག་པ་དང་བཤིགས་པ། མེ་འཁོར་བཀག་འགོག་སོགས་ཀྱི་གནད་དོན་སྔོན་འགོག་དང་ཐག་གཅོད་བྱེད་རྒྱུ་དེ་ཡིན།

8.ལྕགས་ལམ་ལམ་སྲུང་གི་མཉམ་སྲུང་བྱ་བ་ཞེས་པ་དེ་ཅི་ཡིན་ནམ།

ལྕགས་ལམ་ལམ་སྲུང་གི་མཉམ་སྲུང་བྱ་བ་ཞེས་པ་དེ་ནི་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཐབས་ལ་བརྟེན་ནས། སྤྱི་ཚོགས་སྟེང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་ཁོངས་མི་རྩ་འཛུགས་དང་གཅིག་བསྡུས་རྩ་འཛུགས་བཅས་ཀྱིས་མི་དམངས་མང་ཚོགས་ཀྱིས་ལྕགས་ལམ་གྱི་བདེ་སྲུང་ལ་འགེབས་སྲུང་དང་མེ་འཁོར་བདེ་འཇགས་ངང་བསྐྱོད་པར་ཁག་ཐེག་བྱེད་པའི་བྱ་བ་དེ་ལ་ཟེར། མཚོ་བོད་ལྕགས་ལམ་ནི་རང་རྒྱལ་གྱིས་དུས་ཡུན་ལོ་ངོ5ཡི་རིང་ལ་མ་དངུལ་སྒོར་དུང་ཕྱུར300ལྷག་བཏང་ནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་འཛམ་གླིང་སྟེང་མཚོ་ངོས་ལས་ཆེས་མཐོ་ཤིང་ལམ་ཐིག་ཆེས་རིང་བ། འཁྱག་ཀློང་འཕྲེད་བརྒལ་གྱི་བརྒྱུད་ལམ་ཆེས་རིང་བའི་མཐོ་སྒང་གི་ལྕགས་ལམ་ཤིག་ཡིན་པས། འཛམ་གླིང་གི་མི་རྣམས་ཀྱིས་དེ་ལ“མཁའ་ལམ”ཞེས་བསྔགས་བཞིན་ཡོད།

མཚོ་བོད་ལྕགས་ལམ་ནི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ནས་བོད་ལྗོངས་བོད་རིགས་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་བར་དུ་ཡོད་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ1956ཡོད། དེའི་ཁྲོད་ཟི་ལིང་ནས་ན་གོར་མོ་བར་གྱི་རིང་ཚད་ལ་སྤྱི་ལེ814དང་དེ་ནི1984ལོར་གསར་སྐྲུན་ཤར་གཏོང་བྱས་པ་རེད།

དེ་ནི་མདོ་དབུས་མཐོ་སྒང་དང་ནང་ཁུལ་གྱི་ཞིང་ཆེན་སོ་སོར་མཐུད་སྦྲེལ་བྱས་པའི་ཆབ་སྲིད་ཀྱི་ལམ་ཐིག་དང་དཔལ་འབྱོར་གྱི་ལམ་ཐིག རྒྱལ་སྲུང་གི་ལམ་ཐིག མཐུན་སྒྲིལ་གྱི་ལམ་ཐིག་བཅས་ཡིན་པས་ཤུགས་རྐྱེན་གཏིང་ཟབ་ལ། དོན་སྙིང་གལ་ཆེན་ལྡན།

རང་ཞིང་གི་ལྕགས་ལམ་ལམ་རྒྱུད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྤྱི་ཚོགས་འཆམ་མཐུན་བརྟན་སྲུང་ལ་མཐོང་ཆེན་བྱས་ཏེ། ཧུར་ཐག་སྒོས་ལྕགས་ལམ་ལམ་སྲུང་གི་མཉམ་སྲུང་བྱ་བའི་ཁྲོད་ཞུགས་ནས། དཔའ་མོ་དང་བླངས་པ་སྐུལ་སློང་གིས་རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་གི་ཁྲོད་དུ་གཞུང་ལམ་གྱི་དགོས་མཁོ་ཤེས་པ་དང་གཞུང་ལམ་ལ་གཅེས་སྤྲས་བྱེད་པ། གཞུང་ལམ་ལ་སྲུང་སྐྱོབ་བྱེད་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས། དངོས་ཡོད་བྱ་འགུལ་གྱིས་མཚོ་བོད་ལྕགས་ལམ་གྱི་བདེ་འཇགས་དང་ཤར་གཏོང་ལ་འགན་སྲུང་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།