མཚོ་ནུབ་ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་ཆེད་དང་།    ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏང་ཆེད།    མཚོ་ནུབ་ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་ལས་ཁུངས་ཀྱི་ཏང་ཡོན་ཡོངས་ལ་ཏང་འཛུགས་སྐྱོང་གི་དཔེ་དེབ་བཀོད་སྒྲིག་བྱས་ནས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་ནུས་ལྡན་ངང་སྤེལ་རྒྱུར་འགན་ལེན་བྱས་པར་ཕན་འབྲས་ངོ་མ་ཐོབ་ཡོད་པ་རེད།    

ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱ་འགུལ་སྤེལ་བ་ནས་བཟུང་།     ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་འཕྲལ་མར་བཀོད་སྒྲིག་བྱས་ཏེ།     སློབ་སྦྱོང་གི་འཆར་གཞི་ཞིབ་ཕྲ་གཏན་འབེབས་བྱས་པར་མ་ཟད།    《ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》དང་།    《ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་ལས་མའོ་ཙེ་ཏུང་དང་།    ཏེང་ཞའོ་ཕིང་། ཧུའུ་ཅིན་ཐའོ་ཡི་རྣམ་བཤད་གནད་བསྡུས》སོགས་དཔེ་དེབ170ལྷག་ཙམ་དུས་ཐོག་ཏུ་ཉོ་སྒྲུབ་བྱས་པ་དང་།    མ་རྩོམ་ཀློག་པ་དང་།    མ་ཡིག་སྦྱོང་བ།    རྩ་བའི་རིགས་པ་རྟོགས་པ་བཅས་བྱས་པ་བརྒྱུད་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་སློབ་སྦྱོང་གི་དམིགས་ཡུལ་དང་།    སློབ་སྦྱོང་གི་ཁ་ཕྱོགས་ཡོད་པ།    སློབ་སྦྱོང་གི་ཕན་འབྲས་ཡོད་པ།    སློབ་སྦྱོང་གི་མྱོང་ཚོར་ཡོད་པ་བཅས་ཀྱི་འགན་ལེན་བྱས་པ་རེད།  

ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱ་འགུལ་སྒྲིག་འཛུགས་ཡག་པོ་དང་།    ལག་བསྟར་ཡག་པོ།    ཁྱབ་སྤེལ་ཡག་པོ་བཅས་བྱས་ཏེ།     ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་ལས་བྱེད་པ་ཡོངས་ལ་ཞིབ་བསྡུར་ནན་པོ་དང་།    ཚད་གཞི་ནན་པོ།    བྱ་བའི་རེའུ་མིག་ཞིབ་ཕྲ་བཟོ་བ་བཅས་ཀྱི་ཐོག་ནས་གཅིག་སྡུད་སློབ་སྦྱོང་དང་རང་བརྟེན་སློབ་སྦྱོང་ཟུང་འབྲེལ་མཐའ་འཁྱོངས་བྱེད་པའི་བྱེད་ཐབས་ཐོག་ནས་གཏན་འབེབས་ཀྱི་བྱ་སྤྱོད་དང་རང་འདེམས་བྱ་སྤྱོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་རླབས་ཆེན་གྲུབ་འབྲས་ཀྱིས་མིར་སྐུལ་མ་གཏང་བ་དང་།    ཏང་གི་སྲོལ་རྒྱུན་བཟང་པོར་བརྟེན་ནས་མི་སྣར་སློབ་གསོ་གཏང་བ།    ཏང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་བརྟེན་ནས་བློ་སྒོ་ཕྱེ་བ།    ཏང་གི་ལོ་རྒྱུས་ཀྱི་བསླབ་བྱར་བརྟེན་ནས་མིར་ཉེན་བརྡ་གཏོང་བ་བཅས་བྱ་དགོས་པའི་བླང་བྱ་བཏོན་པ་དང་།     སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཆབ་སྲིད་ལས་ཁུངས་ཀྱི་འགན་འཁྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱས།     སློབ་སྦྱོང་སློབ་གསོའི་ཁྲོད་དཔེ་བཟང་གི་མིག་དཔེའི་ནུས་པ་ཐོན་རྒྱུ་མཐའ་འཁྱོངས་བྱས་ནས་དར་ཆ་གསལ་སྟོན་གྱིས་ལོ་རྒྱུས་ཀྱི་དོན་སྟོང་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་སློབ་སྦྱོང་སློབ་གསོ་དེ་གསོན་ཉམས་དོད་ལ་ཁྱད་ཆོས་ལྡན་ལ་ཏན་ཏན་ཏིག་ཏིག་ཅིག་དང་ལས་ཀའི་ཕན་འབྲས་གསར་པར་བརྟེན་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཀྲོའུ་དེ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་འགོ་ཡག་པོ་ཞིག་འཛུགས་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཏེ་ཏང་དབུ་བརྙེས་ནས་ལོ་100འཁོར་བར་ལེགས་སྐྱེས་ཕུལ་བ་རེད།     

དཔེ་དེབ་གཤམ་སྤྲོད་བྱས་རྗེས།    ལས་ཁུངས་ཀྱི་ཏང་ཡོན་ཡོངས་ཀྱིས་ཀྱང་དུས་ཚོད་དང་པོར་སློབ་སྦྱོང་དང་འབྲེལ་གནད་བཤུས།    གཅིག་རྗེས་གཉིས་མཐུད་ངང་ལས་ཞོར་དུས་ཚོད་གང་ལེགས་བེད་སྤྱད་དེ་དཔེ་དེབ་ཞིབ་ཀློག་ནན་ཏན་བྱས་ནས་དེའི་སྙིང་སྟོབས་སེམས་ལ་ཟུག་པ་དང་བྱ་སྤྱོད་ཐོག་འཁྱོལ་ཐུབ་པ་བྱས་ཏེ་ལྟ་སྐུལ་སྒྲིག་བསྟར་གྱི་བློ་བརྟན་འགྱུར་མེད་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།  

ལོ་ཙཱ་བ།རྟ་མགྲིན་དཔལ།