སྤྱི་ཕན་འཕྲིན་ཐུང་གིས་མཚོ་སྔོན་གྱི་བཅའ་ཁྲིམས་ཞབས་ཞུའི་ཐད་ཡང་བསྐྱར་ཟིན་ཐོ་གསར་པ་བཀོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “121234”མཚོ་སྔོན་ཁྲིམས་དོན་དྲ་བའི་སྤྱི་དམངས་ཀྱིས་རྒྱུས་ལོན་ཐུབ་ཚད་དང་དེའི་ནང་ཞུགས་ཚད་སྔར་བས་ཇེ་མཐོར་བཏང་ནས། རྒྱ་ཆེའི་མང་ཚོགས་ཀྱི་སྣ་མང་ཅན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་བསྐངས་ཡོད་པ་རེད། ཉེ་ཆར། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་དང་མཐུན་སྦྱོར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང“12348”མཚོ་སྔོན་ཁྲིམས་ལུགས་དྲ་བའི་སྤྱི་ཕན་དྲིལ་སྒྲོག་གི་འཕྲིན་ཐུང་སྐྱེལ་སྤྲོད་བྱས་པ་རེད།

ཐེངས་འདིའི་སྤྱི་ཕན་འཕྲིན་ཐུང་སྐྱེལ་སྤྲོད་བྱེད་སྒོར་སྒུལ་བདེ་དང་། འབྲེལ་མཐུད། གློག་འཕྲིན་བཅས་གཉེར་སྐྱོང་ཚོང་པ་ཆེན་པོ་གསུམ་གྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ནས་ཞིང་ཆེན་ཡོངས་ཀྱི་ལག་ཐོགས་ཁ་པར་སྤྱོད་མཁན་ཐེངས་ཁྲི1150ཟིན་ཡོད་པ་རེད། ཉིན་དེར“12348”མཚོ་སྔོན་གྱི་ཁྲིམས་དོན་དྲ་བའི་ཐོག་བློ་འདྲི་བྱས་པ་དང་དུས་ཐོག་བློ་འདྲི་བྱེད་ཚད་ཐེངས343ཟིན་པ་དང་།“1234”མཚོ་སྔོན་་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐད་སྦྲེལ་ཁ་པར་ནང་ཞུགས་མཁན་མང་ཚོགས600ལྷག་ཟིན་ནས་ཞབས་ཞུའི་གྲངས་ཀ་དུས་རྒྱུན་ལས་ལྡབ5འཕར་ཡོད་པ་རེད། ཐེངས་འདིའི་སྤྱི་ཕན་འཕྲིན་ཐུང་སྐྱེལ་སྤྲོད་བྱེད་སྒོས“12348”མཚོ་སྔོན་ཁྲིམས་དོན་དྲ་བ་དང“12348”སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱི་བཅའ་ཁྲིམས་བློ་འདྲིའི་བྱེད་ཚད་ཉིན་རེར་ཆ་སྙོམས་ཞབས་འདེགས་ཞུ་ཚད་མཐོ་ཤོས་སུ་བསླེབ་རྒྱུར་སྐུལ་འདེད་བཏང་བ་རེད།

སླད་ཕྱིན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་སྨྱན་སྦྱོར་གསར་པའི་ལེགས་ཆ་གང་ལེགས་སྤྱད་དེ་འཕྲིན་ཐུང་བསྐུར་སྟངས་དང་ཟུང་འབྲེལ་བྱས་ཏེ། དྲ་ཐོག་དང་ཡུལ་དངོས་མཉམ་འདྲེས་ནུས་ལྡན་ངང་སྣ་མང་ཅན་གྱི་དྲིལ་སྒྲོག་ཁྱབ་གདལ་བྱེད་སྒོ་སྤེལ་ནས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྤུས་ཚད་མུ་མཐུད་ཇེ་མཐོར་བཏང་སྟེ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏང་རྒྱུ་རེད།

གཡང་སྐྱིད་ཀྱིས་བསྒྱུར།