མཚོ་ནུབ་ཀྱི་གྲོང་གཅིག་རྫོང་གསུམ་གྱི“འཕྲུལ་ཤེས་སྨན་རོགས”དྲ་ཐོག་ཏུ་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བ་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་།    དབུས་ལམ་རྫོང་།    དུར་ལམ་རྫོང་།    ཐེམ་ཆེན་རྫོང་བཅས་ཀྱིས་གྲོང་ཚོའི་འཕྲོད་བསྟེན་ཁང(སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས)དང་གྲོང་ཚོའི་འཕྲོད་བསྟེན་ཁང(སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས)དང་།    “ཤེས་རིག་སྨན་བཅོས་ལས་རོགས”ལས་གཞི་དྲ་རྒྱའི་ཁོར་ཡུག་སྒྱུར་བཀོད་དང་།    བརྒྱུད་རིམ་ལྡན་པའི་བཀོད་སྒྲིག མཉམ་འབྲེལ་སྙོམ་སྒྲིག་ཚོད་ལྟ།    བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བཀོལ་སྤྱོད་བཅས་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ནས་བརྟག་དཔྱད་མ་ལག་སྤྱོད་འགོ་ཚུགས་རྒྱུར་རམ་འདེགས་བྱས་པ་རེད།  

ད་ཆའི་བར།    མཚོ་ནུབ་ཁུལ་གྱི“འཕྲུལ་ཤེས་སྨན་རོགས”ལ་ཁྱོན་བསྡོམས་གཞི་རིམ་སྨན་པའི་རྩིས་ཁྲ357བཟོས་པ་དང་།    ནད་དེབ13160བྲིས་པ།    སྨན་པས་རང་འགུལ་ངང“ཤེས་རིག་སྨན་པའི་ལས་རོགས”ལ་གཞོགས་འདེགས་བྱས་ནས་ནད་དཔྱད་གྲོས་འགོ271775དཔྱད་གཞི་དང་།    གསོ་རིག་ཤེས་བྱ་ཐེངས2655འཚོལ་བཤེར་བྱས་པ་རེད།     “རིག་ནུས་སྨན་པའི་ལས་རོགས”ཁྱབ་གདལ་བེད་སྤྱོད་བཏང་རྗེས་གཞི་རིམ་སྨན་པའི་གློག་རྡུལ་ནད་དེབ་འབྲི་བའི་འདུ་ཤེས་དང་འབྲི་ནུས་རིམ་བཞིན་ཆེ་རུ་ཕྱིན་ནས་གློག་རྡུལ་ནད་ཐོའི་ཚད་གཞི39.85%ནས76.54%བར་མཐོ་རུ་ཕྱིན་ཡོད་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།