ན་གོར་མོའི་ལས་གཞི་བརྒྱ་ལྷག་ལྷན་དུ་ལས་འགོ་ཚུགས་པར་མ་དངུལ་སྒོར་དུང་ཕྱུར270བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཟླ3ཚེས25ཉིན། 2021ལོར་ན་གོར་མོ་གྲོང་ཁྱེར་གྱི་ལས་གཞི་ཁག་དང་པོའི་གཅིག་སྡུད་ལས་འགོ་བསྐྱར་ཚུགས་ཀྱི་མཛད་སྒོ་དེ།  མཚོ་སྔོན་ཚྭ་མཚེའུ་ཧྥོ་ཀྲའོ་ལན་ལན་ཁོའོ་ལི་ལས་རིགས་མ་རྐང་ཚད་ཡོད་ཀུང་སིའི་ལོ་རེར་ཏུན་ཁྲི2ཐོན་པའི་གློག་རྫས་རིམ་པའི་ཐཱན་སྐྱུར་ལིས་ཀྱི་ལས་གཞི་ཡུལ་དངོས་སུ་སྤེལ།     ཐེངས་འདིར་གཅིག་སྡུད་ཐོག་ལས་འགོ་བསྐྱར་ཚུགས་ཀྱི་ལས་གཞི106ལ་མ་དངུལ་སྒོར་དུང་ཕྱུར270བཏང་། འཆར་གཞི་ལྟར་ན་ལོ་གཅིག་རིང་མ་དངུལ་སྒོར་དུང་ཕྱུར81གཏང་རྩིས་ཡོད་པ་རེད།   

ན་གོར་མོ་གྲོང་ཁྱེར་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་རིམ་པའི་ཐོན་ལས་རྟེན་གཞི་བསྐྲུན་རྒྱུ་ཇེ་མགྱོགས་སུ་བཏང་སྟེ།    རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་།    རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ།    འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སོགས་ལ་གྲ་སྒྲིག་ཞིབ་ཚགས་དང་གནད་སྨིན་གདམ་གསེས་བྱས་ནས། ལས་གཞི106གཅིག་སྡུད་ཐོག་ལས་འགོ་ཚུགས།     དེ་ཡང་ལས་གཞི་འཛུགས་སྐྲུན་གྱིས་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ལས་ཕྱོད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། ཚྭ་མཚོའི་ཐོན་ཁུངས་འཚེ་མེད་བཟོ་སྐྲུན་མ་ལག་བསྐྲུན་རྒྱུ་དང་།    འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་ཚོགས་སྤྱི་གཟུག་རྒྱུ།    ཚྭ་མཚོའི་ཐོན་ལས་བར་མཐོངས་བཀོད་སྒྲིག་བྱ་ཚུལ་ཇེ་ལེགས་སུ་གཏང་རྒྱུ།    ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་བཅས་རེད།  

ལོ་ཙཱ་བ།རྟ་མགྲིན་དཔལ།