མཚོ་སྔོན་ཞིང་ལས་ཁག་ཐེག་དཔའ་ལུང་ཡན་ལག་ཀུང་སིས་འགན་ལེན་བྱས་པའི་ལྷག་གྲངས་སྒོར་དུང་ཕྱུར་གྱི་འགག་སྒོ་ཆེན་པོ་ལས་བརྒལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཉེ་ཆར།    མཚོ་སྔོན་ཞིང་ལས་ཁག་ཐེག་དཔའ་ལུང་ཡན་ལག་ཀུང་སིའི་འགན་བཅོལ་ལྷག་གྲངས་སྒོར་དུང་ཕྱུར1.01ལ་སླེབས་པ་དང་།   ད་ཆའི་བར་ཁྱོམ་བསྡོམས་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་གི་ཞིང་ཕྱུགས་ལས་ཀྱི་གཉེར་སྐྱོང་གཙོ་གཟུགས356ལ་དངུལ་བུན་ཁག་ཐེག་སྒོར་དུང་ཕྱུར1.2མཁོ་འདོན་བྱས་པ་དང་། ལག་ལེན་དངོས་ཀྱི་ཐོག་ནས་སྲིད་ཇུས་རང་བཞིན་གྱི་ཁག་ཐེག་སྒྲིག་གཞིའི་འགན་འཁྲི་དང་འགན་འཁྲི་གསལ་བཤད་བྱས་ཡོད་པ་རེད།     

དཔའ་ལུང་ཡན་ལག་ཀུང་སི2018ལོའི་ཟླ12པར་བཙུགས་པ་ནས་བཟུང་།     དཔའ་ལུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག རྫོང་གི་ནོར་སྲིད་དང་ཞིང་ལས་དང་གྲོང་གསེབ་སོགས་སྡེ་ཁག་གི་མཛུབ་སྟོན་རོགས་རམ་དང་འབྲེལ་ཡོད་དངུལ་རྩའི་ལས་ཁུངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས།     ནོར་སྲིད་ཀྱི་མ་དངུལ་མི་འདང་བས་དུས་ཐོག་ཏུ་ཉེན་ཁུར་མ་དངུལ་དོན་འཁྱོལ་བྱེད་ཐབས་བྲལ་བའི་འགལ་རྐྱེན་ཧུར་ཐག་སྒོས་སེལ་བ།     ནོར་སྲིད་དང་དངུལ་རྩས་མཉམ་དུ་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རང་བཞིན་གྱི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། མ་དངུལ་འཇོག་ཡུལ་དེ་རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ཞིང་ཕྱུགས་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་དམ་པོར་དམིགས་ནས་དངུལ་རྩའི་མ་གནས་དམའ་ལ་ལེགས་པ།    ལས་ཕྱོད་ཆེ་བ་བཅས་ཀྱི་ཞབས་ཞུའི་རྫོང་ཁོངས་ཀྱི་གཉེར་སྐྱོང་གཙོ་གཟུགས་ལ་ཁྲིད་སྟོན་དང་སྐུལ་སློང་ཟམ་མི་ཆད་པར་བྱ་དགོས་ཤིང་།     རང་འགུལ་ངང་སྲིད་གཞུང་དངུལ་ཁང་དོ་བདག་བཅས་ཕྱོགས་གསུམ་གའི་འབྲེལ་བ་མཐུན་སྦྱོར་བྱས་ཏེ་དངུལ་བུན་གཡར་བའི་དགོས་མཁོ་ཡོད་པའི་ཁེ་ལས་དང་ཞིང་དུད་ལ་འཕྲལ་དུ་སྙན་སེང་ཞུ་ཐུབ་པ་བྱས་ནས་གྲངས་འབོར་ཉུང་བའི་ལས་གཞི་ཉིན3ནང་དངུལ་བུན་གཏང་བ་དང་།    མུ་མཐུད་འགན་ལེན་བྱེད་པའི་ལས་གཞི་གཟའ་འཁོར་གཅིག་ནང་གཉེར་ཐུབ་པ།    སྤྱིར་བཏང་ལས་གཞི་ཟླ་ཕྱེད་ལས་མི་བརྒལ་བ།    གྲངས་འབོར་ཆེ་བའི་ལས་གཞི་ཟླ་བ་གཅིག་ནང་དོན་འཁྱོལ་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ནས་དུས་ཐུང་ལོ་གཉིས་ལྷག་ཙམ་ནང་ས་གནས་ཀྱི་རོང་འབྲོག་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གཙོ་ཤུགས་དམག་ཅིག་ཏུ་རིམ་གྱིས་གྱུར་ཡོད་པ་རེད།     

ལོ་ཙཱ་བ།རྟ་མགྲིན་དཔལ།