སྐྱེ་ཁམས་མཚོ་ཤར་དཔའ་ལུང་གིས་དཔྱིད་མགོའི་མཁའ་དབུགས་སྦགས་བཙོག་བཅོས་སྐྱོང་བྱ་བ་ལེགས་པོར་སྒྲུབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་གིས་དཔྱིད་མགོའི་ལས་གཞི་གལ་ཆེན་གཅིག་བསྡུས་ཀྱིས་ལས་འགོ་བརྩམས་ཤིང་། བ་ཡན་གྲོང་རྡལ་དང་ཆོས་འཁོར་གསར་སྤེལ་གྱི་ལས་གཞི་སོ་སོའི་བཟོ་སྐྲུན་ས་ཁུལ་དུ་འཕྲོ་རིམ་འཕྲོར་འཛུགས་སྐྲུན་འགོ་བརྩམས་པ་དང་གཞུང་ལམ་གཙང་སེལ། དངོས་རྒྱུ་གསོག་འཇོག ས་འདྲུད་རླངས་འཁོར་གྱི་ས་རྡུལ་སྐྱེལ་བའི་སྦགས་བཙོག་ནི་དེར་བསྟུན་ནས་ཡོད་པ་ཞིག་ཡིན་པས། རྫོང་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་ཁྲིམས་འཛིན་སྡེ་ཁག་གིས་སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་ཐག་གཅོད་བྱེད་པ། སྔ་མོ་ནས་བཀོད་སྒྲིག་བྱེད་པ། སྔ་མོ་ནས་རྨང་བཅོས་བྱེད་པའི་བྱ་བའི་འདུ་ཤེས་གཞིར་བཟུང་སྟེ། འཆར་འགོད་ཡོད་པའི་ངང་བཀོད་སྒྲིག་གང་ལེགས་སྒོས་དཔྱིད་མགོའི་མཁའ་དབུགས་སྦགས་བཙོག་འགོག་བཅོས་བྱ་བ་ལེགས་པོར་སྒྲུབ།

རྒྱུས་ལོན་པ་ལྟར་ན། དཔའ་ལུང་རྫོང་གིས་བ་ཡན་གྲོང་རྡལ་དང་ཆོས་འཁོར་གསར་སྤེལ་ས་ཁུལ་གྱི་རིམ་པ་སོ་སོའི་བྱ་བར་རྩད་གཅོད་དང་བཟོ་སྐྲུན་ས་ཁུལ་གྱི100%ལ་སླེབས་པ་དྲུག་གི་དམིགས་ཚད་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། གཙོ་བོ་ཆོས་འཁོར་གསར་སྤེལ་ས་ཁུལ་གྱི་ཧྥུ་སིན་ཅང་ཧྲན་གཞིས་ཁུལ་དང་ཅིན་ཞུའུ་རྨ་ཆུའི་མཁར་གཞིས་ཁུལ། ལོ་དགུའི་ལག་བསྟར་ལམ་ལུགས་སློབ་གྲྭ རྫོང་ཏང་ཨུའི་ཐོག་ཁང་རྙིང་བར་བཅོས་སྒྱུར་བྱེད་པའི་བཟོ་སྐྲུན་ལས་གཞི་སོགས་བཟོ་སྐྲུན་ས་ཁུལ་དག་ལ་ཁ་ཕྱོགས་ཏེ། ལས་ཡུལ་གྱི་ར་སྐོར་དང་སྲ་འགྱུར། རྡུལ་འགོག་ཁེབས་ཚད། གཙང་བཀྲུའི་སྟེགས་བུ་བེད་སྤྱོད་ཀྱི་གནས་ཚུལ་བཅས་ལ་ལྟ་རྟོག་བྱས། བཟོ་སྐྲུན་ལས་ཡུལ་གྱི་འཛུལ་སྒོ་དང་འཇུག་སྒོའི་ལམ་བུ་སྲ་བརྟན་དང་གཙང་བཀྲུའི་སྒྲིག་ཆས་སྟེགས་བུ་རྒྱུན་ལྡན་སྒོས་བེད་སྤྱོད་བྱེད་པའི་ཐད་ལ་རེ་འདུན་བླང་བྱ་ནན་མོ་བཏོན་ནས། བཟོ་ཡུལ་ནང་ཁུལ་གྱི་བཟོ་སྐྲུན་སྐྱེལ་འདྲེན་རླངས་འཁོར་གྱི་རྡུལ་འགོག་བྱེད་ཐབས་དང་རླངས་འཁོར་གྱི་རིགས་དབྱེ། ཁ་གྲངས་བཅས་ལ་ཞིབ་བཤེར་དང་ཐོ་འགོད་བྱས་པ་རེད།

དེ་དང་ཆབས་ཅིག དཔའ་ལུང་རྫོང་གིས་རིམ་པ་སོ་སོའི་བཟོ་ཡུལ་འགན་ཁུར་མི་སྣ་དང་ཁོར་ཡུག་བྱང་མའི་ལམ་གྱི་བྱེ་ཟེགས་ཚོང་གཉེར་མཁན་དག་སོ་སོ་བོས་ནས་དུས་བཅད་ཁ་བརྡ་བྱས་ཤིང་། མཚོ་ཤར་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུའུ་ཡི་གོམ་གང་མདུན་སྤོས་སྒོས་གྲོང་ཁྱེར་དོ་དམ་ཁྱབ་ཁོངས་ཀྱི་མཁའ་དབུགས་སྦགས་བཙོག་བཅོས་སྐྱོང་བྱ་བའི་བརྡ་སྦྱོར་ཡིག་ཆའི་དགོངས་དོན་དྲིལ་སྒྲོག་བྱས་ཏེ། རིམ་པ་སོ་སོའི་འགན་ཁུར་མི་སྣ་དང་ལས་གཉེར་པ་དག་གིས་རང་རང་གི་ལས་རིགས་ཚད་གཞིའི་རེ་འདུན་བླང་བྱ་གཞིར་བཟུང་སྟེ་རང་ཉིད་ཀྱི་བཟོ་ཡུལ་ཕྱི་ནང་དང་བཟོ་སྐྲུན་རླངས་འཁོར་གྱི་རྡུལ་འགོག རྡུལ་འཇགས་བྱ་བའི་ཚད་གཞི་བཅས་འགོ་ཁུངས་ནས་གཏན་འགོག་བྱེད་པའི་མཁའ་དབུགས་གཙང་སྒྱུར་གྱི་བྱ་བ་ལེགས་པོར་སྒྱུར།

དཔའ་ལུང་རྫོང་གིས་རིམ་པ་སོ་སོའི་བཟོ་ཡུལ་གྱི་འགྲོ་འོང་བྱེད་ས་སོ་སོ་དང་བཟོ་སྐྲུན་རླངས་འཁོར་གྱི་འགྲོ་འོང་ལམ་ཐིག་ལ་གཅིག་གྱུར་སྒོས་གཙང་སེལ་དང་གཙང་བཀྲུ་བྱས་པ་མ་ཟད། གཞུང་ལམ་གཙང་བཀྲུ་བྱེད་པའི་རླངས་འཁོར་དང་གཙང་སེལ་མི་སྣ་ལ་དོན་དངོས་ལྟར་ལྟ་སྐྱོང་བྱས། དེར་མ་ཟད་མི་གཙང་བ་དུས་ལྟར་གཙང་སེལ་བྱེད་པ་དང་དུས་ཡུན་རིང་བོར་ཕན་པའི་སྒྲིག་གཞི་ཞིག་གྲུབ་དུ་བཅུག དཔའ་ལུང་རྫོང་གིས་མུ་མཐུད་དུ་སྡེ་ཁག་སོ་སོའི་སྟོབས་ཤུགས་མཉམ་རུབ་ཕྱོགས་བསྡུས་སྒོས་མཚན་མོར་ཁྲིམས་འཛིན་ཟུང་འབྲེལ་གྱི་ཞིབ་བཤེར་དང་ཞིབ་བཤེར་ཚད་གཞི་ཆེས་ཆེར་བཏང་ནས། ཞིབ་བཤེར་དང་རྒྱུན་ལྡན་ངང་ནན་ཏན་སྒོས་རྫོང་ཡོངས་སུ་བཟོ་ཡུལ་གྱི་རྡུལ་འཇགས་བཅོས་སྐྱོང་བྱ་བ་ནན་ཏན་སྒོས་ལེགས་པོར་སྒྲུབ་ཤིང་། ལམ་ལུགས་འཐུས་ཚང་དང་བྱེད་ཐབས་དངོས་འབེབས་ཀྱིས་ཁྱོན་ཡོངས་ནས་ས་རྡུལ་ལངས་པ་འགོག་བཅོས་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་དུས་ཡུན་རིང་བོར་ཕན་པའི་སྒྲིག་སྲོལ་དོ་དམ་ལག་བསྟར་གྱིས་ཁོར་ཡུག་གི་རྒྱུ་སྤུས་མུར་བསྟུན་བཅོས་སྐྱོང་ལ་འགན་སྲུང་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།