གཞོང་ཐང་རྫོང་གིས་ས་སྟོང་དུ་བསྐྱུར་བའི་ཞིང་ས་མུའུ་ཁྲི1.6ལ་བཅོས་སྐྱོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ས་ནི་ཞིང་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལཞིང་བ་རང་ཉིད་ཀྱི་རྩ་བ། གྲོང་གསེབ་ཀྱི་ཆེས་ཆེ་བའི་ཐོན་ཁུངས་དང་འབྲུ་རིགས་བདེ་འཇགས། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པའི་གཞི་རྩའི་འགན་སྲུང་བཅས་ཡིན། ལོ་འདི་དག་གི་རིང་ལ། མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་ཞིང་ས་ལ་སྲུང་སྐྱོབ་བྱེད་པའི་ཆེས་མཐོའི་གལ་ཆེན་རང་བཞིན་དང་དོན་དངོས་བྲེལ་འཚུབ་རང་བཞིན་ལ་ངོས་འཛིན་སྒོས། ཞིང་ས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་རྒྱུན་འཁྱོངས་དང་ཚད་བཀག་ཡོད་པའི་སྒོ་ནས་ཞིང་སའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་བེད་སྤྱོད་ལེགས་པོ་བྱས་ཏེ། ཞིང་སའི་སྲུང་སྐྱོབ་ཀྱི་དམར་ཐིག་དང་མ་མཐའི་ཚད་ཐིག ཚེ་སྲོག་གི་ལམ་ཐིག་དང་མཐོ་གནོན་ལམ་ཐིག་བཅས་སྲུང་སྐྱོབ་གང་ལེགས་བྱས་ཏེ། ས་སྟོང་དུ་བསྐྱུར་བའི་ཞིང་ས་མུའུ16320ལ་དག་ཐེར་བྱས་ནས། འབྲུ་རིགས་ཀྱི་བདེ་འཇགས་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་ཤིང་སྒུལ་ཤུགས་ལ་འགན་སྲུང་། ཁྱོན་ཡོངས་རང་བཞིན་གྱིས་གཞོང་ཐང་རྫོང་གི་རྒྱུ་སྤུས་མཐོན་པོའི་འཕེལ་རྒྱས་ཐད་ལ་སྲ་བརྟན་གྱི་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད།

གོ་རིམ་ལྡན་པའི་ངང་ཞིང་ས་སྟོང་བའི་བེད་སྤྱོད་ལ་སྐུལ་འདེད་བྱ་ཆེད། གཞོང་ཐང་རྫོང་གིས་རྟོག་ཞིབ་ནན་མོ་བྱས་ཤིང་། དོར་བསྐྱུར་བྱས་པའི་ཞིང་ས་ཡི་འགན་གཙང་ལེན་མཁན་དང་ས་སྟོང་དུ་བསྐྱུར་བའི་རྒྱུ་རྐྱེན། ས་སྟོང་གི་རྒྱ་ཁྱོན། འཁོར་རྒྱུག་དང་ས་སྟོང་དུ་བསྐྱུར་བའི་ལོ་ཚད་སོགས་ཀྱི་གཞི་རྩའི་གནས་ཚུལ་རེ་རེ་བཞིན་རྩད་གཅོད་བྱས་ཏེ་ཐོ་འགོད་རྩིས་ཐོ་བཟོས་ཡོད། རི་ཁུལ་ཆུ་བོའི་འབབ་ཁུལ་དང་རི་ཁུལ་གྱི་ཐན་སྐམ་ས་ཁུལ་སོགས་ཁྱབ་ཁོངས་ཀྱི་ས་སྟོང་ཞིང་ས་ལ་རིགས་བཀར་སྒོས་ས་སྟོང་བེད་སྤྱོད་བྱེད་པའི་བྱེ་བྲག་གི་ཇུས་གཞི་བཀོལ་སྒྲིག་སྒོས་ས་བབ་ཡུལ་བསྟུན་གྱིས་ཞིང་ས་སླར་གསོའི་ངང་ལོ་ཏོག་གི་རིགས་དབྱེ་དང་ལག་རྩལ་གྱི་རྣམ་གཞག་སྤེལ་ནས། བྱ་བའི་ཁ་གཏད་རང་བཞིན་དོན་དངོས་ལ་བསྟུན་ནས་ཆེས་ཆེར་བཏང་ཡོད། དེ་དང་ཆབས་ཅིག གོམ་གང་མདུན་སྤོས་སྒོས་སྤུས་ལེགས་ཁྱབ་ཁོངས་ཀྱི་སྒྲིག་གཞི་དང་ཞིང་སའི་ལམ་ལུགས། སྤུས་ཚད་སྒྲིག་གཞི་ལྟར་ཚན་རྩལ་ལ་བརྟེན་ནས་ཐོན་ཚད་དང་འཕར་ཚད་ལ་གཞི་བཅོལ་ཡོད། ཞིང་སའི་ས་ཞིང་བེད་སྤྱོད་སྲུང་སྐྱོབ་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་དངོས་འབེབས་ཀྱིས་ཞིང་སའི་སྲུང་སྐྱོབ་ནུས་པ་མཐོར་འདེགས་སུ་གཏོང་བའི་ཁ་གཏད་རང་བཞིན་དང་མཛུབ་སྟོན་རང་བཞིན་མཐོར་འདེགས་སུ་བཏང་ཡོད། ས་ཞིང་འཁོར་སྐྱོད་ཀྱི་ཞབས་ཞུ་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས། ཞིང་བ་མང་ཚོགས་ཀྱིས་ཁྲིམས་ལྟར་རང་མོས་དང་སྐྱིན་ཚབས་ཡོད་པའི་རྩ་དོན་གཞིར་བཟུང་སྟེ་ཞིང་ས་བོགས་གཏོང་དང་མ་རྐང་འཇོག་པ། ཕན་ཚུན་བརྗེ་རེས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞིང་ས་འཁོར་སྐྱོད་བྱེད་དུ་བཅུག་ནས་ཞིང་སའི་ཁྲིམས་མཐུན་བེད་སྤྱོད་ཐད་ལ་འགན་སྲུང་བྱས་ཡོད།

གཞོང་ཐང་རྫོང་གིས་རྨང་གཞིའི་སྒྲིག་ཆས་ཞན་པའི་ཞིང་ས་སྟོང་བ་རུ་རྨང་གཞིའི་སྒྲིག་ཆས་ཀྱི་གཏོང་ཚད་ཆེས་ཆེར་བཏང་བ་དང་སྒྲིག་ཆས་འཐུས་ཚང་གིས་ཡུར་གཏོང་ཆུ་དང་གློག་འདོན་སྐྱེལ། ཞིང་ཚིགས་ཀྱི་ལམ་བུ། ཞིང་ཚིགས་ཀྱི་འགོག་སྲུང་སོགས་རྨང་གཞིའི་སྒྲིག་ཆས་ལ་བརྟེན་ནས་དོན་དངོས་ལ་བརྟེན་ནས་ལས་སྒྲུབ་ཆུ་ཚད་མཐོར་འདེགས་སུ་བཏང་ཡོད། ཞིང་སའི་སྲུང་སྐྱོབ་དོན་དངོས་དང་ལས་གཞིའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ་དང་ཟུང་འབྲེལ་སྒོས། སྐྱེ་ལྡན་ལུད་རྫས་བེད་སྤྱོད་སྒོས་སོག་མ་ཕྱིར་ཞིང་སའི་ནང་དར་སྤེལ་གཏོང་བའི་བྱེད་ཐབས་དར་སྤེལ་གྱིས་ས་སྟོང་གི་ལུད་རྫས་ནུས་པ་སླར་གསོ་བྱས་ཏེ། ཐོན་ཚད་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་། ཆེད་ལས་དུད་ཁྱིམ་ཆེ་གྲས་དང་ཁྱིམ་ཚང་ཞིང་རའི་ལས་གཉེར་མཁན་གྱི་སྣེ་ཁྲིད་འོག་ཞིང་ལས་ཁེ་ལས་ཚོང་གཉེར་མཁན་གྱི་དོ་དམ་མི་སྣ་དང་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མི་སྣ་དང་ཕྱིར་ཡུལ་ལ་ལོག་པའི་ཞིང་བ་ལས་བཟོ་པ་ལ་གསབ་སྦྱོང་གི་རྒྱབ་སྐྱོར་ནུས་ཤུགས་ཆེས་ཆེར་བཏང་ནས། ས་སྟོང་བེད་སྤྱོད་ཀྱི་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་བཏང་། དེའི་སྐབས་སུ་ཞིང་བ་ལག་རྩལ་མི་སྣ་རྩ་འཛུགས་ཀྱིས་ས་སྟོང་ས་ཁུལ་གྱི་ཞིང་ལས་ལག་རྩལ་མཛུབ་སྟོན་ཞབས་ཞུ་དང་རྩལ་ནུས་གསབ་སྦྱོང་ཆེས་ཆེར་སྤེལ་ནས། འདེབས་འཛུགས་ལེགས་པོ་དར་སྤེལ་གཏོང་རྒྱུ་དར་སྤེལ་བྱས། ལས་བྱེད་མི་སྣ་གཞི་རིམ་དུ་མངགས་པའི་བྱ་འགུལ་བེད་སྤྱོད་གང་ལེགས་ཀྱིས་སྨྱན་བྱེད་མང་པོར་བརྟེན་ནས། རྒྱལ་ཁབ་ཀྱི་ཞིང་ས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལ་སྲུང་སྐྱོབ་དང་། ཞིང་ས་ལ་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན། ཞིང་ས་ས་སྟོང་དུ་བསྐྱུར་བའི་དག་ཐེར་གྱི་བྱེ་བྲག་བྱེད་ཐབས། དེ་མིན་འབྲེལ་ཡོད་ཞིང་ཕན་ཞིང་ཕྱུགས་སྲིད་ཇུས་ཞིང་ཚིགས་སུ་བསྐྱལ་ཏེ་ཁྱིམ་ཚང་རེ་རེ་ཡི་མི་རེ་རེ་ཡིས་ཤེས་རྟོགས་ཐུབ་པ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།