ཐུམ་འབུའི་ནད་སྔོན་འགོག་བྱེད་པའི་སྐོར་གྱི་རྒྱུན་ཤེས།(2)

( ལེ་ཚན་གོང་མའི་འཕྲོས་མཐུད། )

16.ལུག་ཤ་ཟོས་ན་ཐུམ་འབུའི་ནད་འབྱུང་སླའམ།

ལན། སྤྱིར་བཏང་དུ་འབྱུང་མི་སྲིད། ལུག་ལ་ཐུམ་འབུའི་ནད་ཕོགས་པ་དེ་མི་དང་འདྲ་ཞིང་། ནོར་ལུག་དང་མིའི་བར་དུ་ཐུམ་འབུའི་ནད་འགོ་མི་ཐུབ། འོན་ཀྱང་གལ་ཏེ་ལུག་ཤ་ལ་འབུ་སྒོང་འགོས་ཡོད་པ་མ་ཟད། ལས་སྣོན་སྐབས་སུ་གཙང་སྦྲ་ལ་མཉམ་འཇོག་མ་བྱས་པར (ལུག་ཤ་ཡོངས་སུ་ཚོས་ཐག་ཆོད་མེད་པར)ཟོས་ན་ད་བཟོད་མི་ལ་ཐུམ་འབུའི་ནད་འབྱུང་བའི་ཉེན་ཁ་ཆེ།

17.ཤ་རློན་པ་ཟོས་ན་ཐུམ་འབུའི་ནད་འབྱུང་སླའམ།

ལན། སྤྱིར་བཏང་དུ་འབྱུང་མི་སྲིད། འོན་ཀྱང་ཐུམ་འབུའི་ནད་ཀྱི་འབུ་སྒོང་དེ་ཟོག་བཤའ་སྐབས་འཕྲོད་བསྟེན་ཚད་ལྡན་མིན་པ་དང་རླུང་ལ་འགྲོགས་ནས་འཐོར་བ། ལག་པ་གཙང་མ་མ་བཀྲུས་པ་སོགས་ཀྱི་དབང་གིས་ཟས་རིགས་ལ་སྦགས་བཙོག་ཐེབས་པ་དེ་མིས་ཟོས་སུ་ཟས་པས་ད་བཟོད་ཐུམ་འབུའི་ནད་བྱུང་བ་རེད། དེའི་རྐྱེན་གྱིས་ཤ་རློན་པ་ཡོངས་སུ་ཚོས་ཐག་ཆོད་རྗེས་ད་བཟོད་ཟ་དགོས།

18.ཁྱིམ་མི་དང་ཁྱིམ་མཚེས་དག་ལ་ཐུམ་འབུའི་ནད་བྱུང་ཡོད་ན་ང་ལ་འགོ་སྲིད་དམ།

ལན། འགོ་མི་སྲིད། ཐུམ་འབུའི་ནད་ནི་མི་དང་མིའི་བར་ལ་འགོ་མི་ཐུབ་པ་རེད།

19.ཁྱིམ་དུ་ཁྱི་གུ་དང་ནོར་ལུག་སོགས་སྒོ་ཕྱུགས་གསོས་ཡོད་ན། ཐུམ་འབུའི་ནད་སྔོན་འགོག་ཇི་ལྟར་བྱེད་དགོས་སམ།

ལན། སྲོག་ཆགས་ཀྱི་ནང་ཁྲོལ(མཆིན་པ་དང་གློ་བ་སོགས)ཁྱི་ལ་སྟེར་མི་རུང་བར་གང་ནུས་ཀྱིས་ཟ་མ་བཙོས་མ་དང་ཁྱི་ལྟོ་ལ་བརྟེན་དགོས། སྒོ་ཁྱི་ངེས་པར་དུ་འདོགས་དགོས་ཤིང་ཕྱི་རོལ་གྱི་ཟས་རིགས་འདྲ་མིན་ཁྱེར་ཡོང་བ་སྔོན་འགོག་དང་དུས་ལྟར་ཁྱི་རྟུག་གཙང་སེལ་བྱེད་དགོས། (ས་འོག་ཏུ་འཇུག་པའམ་ཡང་ན་མེར་བསྲེགས་དགོས།)དེ་ལྟར་བྱེད་སྐབས་ཆུ་འགོ་དང་བར་ཐག་རིང་ས་ནས་མེད་པར་གཏོང་དགོས། སྒོ་ཁྱི་ལ་དུས་ལྟར་པུས་ཁུས་ཐུང་ངམ་རྒྱུ་སྲིན་ལེབ་མོ་སྔོན་འགོག་སྨན་བླུད་དེ། སྒོ་ཁྱི་ཕན་ཚུན་བར་ལ་འབྲེལ་འདྲིས་བྱེད་པའི་ཚད་གཞི་ལ་གཡོལ་དགོས། གལ་ཏེ་ཁྱི་ལ་རེག་ཐུག་དང་དུས་ཡུན་རིང་བོར་ཁྱི་གུ་དང་མཉམ་དུ་ཉལ་བ། ནོར་དང་ལུག ཁྱི་སོགས་ཀྱི་སྤུ་དང་རྟུག་པ་ལ་ལག་པས་རེག་རྗེས་དུས་ལྟར་ལག་པ་བཀྲུ་དགོས། ཟ་མ་མ་ཟོས་པའི་ཡར་སྔོན་དང་གཙང་སྤྱོད་ལ་བསྡད་པའི་རྗེས་སོགས་སུ་ལག་པ་བཀྲུ་དགོས། ནོར་ལུག་དང་སྒོ་ཁྱི་སོ་སོར་བཀར་ནས་གསོ་དགོས་ལ་སྒོ་ཁྱི་ངེས་པར་དུ་འདོགས་དགོས། གང་འདོད་དུ་སྒོ་ཕྱུགས་མི་བཤའ་བ་དང་སྲོག་ཆགས་ཀྱི་སྤུ་སོགས་ལ་དུག་སེལ་བྱས་རྗེས་ད་བཟོད་བེད་སྤྱོད་བྱས་ཆོག

20.གལ་ཏེ་ཡུལ་ན་ཁྱི་དང་སྒོ་ཕྱུགས་མེད་ན་ཐུམ་འབུ་ནད་ཕོགས་མི་སྲིད་དམ།

ལན། དེའི་ངེས་པ་མེད། གལ་ཏེ་གནས་སྡོད་ས་ཁུལ་དེར་མི་གཞན་པས་ནོར་ལུག་འཚོ་སྐྱོང་དང་ཁྱི་གསོ་བའི་གོམས་སྲོལ་ལྡན་པས། ཐུམ་འབུའི་ནད་འཁོར་སྐྱོད་དང་འགོས་ཁྱབ་བྱུང་ཚད་ཆེ། ཐུམ་འབུའི་འབུ་སྒོང་དག་ཀྱང་སྲོག་ཆགས་ཀྱི་འགུལ་སྐྱོད་དང་རླུང་གི་གཡུག་ཕྱོགས་ལ་བསྟུན་ནས་གཤིན་ས་དང་ཆུ་འགོ ཟས་རིགས་བཅས་ཀྱི་ཁྲོད་དུ་སིམས་ནས་སྦགས་བཙོག་ཐེབས་བཞིན་ཡོད། དེའི་ཕྱིར་མི་རྣམས་ལ་མངོན་མེད་རྐྱེན་མེད་འོག་འབུ་སྒོང་དང་རེག་ཐུག་བྱུང་སྟེ་ནད་ཕོགས་སྲིད།

21.ཐུམ་འབུའི་ནད་གཏན་ནས་མེད་པའི་ས་ཁུལ་གྱི་མི་ལ་ཐུམ་འབུའི་ནད་ཕོགས་སྲིད་དམ།

ལན། ཕོགས་སྲིད་ངེས། ཐུམ་འབུའི་ནད་དར་ཁྱབ་ཆེ་སའི་ས་ཁུལ་ནས་ཐོན་པའི་པགས་བཟོས་ཐོན་རྫས་དང་སྒོ་ཁྱི་ལ་རེག་ཐུག་བརྒྱུད་ཐུམ་འབུའི་ནད་འབྱུང་བའི་ཉེན་ཁ་ཆེ།

22.ཐུམ་འབུའི་ནད་དར་ཁྱབ་ཆེ་བའི་ས་ཁུལ་དུ་ལྟ་སྐོར་ལ་སོང་ཚེ། ཐུམ་འབུའི་ནད་ཇི་ལྟར་འགོག་སྲུང་བྱེད་དགོས་སམ།

ལན། ཐོག་མར་ཁ་ནང་ལ་འགྲོ་བ་སྔོན་འགོག་བྱེད་དགོས། ངེས་པར་དུ་བཟའ་བཏུང་གི་འཕྲོད་བསྟེན་ལ་མཉམ་འཇོག་བྱས་ཏེ། ཆུ་འཁྱག་དང་འོ་མ་རློན་པ་མི་འཐུང་བར་དཀར་ཡོལ་སོགས་གཙང་མར་བཀྲུ་དགོས། དེ་མིན་ཟ་མ་མ་ཟོས་པའི་ཡར་སྔོན་ལ་ལག་པ་བཀྲུས་ནས་ཁྱི་སོགས་ལ་ལག་པས་རེག་ཐུག་བྱེད་མི་རུང་།

23.བྱེད་ཐབས་གང་དག་སྤྱད་ན་ད་བཟོད་ཉིན་རྒྱུན་འཚོ་བའི་ཁྲོད་ཐུམ་འབུའི་ནད་ཀྱི་འབུ་སྒོང་མེད་པར་གཏོང་བའི་ཕན་ནུས་ལྡན།

ལན། འབུ་སྒོང་དེར་ཕྱིའི་ཁོར་ཡུག་དང་རྫས་འགྱུར་སྨན་རྫས་ཐད་འགོག་སྲུང་གི་ནུས་པ་ཆེན་པོ་ལྡན་པས། 75% ཡི་ཆང་བཅུད་ཀྱིས་རྨེག་མེད་དུ་གཏོང་མི་ཐུབ་མོད། འོན་ཀྱང་དྲོད་ཚད-70℃ཡི་མན་དང80℃ཡན་གྱི་དྲོད་ཚད་སྲོན་མི་ཐུབ། དེའི་རྐྱེན་གྱིས་གདུ་བཙོས་ཀྱིས་འབུ་སྒོང་མེད་པར་གཏོང་ཐུབ།

24.ཐུམ་འབུའི་ནད་ལ་སྨན་བཅོས་བྱེད་པར་ཞག་སྡོད་བྱས་ན་སྨན་རིན་ཧ་ཅང་མཐོའམ།

ལན། སྨན་བཅོས་རིན་དངུལ་གྱི་མང་ཉུང་གིས་ནད་ཀྱི་ཚད་གཞི་དང་ནད་པའི་ལུས་པོའི་གནས་བབ་སོགས་གཞི་རྒྱུ་ཐག་གཅོད་བྱེད་པ་རེད། རྒྱལ་ཁབ་དང་ས་ཁུལ་གྱིས་ཐུམ་འབུའི་ནད་པའི་ཞག་སྡོད་སྨན་བཅོས་ཐད་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་དང་སྨན་བཅོས་ཀྱི་རོགས་སྒྲུབ་ངེས་ཅན་ཞིག་གནང་ཡོད། དེའི་མི་ཚད་རིན་དངུལ་རེ་འགའ་ཞིག་ཀྱང་སྨན་བཅོས་འགན་བཅོལ་ལ་བརྟེན་ནས་རྩིས་ཞུ་བྱེད་པ་དང་སྨན་བཅོས་རིན་དངུལ་དེ་ཡང་སྔོན་ཆད་དང་སྡུར་ན་ལྟོས་བཅོས་ཀྱིས་ཉུང་འཕྲི་མང་པོ་བྱས་ཡོད།

25.རྒྱལ་ཁབ་ཀྱིས་ཐུམ་འབུའི་ནད་ཕོགས་པའི་ནད་པ་ལ་རོགས་སྒྲུབ་མཁོ་སྤྲོད་ཇི་ལྟར་བྱེད་བཞིན་ཡོད་དམ།

ལན། དེ་ཡང2005ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་ཀྲུང་དབྱང་ནོར་སྲིད་ལས་ཁུངས་སུ་ས་གནས་ཀྱི་སྤྱི་གཞུང་འཕྲོད་བསྟེན་ཆེད་སྤྱོད་མ་དངུལ་ཞེས་པ་གསར་འཛུགས་བྱས་ཤིང་། ཐུམ་འབུའི་ནད་གཙོ་བོར་བཟུང་ནས་ཞིང་ཆེན་དང་ས་ཁུལ་རིམ་པའི་འགོག་སྲུང་སྨན་བཅོས་ཐད་ལ་མ་དངུལ་གཏོང་བ་དང་ལག་རྩལ་གྱིས་རྒྱབ་སྐྱོར་བྱས་པས། ལོ་རེ་བཞིན་རིམ་འཕར་གྱི་ཚད་གཞི་ཇེ་ཆེར་སོང་བས། ཐུམ་འབུའི་ནད་པ་ལ་རྩད་གཅོད་དང་སྨན་བཅོས། འགོས་ནད་འགོ་ཁུངས་ཚོད་འཛིན། བདེ་ཐང་སློབ་གསོ་སོགས་སྤེལ་བ་རེད། དེས་ཐུམ་འབུའི་ནད་ཀྱི་འགོག་སྲུང་སྨན་བཅོས་བྱ་བར་སྐུལ་འདེད་ངེས་ཅན་ཐོབ་པ་མ་ཟད། ཆེས་ཐོག་མའི་གྲུབ་འབྲས་ཡང་བླངས། 2007ལོར་ཐུམ་འབུའི་ནད་དེ་རྒྱལ་ཁབ་ཀྱི་རོགས་སྒྲུབ་བྱེད་ཡུལ་གྱི་འགོས་ནད་གལ་ཆེན་ཁྲོད་དུ་བཞག་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།