གཙང་གསུམ་འབྱུང་ཡུལ་གྱི་ཆུ་རྣམས་གང་ནས་ཡོང་བ་ཡིན་ནམ།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཟུར་ཞིག པར་རིས་ཀྲུང་གོའི་རྒྱང་སྒྲོག་དྲ་བ་ལས་དྲངས།

མདོ་དབུས་མཐོ་སྒང་ནི་དུས་ད་ལྟ་ཡིན་ནའང་ཡར་འཕགས་བཞིན་ཡོད་པའི་མཐོ་སྒང་ཞིག་ཡིན་ལ། མིག་སྔའི་མདོ་དབུས་མཐོ་སྒང་གི་ས་ཆ་གཙོ་བོ་རྣམས་ཀྱི་ས་བབ་མཐོ་ཚད་ནི་སྨི་4000གི་ཡན་ལ་ཐོན་ཡོད། མཐོ་སྒང་འདི་རུ་འཁྱགས་ཀླུང་དང་མཚེའུ། གཙང་པོ། བརླན་ས། ཁེངས་ས་བཅས་གང་སར་ཁྱབ་ཅིང་། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་སྟབས། ཆུ་བོ་གང་མང་ཞིག་གི་མགོ་ཁུངས་ཀྱང་ཡིན།

མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་དུ་ཡོད་པའི་མཚོ་སྔོན་ས་ཆ་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་གསུམ་གྱི་མགོ་ཁུངས་ཡིན་ལ། དེ་རུ་བྱུང་བའི་གཙང་པོ་ཆེན་པོ་འདི་གསུམ་གྱི་ཆུ་རྣམས་གང་ནས་ཡོང་བ་ཡིན་ནམ།


མདོ་དབུས་མཐོ་སྒང་དང་ཉེ་འཁོར་ས་ཁུལ་གྱི་མཁའ་དབུགས་འཁོར་རྒྱུག་འབྲེལ་བ། པར་རིས་རྒྱལ་ཁབ་མདོ་དབུས་མཐོ་སྒང་གི་ཚན་རིག་གཞི་གྲངས་ལྟེ་གནས་ལས་དྲངས།

གནམ་གཤིས། མདོ་དབུས་མཐོ་སྒང་དང་ཨེ་ཤ་ཡའི་ས་ཁུལ་ལ་ཤན་ཤུགས་ཆེས་ཆེ་བའི་དུས་རླུང་ནི་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་གཉིས་ནས་ཐོན་པའི་དུས་རླུང་ཡིན་ལ། རྒྱ་མཚོ་དང་སྐམ་སའི་ཚ་བ་ཕོག་ཚད་(受热不同)མི་འདྲ་སྟབས། མདོ་དབུས་མཐོ་སྒང་གི་ས་ངོས་སུ་ཚ་བ་ཕོག་རྗེས། མཁའ་དབུགས་ཇེ་དྲོར་གྱུར་ནས་ཡར་འཕགས་པ་དང་། དེའི་ཤུལ་གྱི་སྟོང་གནས་སུ་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་གཉིས་ཀྱི་ཆུ་རླངས་ཀྱིས་ཁ་གསབ་བྱས་པ་ལས། རྒྱ་མཚོ་དང་སྐམ་ས་གཉིས་ཀྱི་བར་དུ་གཏོང་ལེན་བྱེད་ནུས་(泵吸效应)ཤིག་ཆགས་པ་རེད།

མདོ་དབུས་མཐོ་སྒང་སྟེ། གངས་ཀྱི་འཇིག་རྟེན། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

གངས་རི། མི་མང་པོ་ཞིག་གི་སེམས་སུ་མདོ་དབུས་མཐོ་སྒང་གི་ཆར་ཆུ་འབབ་ཚད་ནི་ཧ་ཅང་ཉུང་བར་འདོད་ཀྱང་། མདོ་དབུས་མཐོ་སྒང་གི་དུས་རླུང་རྒྱུ་བའི་ས་ཆའི་ཆར་ཆུ་འབབ་ཚད་ནི་ལྟོས་བཅས་ཀྱིས་མང་བ་རེད། མཐོ་སྒང་གི་ཆར་བ་ནི་ཁ་བའི་རྣམ་པ་ལྟར་འབབ་པ་དང་། ཡུན་རིང་འགོར་རྗེས། སྐམ་སའི་རང་བཞིན་གྱི་འཁྱགས་ཀླུང་ཆེན་པོ་གྲུབ་ཡོད། ཡང་གཅིག་བཤད་ན། མདོ་དབུས་མཐོ་སྒང་གི་ཆུའི་ཐོན་ཁུངས་མང་ཤོས་ནི་གངས་རིའི་རྣམ་པ་ལྟར་གནས།

རི་རྒྱུད་ཆེན་པོ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

རི་རྒྱུད། རྒྱ་གར་གླིང་དུམ་དང་ཡོ་རོབ་ཨེ་ཤ་ཡའི་གླིང་དུམ་གཉིས་གདོང་གཏུག་བརྒྱབ་སྟབས། མདོ་དབུས་མཐོ་སྒང་འདི་རུ་རི་རྒྱུད་མཐོན་པོ་མང་པོ་བྱུང་ཡོད་ཅིང་། རི་རྒྱུད་དེ་དག་ཀྱང་ཤར་ནུབ་འཁོར་ཕྱོགས་ལྟར་ཆགས་ཡོད། དཔེར་ན་རི་བོ་ཧི་མ་ལ་ཡ་དང་རི་བོ་གདང་ལ། མདོ་ལ་རིང་མོ་ལྟ་བུ་ཡིན། མདོ་དབུས་མཐོ་སྒང་འདི་ནི་ལྟེབ་ཆགས་སུ་སོང་ཡོད་པ་ཞིག་དང་འདྲ་ལ། ལྟེབ་ཆགས་ཡོད་ཁུལ་ཚང་མ་ནི་འཁོར་ཕྱོགས་གཅིག་འདྲ་ཡིན་པའི་རི་རྒྱུད་མཐོན་པོ་དག་ཡིན་ཞིང་། རི་རྒྱུད་འདི་ཚང་མས་མདོ་དབུས་མཐོ་སྒང་ནི་ཨེ་ཤ་ཡའི་ཆུ་གསོག་མཐོ་ལྕོག་ཏུ་གྲུབ་པར་ནུས་པ་ཆེན་པོ་བཏོན་ཡོད།

འཁྱགས་ཀླུང་དང་དེའི་འདབས་ཀྱི་སྲོག་ཆགས། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

འཁྱགས་ཀླུང་། ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཆུ་རླངས་གཉིས་མདོ་དབུས་མཐོ་སྒང་ལ་རྒྱུ་བའི་གོ་རིམ་ནང་། འཁྱགས་འགྱུར་བྱུང་ནས་གཤེར་གཟུགས་སུ་གྱུར་པ་དང་། དེ་ནས་ས་ལ་འབབ་དུས་ཁ་བའི་རྣམ་པར་སྣང་ལ། ཁ་བ་འདི་ཚང་མ་ཡང་རིམ་བཞིན་འཁྱགས་ཀླུང་དུ་གྱུར་ཡོད། མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་ཞིབ་ཐེངས་གཉིས་པའི་གཞི་གྲངས་ལྟར་ན། མདོ་དབུས་མཐོ་སྒང་གི་འཁྱགས་དར་གྱི་གསོག་ཚད་ལ་ཚོད་དཔག་བྱས་ན་སྟོང་སྨི་དཔངས་གྲུ་བཞི་མ་8850ཙམ་ཡོད་ལ། དེ་ཉིད་ཆུ་ལ་བསྒྱུར་ནས་ཚད་འཇལ་བྱས་ན། སྨི་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི་8ཙམ་ཡོད་པ་རེད།


མདོ་དབུས་མཐོ་སྒང་གི་ས་འོག་ཆུ་ཡི་བཞུར་ཕྱོགས། པར་རིས་ས་གཞི་ཚད་ལེན་དང་སའི་གོ་ལའི་སྒུལ་ཤུགས་རིག་པའི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་ལས་དྲངས།

ས་འོག་ཆུ། གཙང་པོའི་མགོ་ཁུངས་ཀྱི་ས་འོག་ཆུ་ནི་བརླན་ས་དང་ཁེངས་སའི་ཆུ་ཁུངས་གཙོ་བོ་ཡིན་ལ། འཁྱགས་ཀླུང་གི་བྱེད་ནུས་ལས་ཆགས་པའི་འཁྱགས་ཆུའི་ཟགས་དངོས་ཀྱི་ས་ངོས་བང་རིམ་དུ་བར་སྟོང་མང་པོ་ཡོད་ཅིང་། བར་སྟོང་དེ་དག་གིས་ས་འོག་གི་ཆུ་གསོག་བར་སྟོང་ཆེན་པོ་ཞིག་གྲུབ་ཡོད་སྟབས། དེ་ནི་གཙང་པོ་མང་པོ་ཞིག་གི་མགོ་ཁུངས་སུ་གྱུར་ཡོད།

གཙང་གསུམ་འབྱུང་ཡུལ་གྱི་ཁེངས་སའི་ཁྱབ་ཚུལ། པར་རིས་རྒྱལ་ཁབ་མདོ་དབུས་མཐོ་སྒང་གི་ཚན་རིག་གཞི་གྲངས་ལྟེ་གནས་ལས་དྲངས།

ཁེངས་ས། ཁེངས་ས་ནི་མདོ་དབུས་མཐོ་སྒང་གི་ས་ཁམས་ཁོར་ཡུག་དང་གནམ་གཤིས་ཆ་རྐྱེན་ལས་གྲུབ་པ་ཞིག་ཡིན། གལ་ཏེ། འཛམ་གླིང་ཡོངས་ཀྱི་གནམ་གཤིས་ཇེ་དྲོར་གྱུར་ན། ཁེངས་སར་ཤུགས་རྐྱེན་ཐེབས་ནས་དེ་ཉིད་ཞུ་བ་དང་། དེ་ནས་ཁེངས་སའི་ནང་གི་ཆུ་དང་གསོག་ཉར་བྱས་པའི་ཐཱན་རྫས། གནོད་ལྡན་སྐྱེ་དངོས་བཅས་ཕྱིར་ཐོན་བྱུང་སྟེ་འཛམ་གླིང་ཡོངས་ཀྱི་གནམ་གཤིས་དང་སྐྱེ་ཁམས་ཁོར་ཡུག མིའི་རིགས་ཀྱི་འཚོ་བ་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡིན། དེར་བརྟེན། ཁེངས་ས་ནི་སྐྱེ་ཁམས་དོ་མཉམ་གྱི་མཚོན་རྟགས་ཤིག་ཡིན།

གཙང་གསུམ་འབྱུང་ཡུལ་གྱི་བརླན་ས། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།

བརླན་ས། མཐོ་སྒང་གི་བརླན་ས་ཡིས་ཉེ་འཁོར་ས་ཁུལ་གྱི་ཆུ་ཁུངས་སྙོམས་སྦྱོར་བྱེད་བཞིན་ཡོད་ལ། དེ་ནི་ཆུའི་གསོག་ཚད་ཀྱི་ལྷན་སྐྱེས་སྙོམས་སྒྲིག་འཕྲུལ་ཆས་ཤིག་ཡིན་པར་མ་ཟད། བརླན་ས་ལ་ཆུ་ལག་སྙོམས་སྦྱོར་དང་ཆུ་ལོག་ཚོད་འཛིན་གྱི་སྐྱེ་ཁམས་བྱེད་ནུས་ཀྱང་ལྡན། མཐོ་སྒང་གི་བརླན་སར་དམིགས་བསལ་གྱི་གྲང་འཁྱགས་གནམ་གཤིས་དང་ས་གཤིས་གྲུབ་ལུགས། ས་ཁམས་གནས་ཡུལ་བཅས་འཛོམས་པ་ལས་དམིགས་བསལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཞིག་གྲུབ་ཡོད་སྟབས། དེ་ལ་སྐྱེ་ཁམས་ཀྱི་རིན་ཐང་ཆེན་པོ་ཡོད།

རྨ་ཆུའི་མགོ་ཁུངས། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།

དེ་བས། གཙང་གསུམ་འབྱུང་ཡུལ་གྱིས་མདོ་དབུས་མཐོ་སྒང་གི་ངོ་མཚར་མཛེས་ལྗོངས་མང་པོ་བསྐྲུན་ཡོད་ལ། མཚོ་སྔོན་གྱི་ས་གཤིས་ས་ཁམས་ཆགས་ཚུལ་དང་གནམ་གཤིས། ས་དབྱིབས་རྣམ་པ་དམིགས་བསལ་ཅན་འདི་དག་གིས་ཀྱང་གཙང་གསུམ་འབྱུང་ཡུལ་འདི་བསྐྲུན་པ་རེད།