《མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་ཡིད་རྟོན་ཆ་འཕྲིན་སྲོལ་ཡིག》ཟླ5པ་ནས་ལག་བསྟར་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བརྡ་ཁྱབ།

(ཨང་རྟགས་སོ་བརྒྱད་པ།)

རང་རེའི་དྲ་བའི་འཕྲིན། 2021ལོའི་ཟླ3པའི་ཚེས31ཉིན་འཚོགས་པའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་སྟེང《མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་ཡིད་རྟོན་ཆ་འཕྲིན་སྲོལ་ཡིག》ལ་གྲོས་འཆམ་བྱུང་ཞིང2021ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཁྱབ་སྒྲོག་བྱས།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

2021ལོའི་ཟླ3པའི་ཚེས31ཉིན།

ལོ་ཙཱ་པ། ལྷ་ཆེན་རྒྱལ།