རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་བསྡུ་བའི་བརྡ་ཐོ།

རང་རེའི་དྲ་བའི་འཕྲིན། ཀྲུང་དབྱང་གི་ཐེངས་བདུན་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སྔར་ལས་སློབ་སྦྱོང་ལག་བསྟར་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ས་གནས་གལ་ཆེན་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་དུ་གཏང་ཆེད། རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ནས2021ལོའི་ཟླ4པའི་ཚེས23ནས25ཉིན་བར་བསྡུ་རྒྱུ་རེད། ཐེངས་འདིའི་བགྲོ་གླེང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ལན་ཀྲོའུ་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་ཐོག་གཙོ་སྒྲུབ་མཛད་རྒྱུ་ཡིན་ཞིང་། ལན་ཀྲོའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་ལས་དོན་གཞུང་སྒྲུབ་ཁང་གིས་མཉམ་འབྲེལ་སྒོས་འགན་སྒྲུབ་དང་། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གིས་རོགས་བསྒྲུབ་གནང་བ་རེད། རྒྱ་ཆེའི་ཆེད་མཁས་པ་དང་ཞིབ་འཇུག་པ་རྣམས་ཀྱིས་དཔྱད་རྩོམ་བསྐུར་ནས་བགྲོ་གླེང་ཚོགས་འདུའི་སྟེང་ཕེབས་པར་ཞུ།

གཅིག གྲོས་གཞི།

1.བོད་ཡིག་དཔེ་རྙིང་སྲུང་སྐྱོབ་ཀྱི་ད་ལྟའི་གནས་ཚུལ།

2.བོད་ཡིག་དཔེ་རྙིང་འཕྲུལ་རྩིས་ཅན་བཟོ་བ།

3.བོད་ཡིག་དཔེ་རྙིང་ཞིབ་འཇུག་ལེགས་སྒྲིག་དང་དཔེ་སྐྲུན།

4.བོད་ཡིག་དཔེ་རྙིང་ཁྲོད་ཀྱི་ཚན་རྩལ་ཡིག་ཆ་ཞིབ་འཇུག

5.བོད་ཡིག་དཔེ་རྙིང་ཁྲོད་ཀྱི་རུའུ་ལུགས་དང་ཏའོ་ལུགས་ཡིག་ཆ་ཞིབ་འཇུག

6.བོད་ཡིག་དཔེ་རྙིང་ཁྲོད་ཀྱི་མི་རིགས་སོ་སོའི་བརྗེ་རེས་མཉམ་འདྲེས་ཀྱི་ལོ་རྒྱུས་ཡིག་ཆ་ཞིབ་འཇུག

7.བོད་ཡིག་དཔེ་རྙིང་སྲུང་སྐྱོབ་དང་ཞིབ་འཇུག་དང་འབྲེལ་བའི་རང་འདེམས་ཀྱི་གྲོས་གཞི་བཅས་རེད།

གཉིས། ས་གནས།

ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ལན་ཀྲོའུ་སློབ་ཆེན།(兰州市天水南路222号)

གསུམ། གྲོན་དངུལ།

ཚོགས་འདུའི་རིང་ཟ་མ་དང་སྡོད་གནས། རྒྱུ་ཆའི་འགྲོ་གྲོན་བཅས་ཚོགས་འདུ་འགན་སྒྲུབ་པས་འགན་འཁུར་རྒྱུ་ཡིན་ཞིང་། འགྲོ་འོང་གི་འགྲིམ་འགྲུལ་འགྲོ་གྲོན་རང་གིས་འགན་དུ་འཁུར་དགོས།

བཞི། འབྱོར་ལན་དང་དཔྱད་རྩོམ་སྐུར་ཡུལ།

1. 2021ལོའི་ཟླ4པའི་ཚེས5ཉིན་གྱི་སྔོན་ལ་གྲོས་ཚོགས་ཀྱི་ཡིག་ཟམ་སྟེང་སྦྱོར་ལན་ཆ་འཕྲིན་བསྐུར་དགོས་ཤིང་། ཟླ4པའི་ཚེས15ཉིན་གྱི་སྔོན་ལ་ཡིག་ཟམ་སྟེང་དཔྱད་རྩོམ་བསྐུར་དགོས།

2.གློག་རྡུལ་ཡིག་ཟམ། lzutibetology@163.com

ལྔ། འབྲེལ་གཏུག་བྱ་ཡུལ།

ཀྲང་ཀྲེ་ཧའོ། (ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས།010-64932941)

ལྷུན་གྲུབ།(ལན་ཀྲོའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས།17393107989)

གློག་རྡུལ་ཡིག་ཟམ། lzutibetology@163.com

བརྙན་སྐྱེལ་ཨང་གྲངས། (传真) 010-64928545

ལན་ཀྲོའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས།

2021ལོའི་ཟླ3པའི་ཚེས24ཉིན།

ལོ་ཙཱ་པ། ལྷ་ཆེན་རྒྱལ།