ཨ་རིའི་སྐད་ཡིག་སློབ་ཁྲིད་བྱེད་སྟངས།

ཉེ་སྔོན་གདན་ཞུས་ལྟར་ཨ་རིའི་ཧྥུ་ལའོ་ལི་ ཏ་སློབ་ཆེན་གྱི་སློབ་གསོ་སློབ་གླིང་དུ་ལོ་ཕྱེད་རིང་ སློབ་སྐོར་མཁས་པ་བྱས་པ་ཡིན། ཨ་རིའི་སློབ་ འབྲིང་གི་སྐད་ཡིག་སློབ་ཁྲིད་ཀྱི་གནས་ཚུལ་དངོས་ རྟོགས་ཆེད། ང་དང་ཧྥུ་ལའོ་སློབ་ཆེན་ཁོངས་ གཏོགས་སློབ་འབྲིང་གི་ཨ་རིའི་དགེ་རྒན་ཀྲེན་དང་ ཁོ་ཏི། ཁེ་ཐུ་གསུམ་གྱིས་ཞིབ་འཇུག་ཚོགས་ཆུང་ ཞིག་བཙུགས།

ཨ་རིའི་དགེ་རྒན་ལ་གཞུང་སྒྲུབ་ཁང་ མེད། ང་ཚོས་དགེ་རྒན་ཁོ་ཏིའི་སློབ་དཔྱོད་ཁང་དུ་ བགྲོ་གླེང་ཚོགས་འདུ་ཚོགས་པ་ཡིན། སྐབས་དེར་ ངའི་མིག་དབང་ཅིག་ཅར་འཕྲོག་པ་ནི་དཀྱིལ་དུ་ དཔེ་ཆས་བཀང་བའི་ཅོག་ཙེ་ཆུང་ཆུང་དེ་ རེད། བསྡོམས་པས་དཔེ་ཆ་མི་འདྲ་བ10ཡོད། དེ་ དག་ལས་རྒྱུས་མངའ་ཡོད་པ་དཔེར་ན། ཧུའུ་སའེ་ ཉི་ཡི《འོད་སྟོང་འབར་བའི་ཉི་འོད》དང་། ཀོར་ ཏིང་གི《སྦྲང་ནག་རྒྱལ་པོ》སུའུ་ས་ཁོ་ཡི《དཔེ་ རྐུན》སོགས་རེད། རྒྱུས་མངའ་མེད་པ་ནི་ཏའེ་ཝེ་ སི་ཡི《མེར་གྱི་དམག་འཁྲུག》དང་། མའེ་ཁའོ་སྨི་ ཁོ་ཡི《གཏན་ནས་མི་ལྟུང་བ》སོགས་ཡོད། དཔེ་ཆ་ དེ་དག་ནི་ཉེ་སྔོན་ཁོ་ཏི་ཡིས“དམག་འཁྲུག་རྩོམ་ རིག”ཅེས་པའི་བརྗོད་བྱ་གཙོ་བོའི་སློབ་ཁྲིད་ སྐབས་སློབ་མ་ཚོར་དམིགས་གཏད་དཔེ་ཀློག་བྱས་ སུ་བཅུག་པ་རེད།
      དགེ་རྒན་ཁོ་ཏིས་ང་དཔེ་ཆ་དེ་དག་ལ་སྤྲོ་བ་ ཆེན་པོ་ཡོད་པ་རྟོགས་ནས་ཤིན་ཏུ་དགའ་བོ་བྱུང་། ཁོ་གྱང་རྩའི་དཔེ་སྒྲོམ་དེའི་གམ་དུ་ཕྱིན་ ནས་སྒོ་ཕྱེ་པ་ན། དཔེ་ཆ་ཡིས་ཡོངས་སུ་བཀང་ འདུགདེ་དག་ནི་སློབ་མས་སྐད་ཡིག་སློབ་ཁྲིད་ སྐབས་བཀླག་དགོས་པའི་དཔེ་ཆ་རེད། འོ་ ན། སློབ་དེབ་གང་དུ་ཡོད་ཅེས་དྲིས་པ་ན།“ཁོ་ གད་མོ་དགོད་ཞོར་འདི་དག་ནི་སློབ་དེབ་ཡིན་ ཟེར། ”འདི་དག་ནི་ཁོ་ཚོའི་སློབ་དེབ་ཡིན་ ནམ། ངས་ཡང་བསྐྱར“ཨ་རིའི་དགེ་རྒན་ལ་སློབ་ དེབ་མི་དགོས་པར་བརྩམས་ཆོས་འདེམས་ནས་ སློབ་ཁྲིད་བྱེད་བཞིན་ཡོད་དམ”ཞེས་དྲིས་པ་ ན། དགེ་རྒན་གསུམ་པོས་གཟབ་ནན་གྱིས་གྲོས་ ཤིག་བྱས་ཏེ། བཤད་རྒྱུར“ཡོད་ཚད་དེ་འདྲ་ མིན། སློབ་འབྲིང་དང་དགེ་རྒན་མང་ཤོས་ཀྱིས་ སློབ་དེབ་སྤྱོད་བཞིན་ཡོད་མོད། འོན་ཀྱང་སློབ་གྲྭ་ དང་དགེ་རྒན་མི་ཉུང་བ་ཞིག་རང་གིས་བརྩམས་ ཆོས་འདེམས་ནས་སློབ་ཁྲིད་བྱེད་རྒྱུར་མོས། དེ་ ལྟར་སློབ་མར་སྒྲུང་གཏམ་ཀློག་ཏུ་བཅུག་ན་སློབ་ མའི་དཔེ་ཀློག་ནུས་པ་དང་དབྱེ་འབྱེད་ནུས་ པ། མཐའ་དཔྱོད་ནུས་པ་བཅས་སྐྱེད་སྲིང་བྱེད་ ཐུབ”ཟེར། 

ཨ་རིའི་སྐད་ཡིག་སློབ་ཁྲིད་བྱེད་སྐབས་ དེང་རབས་རྩོམ་ཡིག་ཀློག་འདོན་བྱེད་པར་ཧ་ ཅང་གཙིགས་ཆེན་བྱེད་ལ་སྤྲོ་བ་ལྷག་ཏུ་ལྡན། རྒྱུ་ མཚན་ནི་རྩོམ་ཡིག་དེ་དག་སློབ་མའི་འཚོ་བ་དང་ ཧ་ཅང་ཉེ་བར་བརྟེན། ཁོ་ཚོའི་བསམ་བློ་གཅིག་ མཐུན་ཡོང་སླ་ཞིང་མི་གཤིས་ལ་གོ་བ་གཏིང་ཟབ་ལེན་ཐུབ།

ཨ་རིའི་སློབ་འབྲིང་གིས་སློབ་ལོ་གཅིག “སློབ་དུས”བཞི་རུ་བགོས་ཡོད་ལ།“སློབ་ དུས”རེར་ཧ་ལམ་གཟའ་འཁོར9ཡི་ཡུན་ཡོད་ པས། སྤྱིར་བཏང་ད“སློབ་དུས”གཅིག་ལ་ཉུང་མཐར་ཡང་དཔེ་ཆ་གཅིག་བཀླག་དགོས། དགེ་ རྒན་ཀྲེན་གྱིས་སློབ་སྐབས་འདིར་སློབ་མ་ཚོར་སྔ་ རྗེས་སུ《ཟངས་ཀྱི་ཉི་མ》དང《བྱེའུ་ཀྲི་ཀེང་ཞིག་ བསད་པ》《རྩ་ཐོར་དུ་གྱུར་པ》《རྒྱུས་མངའ་མེད་ པའི་མི》བཅས་དང་། རང་བདམས་སྒྲུང་གཏམ་གཅིག་ཀློག་ཏུ་བཅུག

ཨ་རིའི་སློབ་འབྲིང་གིས་སྒྲུང་གཏམ་ཀློག་ འདོན་བྱེད་སྐབས། མཐའ་དཔྱོད་རང་བཞིན་གྱི་ བསམ་གཞིགས་བྱེད་སྟངས་གཙོར་བཟུང་བས། ཁོ་ ཚོ་བགྲོ་གླེང་བྱེད་རྒྱུར་སྤྲོ་བ་ཆེན་པོ་ལྡན། ངས་ དགེ་རྒན་ཁོ་ཏི་ཡི་སློབ་ཐུན་ཅིག་ལ་ཉན་ མྱོང་། སློབ་ཐུན་དེར་དགེ་རྒན་ཁོ་ཏིས་སྔོན་ལ་ ཙུང་ཐུང་འདེམས་བསྐོར་ཞུགས་མཁན་ལྔ་ བདམས་ནས། སློབ་མ་ཚོར་རང་གིས་བཀླགས་ པའི་སྒྲུང་གཏམ་ལས་མི་སྣ་གདམ་པའི་རེ་བ་ བཏོན་པ་དང་། ཁོས་འདེམས་སྒུག་འོས་མི་སུ་ཞིག་ ལ་འདེམ་ཤོག་འཕེན་པར་ཚོད་དཔག་བྱས། སློབ་ གྲོགས་ཚོ་དགའ་སྤྲོ་ཆེན་པོ་སྐྱེས་ཏེ། རང་གིས་ བཀླགས་པའི་སྒྲུང་གཏམ་མི་སྣར་འདེམས་ཤོག་འཕངས། ཁོ་ཚོས་ནན་ཏན་གྱིས་ཉན་པ་དང་། ནན་ ཏན་གྱིས་འདེམས་བསྐོ་བྱེད་པར་གཞིགས་ན་དངོས་ སུ་འདེམས་ཤོག་འཕེན་པ་དང་ཀུན་ནས་ མཚུངས། སློབ་ཐུན་འདིར་ཨ་རིའི་དགེ་རྒན་གྱིས་ ཡུལ་དངོས་ནས་གནད་དོན་བཏོན་སྟེ། སློབ་མའི་ རྩོམ་ཡིག་དང་དངོས་ཡོད་འཚོ་བ་ཟུང་འབྲེལ་བྱེད་ པའི་ནུས་པ་སྐྱེད་སྲིང་བྱེད་པ་རེད།
       ཨ་རིའི་སློབ་འབྲིང་གི་སྐད་ཡིག་སློབ་ཁྲིད་ དུ། རྩོམ་འབྲིའི་ལས་བྱ་ཤིན་ཏུ་མང་བ་དང་། རྒྱུན་ གཏན་གྱི་དཔེ་ཀློག་སྙན་ཞུ་ལས་གཞན། ད་དུང་ བརྡ་སྦྱོར་འབྲི་བར་ཡང་བྱང་ཆ་ཧ་ཅང་ལྡན། དགེ་ རྒན་ཁེ་ཐུའི་འཛིན་གྲྭར་སློབ་ཁྲིད་ལ་ཉན་དུ་ཕྱིན་ པ་ན། ཁོ་ཚོས“ཤོག་བྱ་བདའ་བའི་མ”ཞེས་པ་ བཀླགས་ཚར་མ་ཐག་རེད་ལ། གྱང་ངོས་སུ་སློབ་ མའི་དཔེ་ཀློག་བརྡ་སྦྱོར་གྱིས་བཀང་འདུག ཡིན་ན་ཡང་། ཨ་རིའི་དགེ་རྒན་གྱི་དཔེ་ ཀློག་སློབ་ཁྲིད་ནི་ང་ཚོས་དྲན་པ་ལྟར་ལས་སླ་མོ་ ཞིག་ཡེ་ནས་མ་ཡིན་པར། ཁྱིམ་བདག་གིས་མཐའ་ གཅིག་ཏུ་ཁོ་ཚོའི་སློབ་ཁྲིད་འཚོལ་ཞིབ་ལ་རྒྱབ་ སྐྱོར་མི་བྱེད་པར་མ་ཟད། ཀྲོའུ་མངའ་ཁུལ་གྱི་ གཅིག་གྱུར་རྒྱུགས་ལེན་གྱི་གནོན་ཤུགས་སོགས་ ཀྱིས་ཀྱང་ཁོ་ཚོ་སྡུག་ལ་སྦྱར་བཞིན་ཡོད། འོན་ ཀྱང་། དགེ་རྒན་མང་ཆེ་བ“སྐད་ཡིག་ནི་དཔེ་ཆ་ ཁྲིད་པ་ཙམ་མིན་པར་མི་གཤིས་གསོ་སྐྱོང་བྱེད་པ་ ཡིན”ཞེས་པར་བློ་ཁ་གཅིག་ཏུ་མཐུན། འདི་ཡང་ ཨ་རིའི་དགེ་རྒན་གྱིས་གནོན་ཤུགས་རྒྱབ་ཏུ་བསྐྱུར་ ཏེ་སྐད་ཡིག་སློབ་ཁྲིད་བྱེད་པའི་ཀུན་སྤྱོད་བླ་ན་ མེད་པ་ཞིག་རེད།


2019ལོའི《དབྱི་ལིན》འདོན་ཐེངས12པ་ལས་བདམས་ཏེ་བོད་ཡིག་ཏུ་བསྒྱུར།
ཚའོ་ཡུང་ ཅུན་གྱིས་བརྩམས།
སྐལ་བཟང་རྒྱལ་གྱིས་བསྒྱུར།