སློབ་གསོ་བ་གྲགས་ཅན་ཐའོ་ཞིན་ཀྲི་ལགས་ཀྱི་སློབ་གྲྭ་འཛུགས་གཉེར་གྱི“མན་ངག་ཡིག་འབྲུ་བཅུ་དྲུག”སྐོར་རགས་ཙམ་གླེང་བ།

ཀྲང་ཤིན་ཕིང་གིས་བརྩམས། ནན་ཅིང་ དགེ་འོས་སློབ་ཆེན་སློབ་གསོ་ཚན་རིག་ཁང་།

འཇམ་དཔལ་གྱིས་བསྒྱུར། ཀྲུང་གོའི་མི་ རིགས་སྐད་ཡིག་ཡིག་སྒྱུར་ཅུས་བོད་ཡིག་ཁང་།

“མན་ངག་ཡིག་འབྲུ་བཅུ་དྲུག”ཅེས་པ་ནི་ སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས་དགེ་རྒན་དཔུང་ ཁག་འཛུགས་སྐྱོང་ཐད་ནན་བཤད་གནང་བའི “དགེ་རྒན་རྒྱབ་རྟེན། ཕྱར་བ་གྲུ་འདེགས”ཞེས་པ་ དང་སློབ་གྲྭར་ནོར་སྲིད་དོ་དམ་ཐད་ནས་མཐོང་ ཆེན་བྱེད་དགོས་པའི“འབྱུང་འབྱེད་རྒྱུན་སྲི། སྔོན་ རྩིས་ཤུགས་རྒྱག”ཅེས་པར་ཟེར། དགེ་རྒན་རྒྱབ་རྟེན། ཕྱར་བ་གྲུ་འདེགས། སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས། སློབ་ གསོ་རྙིང་པ་ནི་འཆི་བའི་སློབ་གསོ་ཡིན་པ་དང་།སློབ་གསོ་གསར་པ་ནི་སྤྱོད་ལམ་གྱི་སློབ་གསོ་ཞིག་ ཡིན་པའི་ངོས་འཛིན་གནང་བཞིན་ཡོད། སློབ་གྲྭ་ གསར་པའི་ནང་དུ་སློབ་གསོ་གསར་པ་དོན་དུ་ གཉེར་མཁན་གྱི་དགེ་རྒན་གསར་པར་ཆ་རྐྱེན་ལྔ་ འཛོམས་དགོས་པ་སྟེ། གཅིག་ནི་དད་མོས་ཀྱི་ བསམ་པ་ཡོད་དགོས། གཉིས་ནི་འགན་འཁྲི་ འཁུར་སེམས་ཡོད་དགོས། གསུམ་ནི་སྤྱི་མཐུན་གྱི་ སྙིང་སྟོབས་ཡོད་དགོས། བཞི་ནི་གསར་གཏོད་ཀྱི་ སྙིང་སྟོབས་ཡོད་དགོས། ལྔ་ནི་ཚོད་ལྟའི་སྙིང་ སྟོབས་ཡོད་དགོས། དེ་རྗེས། སྐུ་ཞབས་ཐའོ་ཞིན་ཀྲི་ ལགས་ཀྱིས་དམངས་གཙོའི་སློབ་གསོ་སྤེལ་བའི་ ཆེད་དུ། དགེ་རྒན་ལ་མཉམ་འབྲེལ་ཀུན་མཐུན་གྱི་ འདུ་ཤེས་ཡོད་དགོས་པ་དང་། ལས་གྲོགས་བར་ ཕན་ཚུན་བརྩི་འཇོག་དང་དམངས་གཙོའི་གྲོས་ མོལ་ལྡན་དགོས་པ་ནན་བཤད་གནང་ཡོད།
     1921
ལོར། སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས་འགན་ བཞེས་པའི་ནན་ཅིན་མཐོ་རིམ་དགེ་ཐོན་སློབ་གྲྭའི་ འབྲིང་རིམ་ལས་བྱེད་པ་ཙོའུ་པིན་ཝུན་གྱིས་སློབ་ གྲྭར་བསམ་བློ་བཏང་སྟེ། སློབ་གྲྭའི་ཕྱོགས་ལ་ནན་ ཁའེ་སློབ་གྲྭའི་དགེ་རྒན་ཀྲུང་ཞིན་ལའེ་ཚུར་གདན་འདྲེན་བྱེད་པའི་བསམ་ཚུལ་བཏོན་པ་ན་སློབ་གཙོ་ ཀུའོ་པིན་ཝུན་གྱིས་རྒྱབ་སྐྱོར་ཐོབ་ཡོད། སྐུ་ཞབས་ ཐའོ་ཞིན་ཀྲི་ལགས་ཀྱིས་གནས་ཚུལ་དེ་ཐོས་ རྗེས། མྱུར་དུ་ཀུའོ་པིན་ཝུན་ལ་ཞུ་ཡིག་ཕུལ་ཞིང་།བསམ་འཆར་བཞི་བཏོན་ནས་དོན་དེ་ལ་དགག་པ་ བརྒྱབ་ཡོད་པ་སྟེ།“གཅིགངེད་ཅག་གིས་རྒྱལ་ ཁབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཆེད་མཐོ་ རིམ་དགེ་རྒན་འཛུགས་རྒྱུ་དང་། སྐུ་ཞབས་པོ་ལིན་ (ཀྲང་པོ་ལིན)གྱིས་ཀྱང་རྒྱལ་ཁབ་ཀྱི་ཤེས་ལྡན་མི་ སྣ་གསོ་སྐྱོང་བྱེད་ཆེད་ནན་ཁའེ་སློབ་གྲྭ་བཙུགས་པ་ཤིང་། རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་གཅིག་མཚུངས་ཡིན་ལ། རང་སློབ་ གྲྭར་ཁེ་ཕན་ཡོད་ནའང་ནན་ཁའེ་སློབ་གྲྭའི་ཕྱོགས་ སུ་གྱོང་གུན་ཆེ་བས། རྒྱལ་ཡོངས་ལ་མིག་གིས་ བལྟས་ཏེ་ལྟ་ཞིབ་བྱས་ན། བྱེད་ཐབས་འདི་ནི་ ད ངོ ས ་ ག ན ས ་ ཁ ་ ག ས བ ་ མེ ད ་ པ ་ ཞི ག ་ ཡིན། གཉིས། མི་སྒེར་གྱིས་མཛའ་བཤེས་ལ་བསམ་ བློ་གཏོང་དགོས་པ་དང་། ལས་ཁུངས་ཀྱིས་ཀྱང་ མཛའ་མཐུན་ལ་བསམ་བློ་གཏོང་དགོས། ཉེ་ན་ཅིན་ལིན་གྱི་ས་གནས་འབྲེལ་བར་བརྟེན་པ་ དང་། རིང་ན་པེ་ཅིན་སློབ་ཆེན་དང་ནན་ཁའེ་ གཉིས་ཀྱིས་དམིགས་འབེན་འབྲེལ་བར་བརྟེན་པ། དེའི་བརྩེ་དུང་མཐའ་དག་རྒྱུན་སྐྱོང་བར་བྱེད་ དགོས་པ་ལས་གནོད་སྐྱོན་སྤུ་ཙམ་ཡང་གཏོང་མི་ རུང་། གསུམ། སློབ་གྲྭ་དེའི་དགེ་རྒན་ཕར་འགྲོ་ ཚུར་འོང་བྱེད་སྐབས་རང་ཐག་རང་གཅོད་བྱེད་ དགོས་པ་ལས་ཕྱོགས་གཅིག་གི་སློབ་གྲྭས་སྐུལ་སློང་བྱེད་མི་རུང་། བཞི། དགེ་རྒན་ཁ་སྣོན་དང་གཞན་ གྱི་མི་སྣ་ཧམ་འཕྲོག་བྱེད་པ་མཐའ་དག་ལས་རང་ ཉིད་ལ་མེད་པའི་མི་སྣ་གསོ་སྐྱོང་བྱ་རྒྱུ་གལ། ”འདི་ ལས་མངོན་གསལ་ལྟར། སྐུ་ཞབས་ཐའོ་ཞིན་ཀྲི་ ལགས་ཀྱིས་མཐོར་འདེགས་གཏོང་བའི་དགེ་རྒན་ གྱི་དཔུང་སྡེ་དོ་དམ་བྱེད་པའི་རྩ་དོན་ནི་ང་ཚོར་ད་ ལྟའང་སྔར་བཞིན་མཛུབ་སྟོན་གྱི་དོན་སྙིང་རྒྱ་ཆེན་པོ་འདུག་པ་རེད།

1941ལོའི་སྔ་རྗེས་སུ་ཤེས་ལྡན་མི་སྣ་གསོ་ སྐྱོང་སློབ་གྲྭར་འཚོ་གནས་ཀྱི་དཀའ་ངལ་ཧ་ཅང་ ཆེན་པོ་འཕྲད་ཅིང་། སློབ་གྲྭས“ཟླ་རེར་གྱོང་གུན་ ཐེབས་ཚད་སྔོན་རྩིས་ལས་ཆེས་ཆེར་བརྒལ་ བ་”དང་། དགེ་རྒན་དང་སློབ་མ་ཁ་ཤས་ལ་སྐྱོ་ སྣང་དང་དཀའ་སྡུག་ལ་སྐྲག་པའི་རྣམ་འགྱུར་ མངོན་ཡོང་། དེར་བརྟེན། སྐུ་ཞབས་ཐའོ་ཞིན་ཀྲི་ ལགས་ཀྱིས་མྱུར་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་སློབ་ གྲྭའི་མཱ་ཡུས་ཞན་ལ་འཕྲིན་ཡིག་བསྐུར་ཏེ། ཚང་ མར་སྙིང་སྟོབས་ཧུར་སྐྱེད་བྱེད་དགོས་པའི་སྐུལ་མ་ བཏང་། སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས་ གསུངས་རྒྱུར།“ནམ་རྒྱུན་སློབ་གྲྭ་གཉེར་བར་ ཡོད་ཚད་བདེ་བླག་ཡིན་པ་དང་མི་བུ་ཀུན་གྱིས་ ཀྱང་སློབ་གྲྭ་སྒྲུབ་ཐུབ་ཀིན་ཡོད། དཀའ་ཚེགས་ ཆེན་པོའི་ཁྲོད་དུ་གཡོ་འགུལ་མི་གཏོང་བར་གསར་གཏོད་བྱེད་པ་ནི་ད་གཟོད་ཤིན་ཏུ་རིན་ཐང་ཆེ་བ་ ཞིག་ཡིན། བརྩོན་ལེན་ནི་བྱ་དངོས་ཀུན་གྱི་ཕ་རྒན་ ལྟ་བུ་ཡིན། ”དེ་སྔོན་མ་ལི་ཞན་གྱིས་སྐུ་ཞབས་ཐའོ་ ཞིན་ཀྲི་ལ་ལས་ཁུར་དགོངས་ཞུའི་འཕྲིན་ཡིག་ བཏང་། སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས“ཁྱེད་ ཀྱི་སྤྱི་གཉེར་པུའུ་ཡག་པོ་གཉེར་མེད་པ་ དང་། རྗེས་མཐུད་བྱེད་མཁན་ཀྱང་ཁྱེད་ཀྱིས་འོས་ སྦྱོར་བྱས་མེད་པས། ངས་སློབ་གསོའི་ལངས་ ཕྱོགས་ནས་ཁྱེད་ཀྱི་ལས་ཁུར་དགོངས་ཞུ་དང་ལེན་ བྱེད་འདོད་མེད”ཅེས་ལན་གསལ་བོ་བཏབ་ འདུག ཡང་གཅིག་བཤད་ན།“ངེས་པ་དོན་གྱིས་ འོད་ཟེར་སྟོང་ལྡན་གྱི་ལམ་བུ་ཞིག་གཏོད་འདོད་ ཚེ། སློབ་གྲྭ་ཡོངས་ཀྱིས་ཕྱར་བ་གྲུ་འདེགསངང་མི་ སོ་སོའི་ཚེ་སྲོག་བྱ་གཞག་གི་ནང་དུ་བཞག་ན། ད་ གཟོད་རླབས་ཆེ་བའི་སྟོབས་ཤུགས་འདོན་སྤེལ་ བྱེད་པ་དང་། ལས་འགན་གལ་ཆེན་འདི་ལེགས་ འགྲུབ་བྱེད་ཐུབ་པ་ཡིན། ” སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས་སློབ་ སྒྲུབ་བརྒྱུད་རིམ་ཁྲོད། གཅིག་ནས་མཁས་པ་སྐོམ་ པས་ཆུ་འདོད་པ་བྱེད་དགོས་པ་དང་གཉིས་ནས་ བརྩེ་དུང་གིས་མི་བསྐྱངས་དགོས། དེའི་ཐད་ནས་ སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས་དབྱང་ཞའོ་ཁྲུན་ ལ་བཏང་བའི་འཕྲིན་ཡིག་གཉིས་ལ་གོ་སྐོན་བློ་ འགུག་གི་ནུས་པ་ཆེན་པོ་ལྡན། དེའི་ནང་དོན་ གཤམ་གསལ་ལྟར།“ཡུས་ཧྲུའུ་ཡུས(ཀྲའོ་ཧྲུའུ་ ཡུས་ལ་ཟེར)ཀྱིས་གྲོང་གསེབ་ཀྱི་དགེ་འོས་སློབ་གྲྭ་ གསར་འཛུགས་བྱས་ཏེ། གྲོང་གསེབ་ཀྱི་སློབ་གསོ་ དང་དགེ་འོས་སློབ་གསོའི་བཅོས་བསྒྱུར་མཐར་ ཕྱིན་པར་བྱེད་རྒྱུ་དང་། མྱུར་དུ་ནུ་བོ་དང་མཉམ་ དུ་འབད་བརྩོན་བྱས་ཏེ། ཕྱི་རྒྱལ་དུ་སློབ་སྦྱོང་ལ་ སོང་ནས་ལོ་འགའ་འགོར་ནའང་གནོད་སྐྱོན་མི་ འདུགསྐུ་ཞབས་ཧྲུའུ་ཡུས་ཀྱི་འཕྲིན་ཡིག་ལ་གལ་ཏེ་ གཅུང་པོ་ཐོབ་ན་གསེར་ཁྲི་བརྒྱ་ལས་རྒྱལ་བ་ རེད། ནུ་བོས་འཕྲིན་ཡིག་མཐོང་བ་ན་སྤུན་གྲོགས་ ཡུས་ཧྲུའུ་ཡང་དེ་ལྟར་ཡིན། ཚང་མས་སྟོབས་ ཤུགས་ཡོད་རྒུ་འདོན། ” འཕྲིན་ཡིག་གཞན་ཞིག་ནི་སྐུ་ཞབས་ཐའོ་ ཞིན་ཀྲི་ལགས་ཀྱིས་དབྱང་ཞན་ཁྲུན་ཧྲེང་གིས་ དོ ག ས ་ འ ཆ ར ་ བྱ ས ་ རྗེ ས ་ བྲི ས ་ པ ་ ཡི ན ་ པ ་ དང་། འཕྲིན་ཡིག་ནང་བརྗོད་དོན།“ཁྱེད་རང་ (དབྱང་ཞའོ་ཁྲུན་ལ་ཟེར)གིས‘སློབ་གྲྭ་ལོག་ མིན’ཞེས་པའི་ཡིག་འབྲུ་བཞི་ཡིས་བསླངས་པའི་ རྩོད་གཞི་ཆེན་པོ་ཤེས་གསལ་ཡོད་པ་ལྟར། ཁྱེད་ དང་སློབ་གྲོགས་བར་བྱུང་བའི་འབྲེལ་བ་དེ་རིགས་ མ་མ་ཁོ་ནས་མ་གཏོགས་འགྲན་མི་ཆོག་པ་ཡིན། ཁྱེད་ཀྱིས་འབྲེལ་བ་འདི་རིགས་དྲན་མ་ཐག་སློབ་ གྲོགས་ཚོ་དང་ད་ལྟ་ང་ཚོར་བྱུང་བའི་སྡུག་བསྔལ་ དེ་རྟོགས་ཐུབ། ”མདོར་ན། སློབ་གྲྭ་འདིའི་མདུན་ ལམ་ལ་རེ་བ་ཡོད། ཁྱེད་རང་ཕྱིར་ལོག་ཕེབས་མ་ བྱུང་ཚེ། སྔོན་ཆད་ཀྱི་ལས་ཀ་འཕྲོ་བརླག་འགྲོ་བར་མ་ཟད། ཕྱིན་ཆད་ཀྱི་སྲོག་རྩ་ཡང་གཅོད་རྒྱུ་ རེད། ཁྱེད་རང་གཏན་ནས་འགྲོ་མི་ཉན། ”དབྱང་ ཞའོ་ཁྲུན་ལགས་སྡོད་དུ་འཇུག་པའི་ཆེད་དུ། སྐུ་ ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས་ད་དུང་མུ་མཐུད་ དུ་ཞའོ་ཀྲོང་དགེ་ཐོན་སློབ་གྲྭའི་ཐུན་མོང་གི་ གསར་གཏོད་པ་གཅིག་པུ་ཀྲའོ་ཧྲུའུ་ཡུས་ལ་འཕྲིན་ ཡིག་བྲིས་ཏེ། སློབ་གྲྭ་ཡོངས་ཀྱིས་མཉམ་དུ་དབྱང་ ཞའོ་ཁྲུན་སློབ་གྲྭར་སྡོད་དུ་འཇུག་དགོས་པ་ནན་ གྱིས་བསྟན་ཡོད་པ་དང་། དུས་མཚུངས་སུ་བརྩེ་ དུང་ཟོལ་མེད་ཀྱི་སྒོ་ནས“སྐུ་ཞབས་ཞའོ་ཁྲུན་ཕྱིར་ སློབ་གྲྭར་ལོག་པའི་གླུ”ཞེས་པ་ཞོར་དུ་སྦྱར་ཡོད། དེའི་གླུ་ཚིག་གཤམ་གསལ་ལྟར།“ཕེབས་ ཤོགཕེབས་ཤོགབྱིས་པའི་འོ་མ་སྦྱིན། བྱིས་པར་འོ་མ་ ལྡུད་ཀི་ཤོག ཉི་བཟང་སྐར་བཟང་ལ་མ་མ་ཐེ་ཚོམ་ མ་བྱེད་རོགས། ” འབྱུང་འབྱེད་རྒྱུན་སྲི། སྔོན་རྩིས་ཤུགས་རྒྱག སློབ་གཉེར་སློབ་སྐྱོང་ཁྲོད་འཕྲད་པའི་ དཀའ་ངལ་ཆེ་ཤོས་ནི་སློབ་གཉེར་གྱི་གྲོན་དངུལ་མི་ འདང་བ་དེ་རེད། སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ ཀྱིས་སློབ་གཉེར་གྲོན་དངུལ་ཆེད་དུ་རྒྱས་བཤད་ བྱས་པ་ཤིན་ཏུ་ཉུང་མོད། འོན་ཀྱང་འདིས་སྐུ་ ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས་གནད་དོན་འདི་ལ་ ཐུགས་ཁུར་མི་གནང་བ་གཏན་ནས་མཚོན་ཀྱི་མེད།

1926ལོར། སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས་《རྒྱུ་ ནོར་ལ་བརྩི་འཇོག་བྱེད་པ》ཞེས་པ་འདི་ལྟ་བུས་ སློབ་གྲྭ་དེའི་ནོར་སྲིད་དོ་དམ་བསམ་བློ་གང་ལེགས་ མཚོན་པའི་རྩོམ་ཐུང་ཞིག་བྲིས་མྱོང་། འབྱུང་འབྱེད་ གཙོ་བོ་ཕྱོགས་གསུམ་ནས་མཚོན་པ་སྟེ། གཅིག་ནི་ ཞལ་འདེབས་ཡིན། གཉིས་ནི་རང་སྟོབས་རང་སྤེལ་ གྱིས་ཐོན་སྐྱེད་བྱེད་པ། གསུམ་ནི་སྲིད་གཞུང་གི་ རྒྱབ་སྐྱོར་དང་དངུལ་གཏོང་བརྩོན་ལེན་བྱེད་ དགོས། རྒྱུན་སྲི་ཞེས་པ་ནི་ནན་ཏན་གྱིས་ལག་ལེན་ བྱས་ནས་གྲོན་ཆུང་བྱེད་པ་དང་། གཅིག་ནི་ “སློབ་ གྲྭ་གཉེར་སྐབས་ངེས་པར་དུ་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ ལ་མཐོང་ཆེན་བྱེད་དགོས་པ་ལས། རང་སྣང་གི་ལྟ་ ཚུལ་སྤུ་ཙམ་ཡང་འཛིན་མི་རུང་། གཉིས་ནི་སློབ་གྲྭ་ གཉེར་བར་ཀྲུང་གོ་ནི་སྔར་བཞིན་ཤིན་ཏུ་དབུལ་ བའི་ཞིང་ལས་རྒྱལ་ཁབ་ཅིག་ཡིན་པའི་དོན་དངོས་ དེར་དམིགས་ཏེ་རྔ་རྡུང་དར་འཕྱར་གྱིས་དབུལ་ པོའི་བྱེད་ཐབས་སྤྱད་དེ་ཕུན་སུམ་ཚོགས་པའི་སློབ་ གསོ་གཉེར་བཞིན་ཡོད། འདིར་བཤད་པའི་དབུལ་ ཕོངས་ཀྱི་བྱེད་ཐབས་ཞེས་པ་ནི་རྒྱལ་ཁབ་ཀྱི་གནས་ ཚུལ་དང་མཐུན་པའི་བྱེད་ཐབས་ལ་ཟེར་བ་ལས་ཕྱི་ རྒྱལ་ནས་ཡོང་བ་དང་དབུལ་པོ་དང་ལས་འབྲེལ་ མེད་པའི་བག་མེད་ཆུད་ཟོས་ཀྱི་བྱེད་ཐབས་ལ་ཟེར་ བ་མིན། འདིར་བཤད་པའི་ཕུན་སུམ་ཚོགས་པའི་ སློབ་གསོ་དེ་ནི་སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱི་སྐད་ ཆ་ལྟར་བཤད་ན། དངུལ་ཉུང་ཤོས་ལ་བརྟེན་ནས་ ཀྲུང་གོ་ཡོངས་ཀྱི་དབུལ་པོ་ཚང་མར་ཁྱབ་གདལ་ འཐོབ་ཐུབ་པའི་སློབ་གསོ་གཉེར་དགོས་པ་དེ་རེད།

“སྔོན་རྩིས་ནི་སྲིད་འཛིན་གྱི་ལག་ཆ་གཙོ་ བོ་ཞིག་ཡིན་ཞིང་། ཞིང་ཆེན་ཁག་ལ་སྔོན་རྩིས་ ཡོད་དགོས་ལ་རྒྱལ་ཁབ་ལའང་སྔོན་རྩིས་ཡོད་ དགོས། ”སྔོན་རྩིས་དང་ངེས་རྩིས། འཆར་གཞི་ སོགས་ཀྱི་བྱེད་སྒོ་ལ་ཚད་མཐོའི་རང་བཞིན་ལྡན་ ཡོད།“ཚོགས་པའི་བྱེད་སྒོ་ཡིན་ཕྱིན་ངེས་པར་དུ་ འཆར་གཞི་ཡོད་དགོས་པ་དང་། འཆར་གཞི་ཡིན་ ན་ངེས་པར་དུ་སྔོན་རྩིས་ཡོད་དགོས་པ། སྔོན་རྩིས་ ཡིན་ན་ངེས་པར་དུ་ངེས་རྩིས་ཡོད་དགོས། རྒྱུ་ནོར་ ལ་བརྩི་འཇོག་བྱེད་པའི་ལས་དང་པོ་ནི་སྔོན་རྩིས་ དང་ངེས་རྩིས་ཡོད་དགོས་པ་དེ་ཡིན། ངེས་རྩིས་ མེད་ན་སྔོན་རྩིས་སྟོང་པ་ཡིན་པ། སྔོན་རྩིས་མེད་ ན་འཆར་གཞི་སྟོང་པ་ཡིན། འཆར་གཞི་སྟོང་བར་ བསྒྱུར་ན་བབ་བསྟུན་གྱིས་བྱ་བ་སྒྲུབ་པ་དང་། ཐ་ ན་སྒོར་མོ་བཀོལ་དགོས་སའམ་ཡང་ན་བཀོལ་མི་ དགོས་སར་གང་འདོད་དུ་སྤྱོད་མི་རུང་། ”

1940ལོར། སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ ཀྱིས་མཱ་ཡུས་ཞན་ལ་སྤྲིངས་པའི་འཕྲིན་ཡིག་ནང་ དུ།“ང་ཚོས་ད་ལྟ་འཛུགས་དགོས་པ་ནི་སྔོན་རྩིས་ གསར་པ་ཧྲིལ་བོ་ཡིན་པ་ལས་ཁག་ཅིག་ཐག་ གཅོད་བྱེད་དགོས་པ་མིན། ཁྱེད་ཀྱིས་ཉེ་ཆར་ཆ་ ཚང་བའི་སྔོན་རྩིས་ཤིག་མཁོ་འདོན་བྱེད་ རོགས། སྔོན་རྩིས་འདི་ལ་རབ་ཡིན་ན་ནང་དོན་ གཉིས་ཡོད་པ་སྟེ། གཅིག་ནི་ཡོང་སྒོར་བསྟུན་ཏེ་ འགྲོ་སོང་གཏོང་བ་དང་། གཅིག་ནི་གཏོང་སྒོ་ལ་ གཞིགས་ནས་ཡོང་སྒོ་མང་དུ་གཏོང་རྒྱུ་དེ་ ཡིན། སྔོན་རྩིས་དམ་དུ་གཏོང་རྒྱུ་ནི་གཏོང་སྒོ་ དངོས་རྒྱུན་འཁྱོངས་བྱེད་པའི་གཞི་འཛིན་ས་ ཡིན། སྔོན་རྩིས་ཅུང་མང་བ་དེ་ཁུངས་འབྱེད་ དངུལ་གྲབས་དང་འཚོ་བའི་གཞི་འཛིན་སར་བྱེད་ དགོས། འདི་ལྟར་བྱས་ན་སློབ་གྲྭ་འཚོ་གནས་དང་ དགེ་སློབ་ཀྱི་འཚོ་བ་གཉིས་ཀ་འཛོམས་ཆོག་པའི་ ཁར། རིམ་གྱིས་ལེགས་བཅོས་བྱས་ནས་འཕེལ་རྒྱས་ ཡོང་ཐབས་བྱ་ཆོག”ཅེས་ནན་གྱིས་བསྟན་ཡོད། སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱི་དགོངས་ པ་ལྟར་ན། ལས་དོན་ཁག་གཉིས་དམ་འཛིན་ཡག་ པོ་བྱས་ཚེ། ད་གཟོད་སློབ་གྲྭའི་དོ་དམ་ཁྲོད་དུ་ སྔོན་རྩིས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ ཐུབ། གཅིག་ནི་རྩིས་ཐོ་ངེས་པར་དུ་གསལ་པོ་ཤེས་ དགོས།“སྔོན་རྩིས་གྲུབ་ནས་ངེས་རྩིས་མ་གྲུབ་ གོང་རྩིས་ཐོ་གསལ་པོ་ཡོད་དགོས། རྩིས་ཐོ་གཞི་ འཛིན་སའི་སྔོན་རྩིས་ནི་ངེས་རྩིས་གཞི་འཛིན་ སའང་ཡིན། སྔོན་རྩིས་དང་ངེས་རྩིས་ནི་རྩ་གནད་ ཙམ་ཡིན་པ་ལས་ཞིབ་རྒྱས་ཤིག་མིན། ”གཉིས་ནི་ སྔོན་རྩིས་ངེས་པར་དུ་ཡོངས་བསྒྲགས་བྱེད་ དགོས། 1922ལོར། སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ ཀྱིས་བྱ་བ་སྒྲུབ་ན་དྲང་པོ་དྲང་གཞག་ཡིན་པ་ནན་ བཤད་བྱས་ཡོད་པ་དང་།“སྤྱི་བསྒྲགས་མི་བྱེད་པ་ རྨང་གཞི་བྱས་ནས་དོན་གཅིག་སྒྲུབ་མི་རུང་། ”

1926ལོར། སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས་ནན་བཤད་གནང་དོན།“སྤྱི་པའི་བྱ་བ་ཞིག་ བསྒྲུབ་པར་ངེས་པར་དུ་མངོན་གསལ་གྱི་སྔོན་རྩིས་ དང་ངེས་རྩིས་ཤིག་ཡོད་དགོས། སྡེ་སྲིད་ དང་། གྲོང་སྲིད། རྫོང་སྲིད། ཞིང་སྲིད། རྒྱལ་སྲིད་ བཅས་ཚང་མར་ཡོངས་བསྒྲགས་ཀྱི་སྔོན་རྩིས་དང་ ངེས་རྩིས་ཡོད་དགོས། ཉི་འོད་ཡོད་པའི་ས་ཆར་སྐྱེ་ དངོས་ཕྲ་རབ་མེད་པ་ཁོ་ཐག་རེད། རྒྱུ་ནོར་གྱི་ གྱོང་གུན་སེལ་དགོས་ན་ཆེས་གལ་འགངས་ཆེ་བ་ ནི་སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་བྱ་ དགོས་པ་དེ་ཡིན། ག་ས་གང་དུ་སྔོན་རྩིས་དང་ ངེས་རྩིས་སྤྱི་བསྒྲགས་བྱ་རྒྱུ་ནི་སྤྱི་དམངས་ཀྱི་ འགན་འཁྲི་གལ་ཆེན་ཞིག་ཡིན། ” སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས་སྔོན་ རྩིས་ལ་གཙིགས་མཐོང་བྱེད་པར་རྒྱུ་མཚན་ཕྱོགས་ གང་མང་ན་འདུགདེ་ནི་ཚན་རིག་དོ་དམ་དང་ དམངས་གཙོའི་འགོ་ཁྲིད་ཁྱབ་སྤེལ་བྱེད་པའི་ཆ་ རྐྱེན་གཙོ་བོ་ཡིན་པའི་བསམ་གཞིགས་བྱེད་པ་ ཕུད། ད་དུང་སྔོན་རྩིས་དང་རྩིས་ཐོ་དོ་དམ་ལ་ སློབ་གསོའི་ནུས་པ་གལ་ཆེན་ལྡན་ཡོད། 1943ལོར་སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས་ཤེས་ལྡན་ མི་སྣ་གསོ་སྐྱོང་སློབ་གྲྭའི་རོལ་དབྱངས་ཚོགས་ཆུང་ གི་ཀྲུའུ་རེན་ལི་ལིང་ལ་སྤྲིངས་པའི་འཕྲིན་ཡིག་ ཅིག་གི་ནང་དུ་ནན་གྱིས་བསྟན་དོན།“དངུལ་ ལེན་པའི་བྱ་བ་ནི་གཞུང་དོན་ཐག་གཅོད་བྱེད་ པར་ཚད་གཞི་ཡོད་པའི་འགྲོ་ལུགས་ཤིག་ཡིན་ པས། སློབ་མར་ནན་ཏན་གྱིས་བསྒྲུབ་རྒྱུ་དེ་ཡང་ སློབ་གསོ་ཞིག་རེད”ཅེས་ནན་བཤད་གནང་ཡོད། སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ཀྱིས་ལི་ལིན་ལ་ནན་ མངགས་དང་སློབ་མར་ཁ་ཏ་སློབ་གསོ་གཏོང་བའི་ མངགས་བཅོལ་གནང་དོན། ཟླ་རེར་དངུལ་སྤྱོད་ དགོས་ཚེ་སྔོན་རྩིས་ཞིབ་ཕྲ་བཟོ་དགོས་པ་སྟེ། སྔོན་ རྩིས་ལྟར་དངུལ་ལེན་སྐབས། ངེས་པར་དུ་རྩིས་ གཉེར་དང་ལག་བརྒྱུད་མཁན་གྱིས་དངོས་པོ་ཉོ་ བའི་འཛིན་ཡིག་ཡོད་དགོས་པ་དང་། ངེས་པར་དུ་ རི་མོ་པར་འདེབས་དང་གསོ་སྐྱོང་བྱེད་མཁན་སློབ་ གྲྭས་མགོ་འདེགས་པ། ཞིབ་བཤེར་རྩིས་ལེན་ མ ཁ ན ། ད ངུ ལ ་ག ཉེ ར ་མ ཁ ན ། ག ཙོ ་སྐྱོ ང ་ མཁན། ལག་འགྲིམ་མཁན་བཅས་ཀྱིས་ཐེལ་ཙེ་ རྒྱག་དགོས། ཐ་ན་སྐུ་ཞབས་ཐའོ་ཞིན་ཀྲི་ལགས་ ཀྱིས་གསུངས་དོན།“འབྱོར་ཡིག་ཡི་གེ་འབྲི་བར་ སློབ་མ་རྣམས་ལ་གསལ་བོར་འབྲི་དགོས་པ་དང་ ཤོག་གུ་ཡག་པོར་གཏུབ་དགོས། འདི་ནི་སྒྲ་མེད་ པའི་སྤྲོ་སྣང་ཞིག་ཡིན་པ་དང་། ལས་སྒྲུབ་རོལ་ དབྱངས་ཅན་དང་ལས་སྒྲུབ་མཛེས་རིས་ཅན་ཞིག་ ཡིན་ཞེས་བརྗོད་ཀྱང་ཆོག་ཅིང་། དེ་ནི་སྐྱེ་བོ་ རྣམས་ལ་ཐོབ་འོས་པའི་སློབ་གསོ་ཆུང་ཆུང་ཞིག་ ཡིན་མོད། འོན་ཀྱང་དུང་དཀར་གཡས་འཁྱིལ་ ཞིག་ངེས་པར་དགོས་སོ། ། ”

2007ལོའི《སློབ་གྲྭ་འབྲིང་ཆུང་གི་དོ་ དམ།》དེབ་ལྔ་པ་ལས་བདམས་ཏེ་བསྒྱུར།