ཧྥ་རན་སེའི་སློབ་སྔོན་སློབ་གསོས་བྱིས་པའི་འབྱུང་འགྱུར་ལ་སྟ་གོན་བྱེད་པ།

2018ལོའི་ཟླ་3པར་ཧྥ་རན་སེའི་ཙུང་ཐུང་ མ་ཁོ་ལུང་གིས2019ལོའི་སྟོན་དུས་སློབ་སྐབས་ ནས་བཟུང་། ཧྥ་རན་སེས་སློབ་སྔོན་སློབ་གསོ་ འགན་བབས་སློབ་གསོའི་ཁོངས་སུ་བསྡུས་པ་ དང་། བྱིས་པའི་སློབ་ཞུགས་ལོ་ཚད་ལོ་3ཡིན་པ་ དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། དེ་ནི་ཉེ་བའི་ ལོ་ཤས་རིང་ཧྥ་རན་སེས་ཁྲིམས་ ལ་བརྟེན་ནས་ སློབ་སྔོན་སློབ་གསོར་འགན་སྲུང་བྱེད་པའི་བྱེད་ ཐབས་མང་པོའི་གྲས་ཀྱི་གཅིག་རེད། ཧྥ་རན་སེ་ནི་ འཛམ་གླིང་ཡོངས་ཀྱི་སློབ་སྔོན་སློབ་གསོ་འཕེལ་ རྒྱས་ཆེས་མགྱོགས་ཤིང་། སློབ་གསོའི་སྤུས་ཚད་ ཆེས་མཐོ་བའི་རྒྱལ་ཁབ་ཀྱི་གྲས་ཡིན་པའི་ཆ་ནས། སྲིད་གཞུང་གིས་བྱིས་པའི་ཐོག་མའི་སློབ་གསོ་ འཕེལ་རྒྱས་ཀྱི་དབང་ཆ་འགན་སྲུང་བྱ་རྒྱུར་ཧ་ ཅང་མཐོང་ཆེན་བྱེད་ཀྱི་ཡོད། དེར་བརྟེན། ཧྥ་ རན་སེའི་སློབ་སྔོན་སློབ་གསོ་ནི་ཡོབ་གླིང་དང་ཐ་ ན་འཛམ་གླིང་ཡོངས་ཀྱི་སྔོན་ཐོན་གྱི་གྲས་སུ་ཡོད། སློབ་སྔོན་སློབ་གསོར་མཐོང་ཆེན་བྱས་ པའི་ལོ་རྒྱུས་ཡུན་རིང་བ། ཧྥ་རན་སེས་ཐོག་མཐའ་བར་གསུམ་དུ་ སློབ་སྔོན་སློབ་གསོར་མཐོང་ཆེན་བྱེད་ཅིང་། དུས་ རབས་18པ་ནས་བཟུང་སྤྱི་ཚོགས་ཀྱི་རང་བཞིན་ལྡན་པའི་བྱིས་པའི་སློབ་གསོ་བྱུང་། 1771ལོར་ཧྥ་ རན་སེའི་གྲོང་གསེབ་ཀྱི་ཡེ་ཤུའི་ཆོས་ལུགས་པ་ ཨའོ་པེ་ལན་གྱིས་ཨར་ས་སི་ས་ཁུལ་དུ“འཁེལ་ འཐག་སློབ་གྲྭ”གཉེར་བ་དང་། ཞིང་ལས་ལ་བྲེལ་ བའི་དུས་ཚིགས་སུ་ལོ་4ནས་7བར་གྱི་གྲོང་གསེབ་ ཀྱི་བྱིས་པ་སློབ་གྲྭར་བསྡུས་ཤིང་། ཧྥ་རན་སེའི་ཡི་ གེ་དང་ཆོས་ལུགས་བསྔགས་བརྗོད་སྙན་ངག ལེགས་བཤད། རི་མོ། དེ་མིན་རྩི་ཤིང་འཚོལ་བསྡུ་ དང་ལྟ་ཞིབ་བྱེད་སྟངས། བྱིས་སྒྲུང་ལ་ཉན་པ། ས་ ཁམས། རོལ་རྩེད། འཚེམ་བཟོ། ཐགས་འཐག་པ་ བཅས་བསླབས་པར་མ་ཟད། ལོ་རྒྱུས་དང་གྲོང་ གསེབ་དཔལ་འབྱོར་ཐད་ཀྱི་རྒྱུན་ཤེས་ཀྱང་ འཁྲིད།“འཁེལ་འཐག་སློབ་གྲྭ”ནི་དགེ་སྒྲུབ་ཀྱི་ངོ་ བོ་ལྡན་པའི་བྱིས་པའི་སློབ་གསོའི་སྒྲིག་གཞི་སྔ་ ཤས་ཡིན་པས། ཡོབ་གླིང་གི་སློབ་སྔོན་སློབ་གསོ་ འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན།

1881ལོར་ཧྥ་རན་སེས《ཧྥེ་ལི་བཅའ་ ཁྲིམས》བཏོན་ནས་རྒྱལ་དམངས་སློབ་གསོ“རིན་ མེ ད ”ད ང“ འོ ས ་ འ ག ན ”“ སྤྱི ར ་ བ ཏ ང ་ ཅན”བཅས་ཡིན་དགོས་པའི་རྩ་དོན་གཏན་ འཁེལ་བྱས་ཏེ། ཕ་སྐད་སློབ་གྲྭ་དངོས་སུ་རྒྱལ་ཁབ་ ཀྱི་སློབ་ཡོན་མི་དགོས་པའི་གཞུང་བཙུགས་སློབ་ སྔོན་སློབ་གསོའི་སྒྲིག་གཞིར་གཏན་འཁེལ་བྱས་པ་ རེད། ཕ་སྐད་སློབ་གྲྭས་ལོ་2ནས་6བར་གྱི་བྱིས་པ་ བསྡུས་ཏེ་བྱིས་གསོ་དང་ཐོག་མའི་སློབ་གསོ་ལག་ བསྟར་བྱས། 1886ལོར་སྲིད་གཞུང་གིས་《ཀོ་པོ་ ལའེ་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་ཏེ། མི་2000ལས་བརྒལ་བའི་སྡེ་ཁུལ་དུ་ཕ་སྐད་སློབ་ གསོའི་སློབ་གྲྭ་འཛུགས་དགོས་པའི་བླང་བྱ་བཏོན་ པར་མ་ཟད། སློབ་གྲྭའི་སློབ་གསོའི་ནང་དོན་དང་ སློབ་གཙོ། དགེ་རྒན་ཐད་ཀྱི་བླང་བྱ་དང་སློབ་སྒྲུབ་ བདག་གཉེར་ཐད་ཀྱི་བླང་བྱ་བཅས་གཏན་ལ་ཕབ་ སྟེ། ཧྥ་རན་སེའི་ཉེ་རབས་ཀྱི་སློབ་སྔོན་སློབ་གསོའི་ ལམ་ལུགས་དངོས་སུ་ཚུགས། 1910ལོར་ཧྥ་རན་ སེས་ཞིང་ཆེན་སོ་སོར་སློབ་སྔོན་སློབ་གསོར་ལྟ་ ཞིབ་བྱེད་མཁན་བཙུགས་པ་དང་། 1947ལོར་ ཁྱབ་བསྒྲགས་བྱས་པའི་ལང་ཀྲི་ཝན – ཝ་ལུང་ འཆར་གཞིའི་ནང“སློབ་གསོ་དམངས་གཙོ་ ཅན”གྱི་བསམ་བློ་བཏོན་ནས།“བྱིས་པ་གཙོ་བོར་ འཛིན”པའི་སློབ་གསོའི་སྒྱུར་བཅོས་ནན་བཤད་ བྱེད་རྒྱུ་དེ་ཧྥ་རན་སེའི་སློབ་སྔོན་སློབ་གསོ་འཕེལ་ རྒྱས་ཀྱི་ཕྱོགས་སྟོན་རང་བཞིན་གྱི་ཡིག་ཆ་གལ་ ཆེན་ཞིག་ཏུ་གྱུར། དུས་རབས་20པའི་ལོ་རབས་60པར། ཧྥ་རན་སེའི་དམའ་རིམ་སློབ་གསོའི་དུས་ རིམ་དུ་ཚན་ཁག་ཡོངས་ཀྱི་སློབ་ཁྲིད་ལག་བསྟར་ བྱས་ཤིང་། སྐར་གསུམ་ལམ་ལུགས་ཀྱི་སློབ་ཁྲིད་ བྱེད་ཐབས་ལྟར། སྐད་ཡིག་གྲངས་རིག་རྨང་ གཞིའི་སྦྱོང་ཚན་དང་། ལོ་རྒྱུས་ས་ཁམས་སོགས་བློ་ སྒོ་འབྱེད་པའི་ཤེས་བྱའི་སྦྱོང་ཚན། དེའི་སྟེང་ལུས་ རྩལ་བསྣན་ཏེ་ཤེས་བྱ་བསྡུ་སྒྲིག་དང་གཅིག་གྱུར་བྱས་ནས། བྱིས་པར་འཛམ་གླིང་ལ་འཚོལ་ཞིབ་ དང་ངོས་འཛིན་བྱེད་པར་རོགས་རམ་བྱས། དུས་ རབས་20པའི་ལོ་རབས་70པར། ཧྥ་རན་སེ་སྲིད་ གཞུང་གིས་གཞུང་བཙུགས་སློབ་སྔོན་སློབ་གསོ་ འཕེལ་རྒྱས་ཡོང་བ་ནི་རྒྱལ་ཁབ་འཕེལ་རྒྱས་གཏོང་ བའི་ལོ་ལྔའི་འཆར་གཞི་རུ་བཀོད་པ་དང་། 1975ལོར་རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱིས《ཧ་ པི་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་ནས་སློབ་ སྔོན་སློབ་གསོའི་ནང་སློབ་གསོ་དང་། ཁ་གསབ། ནད་བརྟག་སྨན་བཅོས། དེ་བཞིན་བུ་བཅོལ་ཁང་ དང་སློབ་ཆུང་བར་བརྒལ་བྱེད་པ་སོགས་ཀྱི་ནུས་ པ་ལྡན་དགོས་པ་དང་། བཟོ་ལས་ཅན་དང་གྲོང་ ཁྱེར་ཅན་གྱི་སྤྱི་ཚོགས་གྱི་དགོས་མཁོ་གསར་པར་ འཚམ་དགོས་པ་གཏན་ལ་ཕབ། 1985ལོར་ཧྥ་ རན་སེས་རྨང་གཞིའི་སློབ་གསོའི་སློབ་ཁྲིད་ཀྱི་རྩ་ གནད་གསར་པ་ལག་ལེན་དུ་བསྟར་ཞིང་། 1986ལོར་སློབ་གསོའི་བརྡ་ཡིག་ཏུ་བྱིས་པའི་ནུས་པ་སྣ་ ཚོགས་འཕེལ་རྒྱས་བཏང་ནས། མི་གཤིས་གསོ་ སྐྱོང་བྱེད་པར་སྐུལ་འདེད་བྱེད་དགོས་པར་མ་ ཟད། འབྱུང་འགྱུར་གྱི་སློབ་སྦྱོང་དང་འཚོ་བར་སྟ་ གོན་བྱེད་པའི་ནུས་པའང་ལྡན་དགོས་པ་དང་།སློབ་སྦྱོང་དང་སྤྱི་ཚོགས་ཅན། སློབ་སྦྱོང་བྱེད་ཤེས་ པ་བཅས་དམིགས་ཡུལ་གསུམ་དུ་འཛིན་པ་དང་།ལུས་རྩལ། ངག་ཐོག་དང་ཡིག་ཐོག་གི་མཚོན་ ཚུལ། སྒྱུ་རྩལ་དང་མཛེས་དཔྱོད། ཚན་རིག་ལག་ རྩལ་བཅས་ལག་ལེན་གྱི་ཁྱབ་ཁོངས་བཞི་ཡིན་པའི་ སློབ་སྔོན་སློབ་གསོའི་འཕེལ་ཕྱོགས་གཏན་ལ་ཕབ་ ཡོད།


1989ལོར་ཧྥ་རན་སེས་《སློབ་གསོའི་བྱེད་ ཕྱོགས་སྐོར་གྱི་བཅའ་ཁྲིམས་》གསར་པ་བཏོན་པ་ དང་། སྔར་ལས་ལྷག་པར་སློབ་མ་གཙོ་བོར་འཛིན་ པའི་སློབ་གསོའི་རྩ་དོན་གསལ་པོར་བསྟན། རྨང་ གཞི་དེའི་ཐོག་2002ལོར་ཧྥ་རན་སེའི་སློབ་གསོ་ པུའུ་ཡིས་ཧྥ་རན་སེའི་སྐད་ཀྱི་སློབ་སྦྱོང་དང་སྤྱི་ དམངས་སློབ་གསོ་ནི་སློབ་སྔོན་གསོའི་གཙོ་གནད་ གཉིས་ཡིན་པ་ཡང་བསྐྱར་གསལ་སྟོན་བྱས། སྐད་ ཆ་སློབ་སྦྱོང་བྱས་ན་ད་གཟོད་ཐུན་མོང་མཉམ་ གནས་དང་འཛམ་གླིང་གསར་རྟོགས་བྱེད་ཐུབ་ ཅིང་། ཚོར་བ་རྣོན་པོ་དང་བསམ་པའི་བཀོད་ ཤུགས། གསར་གཏོད་ནུས་པ་བཅས་ཀྱང་འཕེལ་ རྒྱས་ཡོང་ཐུབ། བསྡོམས་རྩིས་བྱས་པ་ལྟར་ན། 1960ལོར་ ཧྥ་རན་སེའི་ལོ་2ནས་5བར་གྱི་བྱིས་པ་བུ་བཅོལ་ ཁང་དུ་ཞུགས་ཚད་50%སླེབས་པ་དང་། 1982ལོར་སྡུར་ཚད་དེ82%ལ་སླེབས། དེ་ལས་ལོ་3 ལོན་པའི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་ཧ་ ལམ100%སླེབས་ཡོད། བུ་བཅོལ་ཁང་དུ་ཞུགས་ ཚད་མཐོ་ཞིང་གཏན་འཇགས་ཡིན་པ་དེས་ཧྥ་རན་ སེའི་སློབ་སྔོན་སློབ་གསོར་གྲུབ་འབྲས་གཡུར་དུ་ཟ་ བ་ཐོབ་པ་མཚོན། ཁྲིམས་བཙུགས་ནས་སློབ་སྔོན་སློབ་གསོར་རྨང་གཞི་བཏིངས་པ། ཧྥ་རན་སེ་སྲིད་གཞུང་གིས་ཁྲིམས་འཙུགས་ ནས་སློབ་གསོའི་འཕེལ་རྒྱས་འགན་སྲུང་བྱེད་པར་ ཧ་ཅང་མཐོང་ཆེན་བྱེད། སློབ་གསོའི་ཁྱབ་ཁོངས་ ཀྱི་སྒྱུར་བཅོས་གལ་ཆེན་རྣམས་རྒྱུན་དུ་བཅའ་ ཁྲིམས་ཀྱི་དོན་ཚན་ལ་བཟོ་བཅོས་དང་འཐུས་ཚང་ བཏང་བར་བསྟུན་ནས་སྒྱུར་བཅོས་བྱེད་པ་རེད། ཧྥ་རན་སེ་ནི་སློབ་སྔོན་སློབ་གསོ་དང་འབྲེལ་ཡོད་ བཅའ་ཁྲིམས་གཏན་ལ་ཕབ་པ་སྔ་ཤོས་ཀྱི་རྒྱལ་ ཁབ་ཅིག་ཡིན་པ་དང་། ད་བར་དུ་སློབ་སྔོན་སློབ་ གསོའི་འབྲེལ་ཡོད་བཅའ་ཁྲིམས་40ལྷག་ཡོད་ པས། ཧྥ་རན་སེའི་སློབ་སྔོན་སློབ་གསོའི་བྱ་གཞག་ གོ་རིམ་ལྡན་ཞིང་དབྱར་མཚོ་རྒྱས་པ་ལྟར་གོང་དུ་ འཕེལ་བའི་རྨང་གཞི་གྲུབ་པ་རེད། ཧྥ་རན་སེའི་བཅའ་ཁྲིམས་སུ་སློབ་སྔོན་ སློབ་གསོའི་ངོ་བོ་དང་། གོ་གནས། སྲིད་གཞུང་ གིས་འཁུར་དགོས་པའི་འགན་འཁྲི་བཅས་ གཏན་འབེབས་གསལ་བོ་བྱས་ཡོད་ལ། བྱིས་པའི་ དགེ་རྒན་གྱི་ཐོབ་ཐང་དང་ཉམ་ཆུང་བྱིས་པའི་ཁེ་ དབང་ལའང་གཏན་འབེབས་གསལ་བོ་བྱས་ཡོད།

བྱིས་སྐྱོང་ཁང་གི་དུས་རིམ་ནི་བྱིས་པའི་ སློབ་སྦྱོང་གི་གྲུབ་འབྲས་ལ་འགན་སྲུང་བྱེད་པའི་ དུས་རིམ་གལ་ཆེན་ཞིག་ཡིན་ལ། སློབ་སྔོན་སློབ་ གསོའི་འགན་འཁྲི་གལ་ཆེ་བ་ནི་བྱིས་པའི་སློབ་ སྦྱོང་དང་འཕེལ་རྒྱས་ཀྱི་སྤྲོ་སྣང་བསྐྱེད་པ་དེ་ རེད། བྱིས་སྐྱོང་ཁང་ནི་བྱིས་པའི་སློབ་སྦྱོང་བྱེད་ ས་དང་འཚོ་བ་རོལ་ས་ཡིན་ལ། ཁོ་ཚོས་དེ་རུ་ སྐད་ཆ་སློབ་སྦྱོང་བྱེད་པ། ཐོག་དང་པོར་ཡི་གེ་ འབྲི་བ། གྲངས་ཀ་སོགས་ཀྱི་ཤེས་བྱར་འབྲེལ་ འདྲིས་བྱེད་པ་བཅས་བྱས་ཏེ། རྩེད་འཇོའི་ཁྲོད་ སློབ་སྦྱོང་བྱེད་པ་དང་མཉམ་དུ་བསམ་བློ་བཏང་ ནས་གནད་དོན་ཐག་གཅོད་པ། རྒྱུན་ཆད་མེད་ པར་སློབ་སྦྱོང་བྱེད་པ་དང་བློར་ངེས་པ་སོགས་ བྱེད་དགོས། ཧྥ་རན་སེས་སློབ་སྔོན་སློབ་གསོ་འོས་ འགན་སློབ་གསོའི་ཁོངས་སུ་བཅུག་པར་མ་ཟད། ད་དུང་ཧུར་ཐག་གིས་ལོ་2ལ་སླེབས་པའི་བྱིས་པ་ རྣམས་བྱིས་སྐྱོང་ཁང་དུ་ཞུགས་པར་སྐུལ་འདེད་ བྱེད། དེ་ནི་ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་ནང་། ཧྥ་ རན་སེའི་སྤྱི་ཚོགས་སུ་གནས་སྤོས་ཡུལ་མིའི་ཁྱིམ་ ཚང་གི་གྲངས་འབོར་འཕར་བ་དང་། རིག་ གནས་སྣ་མང་ཅན་དུ་འཕེལ་རྒྱས་ཕྱིན་པའི་ དབང་གིས་སྔ་མོ་ནས་སློབ་གསོ་དང་ལེན་བྱེད་རྒྱུ་ དེ། གནས་སྤོས་ཡུལ་མིའི་ཁྱིམ་ཚང་གི་བྱིས་པ་ རྣམས་སློབ་གསོར་སྐུལ་བའི་བྱེད་ཐབས་གལ་ཆེན་ ཞིག་ཏུ་གྱུར་ཡོད། བྱིས་པ་གཙོ་བོར་བཟུང་སྟེ། མུ་མཐུད་ དུ་བྱིས་པའི་ཤེས་འདོད་ཀྱི་བློ་སྐོང་བ་དང་ བསྐྱེད་པ། ཧྥ་རན་སེའི་བྱིས་སྐྱོང་ཁང་གིས་སློབ་གསོ་དང་བརྟག་དཔྱད། སྨན་བཅོས་བཅས་ཀྱི་འགན་ ནུས་གསུམ་འཁུར་ཡོད། སྤྱི་ཚོགས་དང་། འཕྲོད་ བསྟེན། སེམས་ཁམས་བཅས་ཕྱོགས་གསུམ་གྱི་ཐད་ ནས་གསོ་སྐྱོང་དང་སློབ་གསོ་གཉིས་ཟུང་འབྲེལ་ གང་ལེགས་བྱས་ཡོད་ལ། དུས་རྒྱུན་གྱི་འཚོ་བའི་ ནང་བྱིས་པ་འཚར་ལོངས་ཡོང་བའི་བརྒྱུད་རིམ་དུ་ བྱུང་བའི་གནད་དོན་སྣ་ཚོགས་རྟོགས་ཐུབ་པ་ དང་། དེའི་རྒྱུ་རྐྱེན་བཙལ་ནས་དུས་ལྟར་རོགས་ རམ་དང་ཁྲིད་སྟོན་བྱེད་ཐུབ་པར་མ་ཟད། དེར་ སློབ་གསོའི་དོན་སྙིང་ལྡན། ཧྥ་རན་སེའི་སློབ་སྔོན་སློབ་གསོའི་དམིགས་ ཡུལ་ནི་བྱིས་པའི་རྒྱུད་ཀྱི་ནུས་པ་སྣ་ཚོགས་འཕེལ་ རྒྱས་བཏང་སྟེ་རང་གཤིས་སུ་གྲུབ་ཏུ་འཇུག་པར་ མ་ཟད། ཁོ་ཚོར་གོ་སྐབས་གང་ལེགས་འདོན་སྤྲོད་ བྱེད་དགོས། སློབ་སྔོན་སློབ་གསོ་ནི་དོན་དུ་མར་ དམིགས་ནས་སྤེལ་བ་ཡིན་ཏེ། ཕྱོགས་སོ་སོའི་སྐད་ ཆ་སློབ་སྦྱོང་དང་། ལུས་རྩལ་བྱེད་སྒོར་སློབ་སྦྱོང་ དང་ཤེས་རྟོགས། ལག་ལེན་བྱེད་པ། སྒྱུ་རྩལ་བྱེད་ སྒོར་སློབ་སྦྱོང་དང་། རྒྱུས་ལོན། ལག་ལེན་བྱེད་པ། བློ་སྒོ་འབྱེད་པ། འཛམ་གླིང་ལ་འཚོལ་ཞིབ་བྱེད་པ་ བཅས་སོ། ། ཡང་གཅིག་བཤད་ན། ཧྥ་རན་སེའི་ སློབ་སྔོན་སློབ་གསོའི་དམིགས་ཚད་གཙོ་བོ་ནི་བྱིས་ པ་ཚོ་ཉེ་འགྲམ་གྱི་བྱ་དངོས་དང་བྱེད་སྒོར་སྤྲོ་བ་ འཕེལ་བར་བྱས་ཏེ་བྱིས་པ“སྤྱི་ཚོགས་ཅན”དུ་ བསྒྱུར་རྒྱུ་དེ་རེད། ཧྥ་རན་སེའི་སློབ་གསོར་མི་ཆོས་རིང་ ལུགས་ཀྱི་སྲོལ་རྒྱུན་ལྡན་མོད། སློབ་སྔོན་སློབ་ གསོར་མོང་ཐེ་སུའོ་ལི་སོགས་སློབ་གསོ་མཁས་ཅན་ གྱི་བསམ་བློའི་ཤུགས་རྐྱེན་ཐེབས་ཡོད། དེར་ བརྟེན། ཧྥ་རན་སེའི་སློབ་སྔོན་སློབ་གསོས་བྱིས་པ་ གཙོར་བཟུང་སྟེ་བྱེད་སྒོ་སྣ་ཚོགས་སྤེལ་ནས་བྱིས་ པའི་ཤེས་ཚོར་ནུས་པ་དང་། སྐད་ཆའི་ནུས་པ། བསམ་གཞིགས་ནུས་པ། བསམ་བཀོད་ནུས་པ་ བཅས་གསོ་སྐྱོང་བྱས་ཏེ། བྱིས་པར་ཉམས་མྱོང་ དང་ཤེས་བྱ་གསོག་འཇོག་བྱེད་དུ་འཇུག་པ། འཛམ་གླིང་གི་གསང་བ་འཚོལ་ཞིབ་བྱེད་པ། བྱིས་ པའི་ཤེས་བྱ་སྦྱོང་འདོད་ཀྱི་བློ་སྐོང་བ་དང་བསྐྱེད་ པ་བཅས་བྱས་ཏེ་རིམ་གྱིས་རང་གཤིས་ལེགས་པོ་ ཞིག་གྲུབ་ཏུ་འཇུག་པ་དང་། འབྱུང་འགྱུར་གྱི་འཚོ་ བར་ཁ་ཕྱོགས་ཏེ་སློབ་གསོའི་དམིགས་ཡུལ་མངོན་ འགྱུར་བྱེད་ཐུབ། སློབ་སྔོན་དགེ་རྒན་གསོ་སྐྱོང་ལ་མཐོང་ ཆེན་བྱས་ཏེ། དགེ་རྒན་ལོ་ཆུང་རྣམས་ཀྱིས་ དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་གཅིག་མཉམ་ སྤྱོད་བྱེད་པ། བྱང་ཚད་མཐོ་བའི་དགེ་རྒན་དཔུང་སྡེ་ནི་རྒྱལ་ཁབ་ཅིག་གི་སློབ་གསོ་འཕེལ་རྒྱས་གཏོང་བའི་ འགག་རྩ་ཡིན། 

      ཧྥ་རན་སེ་རུ་བྱིས་སྐྱོང་ཁང་གི་ དགེ་རྒན་དང་སློབ་ཆུང་གི་དགེ་རྒན་གྱིས་ཐོབ་ ཐང་ལག་ཁྱེར་མཉམ་སྤྱོད་བྱེད་ཀྱི་ཡོད། དེ་ཡང་བྱིས་སྐྱོང་དགེ་རྒན་ཚང་མར་ངེས་པར་དུ་རབ་ འབྱམས་པའི་ཐོབ་ཐང་ཡོད་དགོས་པར་མ་ཟད། ཆེད་ལས་སློབ་སྦྱོང་དང་དངོས་སྦྱོང་བྱས་ཏེ་དམའ་ རིམ་སློབ་གསོའི་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་ རག་རྗེས་ལས་གནས་སུ་ཞུགས་ཆོག་ལ། རྒྱལ་ཁབ་ ཀྱི་གཞུང་ཞབས་པའི་ཐོབ་ཐང་ཡང་ལྡན་དགོས། དགེ་རྒན་རྣམས་ལས་གནས་སུ་ཡོད་པའི་སྐབས་སུ་ སློབ་གྲྭར་ལྟ་སྐུལ་བྱེད་མཁན་གྱིས་ལྟ་སྐུལ་སློབ་ སྟོན་དང་ཟབ་སྦྱོང་བྱེད་དགོས་པར་མ་ཟད། དཔྱད་དཔོག་པས་དཔྱད་འབྲས་དང་ལས་ཀའི་ རྣམ་འགྱུར་ལ་གཞིགས་ནས་གཞུང་ཞབས་པའི་དོ་ དམ་བྱེད་ཐབས་ལྟར་ལས་གནས་འཕར་དགོས། ཧྥ་རན་སེའི་སློབ་གསོ་པུའུ་ཡི་གཏན་འབེབས་ལྟར་ ན། དམའ་རིམ་སློབ་གསོའི་དགེ་རྒན་རྣམས་བྱ་ བར་ཞུགས་པའི་ལོ་ལྔ་པ་ནས་ལས་འཁྱུར་ངལ་ གསོ་མ་བརྒྱབ་གོང་གི་ལོ་ལྔའི་བར་ཟླ་ཕོགས་ འཁྱེར་ནས་ལོ་གཅིག་རིང་རྒྱུན་མཐུད་སློབ་གསོ་ དང་ལེན་བྱེད་པའི་དབང་ཆ་ལྡན། ཧྥ་རན་སེ་རུ་བུ་བཅོལ་ཁང་གི་ཡོན་ཀྲང་ལ་ སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་དང་གཅིག་ མཚུངས་ཀྱི་ཐོབ་ཐང་ཡོད་པ་དང་། ཡོན་ཀྲང་གིས་ བུ་བཅོལ་ཁང་གི་སློབ་གཉེར་བྱ་བར་འགན་འཁུར་ དགོས་པར་མ་ཟད། ཚོགས་པ་དང་མཉམ་དུ་ འཕེལ་རྒྱས་འཆར་གཞི་འགོད་དགོས། ཚོགས་པའི་ དོ་དམ་ནང་ཡོན་ཀྲང་དང་དགེ་རྒན་གྱི་འཐུས་མི། གྲོང་རྡལ་གྱི་སློབ་གསོ་ཁག་གི་འགན་འཁུར་མི་སྣ། སློབ་མའི་ཁྱིམ་བདག་གི་འཐུས་མི། ས་གནས་ཀྱི་ སློབ་གྲྭར་ལྟ་སྐུལ་བྱེད་མཁན་གྱི་འཐུས་མི་བཅས་ འདུས།ཧྥ ་ར ན ་སེ འི ་སློ བ ་སྔོ ན ་སློ བ ་ག སོ འི ་ དམིགས་ཡུལ་ནི་བྱིས་པའི་ལུས་སྟོབས་དང་། སྤྱི་ ཚོགས་རང་བཞིན། རིག་སྟོབས། སྒྱུ་རྩལ་ནུས་པ་ སོགས་ཕྱོགས་ཡོངས་ནས་འཕེལ་བར་སྐུལ་ འདེད་གཏོང་བ་དང་། བྱིས་པ་ཁོར་ཡུག་དང་ འཕྲོད་པའི་ནུས་པ་ཆེ་རུ་གཏོང་བ། བྱིས་པར་ དམངས་གཙོ་དང་ཚན་རིག་ཤེས་སུ་འཇུག་པ། སྒྲིག་བརྩི་ཁྲིམས་སྲུང་བྱེད་ཤེས་པ། མི་གཤིས་ ལེགས་པོ་གོམས་པར་བྱས་ནས་བྱིས་པའི་འབྱུང་ འགྱུར་གྱི་སྤྱི་ཚོགས་འཚོ་བར་གྲ་སྒྲིག་གང་ལེགས་ བྱེད་དུ་འཇུག་རྒྱུ་དེ་ཡིན།

བསྐལ་བཟང་རྒྱལ་གྱིས་བསྒྱུར།