བོད་ཡིག་འཛམ་གླིང་གི་གཙོ་རྒྱུགས་སྐད་རིགས21ལ་སྒྱུར་ཐུབ་པའི་བོད་ཁུལ་གྱི་མ་ལག་ཐོག་མ།

◆ རྟ་མགྲིན་མཚོ།

སྤྱི་ཟླ8པའི་ཚེས5ཉིན་གྱི་སྔ་དྲོར་མཚོ་ལྷོ་ཁུལ་ཡོངས་འཛིན་གཉོར་སྐྱོང་གླིང་དུ། ཐོན་མིའི་ལོ་ཙཱའི་ལས་སྒོ་གསར་གཏོད་པ་སྟག་ལ་འབུམ་གྱིས་ཐོན་མིའི་ཡིག་སྒྱུར་མ་ལག་གི་སྒྲིག་རིམ་ངོ་སྤྲོད་བྱས་པར་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བར་ཕེབས་པའི་བོད་ཡིག་སྨྱན་སྦྱོར་བ་བརྒྱ་ལྷག་དང་འབྲེལ་ཡོད་འགོ་ཁྲིད་ཀྱིས་གསན་གཟིགས་གནང་བར་མ་ཟད། ཐོན་མིའི་ཡིག་སྒྱུར་གྱི་མ་ལག་འདི་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཁྲོད་ཀྱི་མིས་བཟོས་རིག་སྟོབས་ཀྱི་གྲུབ་འབྲས་མངོན་གསལ་བླངས་པའི་སྐད་ཡིག་བརྗེ་རེས་ཀྱི་ཉེར་སྤྱོད་མ་ལག་ཅིག་ཏུ་ངོས་འཛིན་བྱས་པ་དང་།ཐོན་མིའི་ཡིག་སྒྱུར་མ་ལག་གི་གསར་ གཏོད་རང་བཞིན་དང་ཐོལ་བརྒལ་རང་བཞིན་ལ་ངོ་མཚར་སྐྱེས་ཤིང་དགའ་བསུ་ཚད་མེད་ཐོབ། མ་ལག་འདིས་འཛམ་གླིང་གི་གཙོ་རྒྱུགས་སྐད་རིགས་ཉེར་གཅིག་སྟེ། བོད་དང་རྒྱ། དབྱིན་ཇི་དང་ཉི་ ཧོང་། ཀོ་རེ་ཡ་དང་ཧྥ་རན་སི། སི་པན་ཡ། ཨུ་རུ་སུ། ཨ་རབ། ཐེ་ལན། ཕུའུ་ཐུའོ་ཡ། སོག་པོ། འཇར་མན། ཧིན་རྡུ་ཉི་ཞི་ཡ། རྒྱ་གར། ཡུ་གུར། མ་ ལེ་ཞི་ཡ། དབྱི་ཐ་ལི། ཀེ་རི་སི། ཧི་ལན། བལ་བོ་བཅས་ཀྱི་ཡི་གེ་ཕན་ཚུན་ལ་བསྒྱུར་ཐུབ། བོད་སྐད་རང་རྒྱལ་གྱི་སྤྱི་སྐད་དང་སོག་སྐད། ཡུ་གུར་སྐད་བཅས་ལ་སྐད་ཆའི་ལམ་ནས་བསྒྱུར་ཐུབ་ཀྱིན་འདུག་ཅིང་། སྐད་རིགས་བརྗེ་རེས་ཀྱི་ཚ་རླབས་དྲག་ཏུ་འཕྱུར་བའི་དེང་གི་འཚོ་བའི་ཁྲོད་ཀྱི་མི་རྣམས་ལ་བེད་སྤྱོད་ཀྱི་རིན་ཐང་གལ་ཆེན་བསྐྲུན་འདུག

སྤྱི་གཉེར་ཁང་ངོ་སྤྲོད། མཚོ་སྔོན་ཐོན་མིའི་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་དང་ གསར་སྤེལ། གཞི་གྲངས་འཛུགས་ སྐྲུ ན ། མ ཉ མ་འ བྲེ ལ་ དྲ ་ རྒྱ འི ་ ཚོ ང ་ གཉེར། རྒྱ་བོད་ཡིག་སྒྱུར་སོགས་ཆ་འཕྲིན་ ཞབས་ཞུ་གཙོ་བོར་བྱེད་པའི་སྤྱི་གཉེར་ ཁང་ཞིག་ཡིན་པ་དང་། མིས་བྱས་ལོ་ཙཱ་པའི་དཔུང་སྡེ་དང་ལག་རྩལ་པའི་དཔུང་སྡེ། དྲ་ ལམ་སྣེ་ལེན་པའི་དཔུང་སྡེ་བཅས་དཔུང་སྡེ་ཆེན་ མོ་གསུམ་གྱིས་གྲུབ་ཡོད། ལྷག་པར་དུ། མིས་བྱས་ ལོ་ཙཱ་པའི་དཔུང་སྡེ་ནི་ལོ་ཙཱ་ཆེད་ལས་ཀྱི་ན་གཞོན་ ཤེས་ལྡན་པ་ལྔ་བཅུ་ལྷག་མཉམ་འབྲེལ་གྱིས་གྲུབ་ ཅིང་། ཆེད་ལས་འབུམ་རམས་པ་དང་རབ་ འབྱམས་པས་བརྒྱ་ཆའི་བརྒྱད་ཅུའི་ཡན་ཟིན་ཡོད་ ལ། བརྗེ་རེས་གཙོ་བོར་གྱུར་བའི་སྤྱི་ཚོགས་ཀྱི་གྲུ་ ག་སོ་སོར་མཉམ་འབྲེལ་དྲ་རྒྱའི་ནུས་ཤུགས་ལ་ བརྟེན་ནས་སྐད་ཡིག་བརྗེ་རེས་ཀྱི་ཞབས་ཞུ་བྱེད་ པའི་དེང་རབས་རང་བཞིན་གྱི་དཔུང་སྡེ་ཞིག་ཡིན་ པ་དང་། བོད་རྒྱ་སྐད་གཉིས་ཀྱི་ལོ་ཙཱའི་ཞབས་ཞུ་ གཙོ་བོར་བྱེད་ལ་དབྱིན་སྐད་དང་ཉི་ཧོང་གི་སྐད་ ཀྱང་ལོ་ཙཱ་བྱེད་བཞིན་མཆིས།

ཐོན་མིའི་ཡིག་སྒྱུར་མ་ལག་གི་བྱེད་ནུས་ དང་ཁྱད་ཆོས་མདོར་བསྡུས།


2020ལོའི་ཟླ་5བར་ཀྲུང་ཧྭ་མི་དམངས་སྤྱི་ མཐུན་རྒྱལ་ཁབ་རྒྱལ་ཁབ་པར་དབང་ཅུས་ནས་ པར་དབང་ཐོབ། 1.བོད་ཡིག་འཛམ་གླིང་གི་གཙོ་རྒྱུགས་སྐད་ རིགས21ལ་སྦྲེལ་ཡོད། 2.བོད་སྐད་རང་རྒྱལ་གྱི་སྤྱི་སྐད་དང་སོག་ སྐད་སོགས་ལ་སྦྲེལ་ཡོད། 3.ཐ་སྙད་དང་ཚིག་གྲུབ་གཉིས་ཀ་བསྒྱུར་ཐུབ། 4.སྒྱུར་ཐེངས་རེར་ཡིག་འབྲུ200སྡེབ་ གཅིག་ལ་བསྒྱུར་ཐུབ། 5.འགྱུར་ཡིག་གི་དག་ཚད་ཕལ་ཆེར80% ལ་སླེབས་ཐུབ། 6.སྒྲ་དང་ཡི་གེ་ཟུང་འབྲེལ་སྒོས་སྒྱུར་ཐུབ། 7.པར་ངོས་རྒྱ་བོད་གང་རུང་ལ་བརྗེ་སྒྱུར་བྱ་ཆོག 8.རང་ཉིད་ཀྱི་ཡིག་སྒྱུར་ཟིན་ཐོ་ཉར་ ཚགས་བྱ་ཐུབ་ལ་བསུབ་ཀྱང་ཆོག སྐད་རིགས་བརྗེ་རེས་ཀྱི་ཚ་རླབས་ཇེ་ཆེར་ སོང་བ་དང་བསྟུན། རང་རེའི་སྤྱི་ཚོགས་ཁྲོད་དུ་ ཡང་བོད་སྐད་དེ་སྐད་རིགས་གཞན་དག་ལ་བརྗེ་ རེས་བྱེད་པའི་རེ་བ་དང་དགོས་མཁོ་ཇེ་ཆེར་འགྲོ་ བར་དམིགས་ནས་མ་ལག་འདི་གསར་སྤེལ་བྱས་པ་ དང། སློབ་མ་དང་ཡིག་སྒྱུར་བ། ཚོང་བ། གཞུང་ ཞབས་པ་དང་ལྗོངས་རྒྱུ་བ་སོགས་ལས་རིགས་སོ་ སོའི་མི་སྣ་སུ་ཞིག་གིས་མ་ལག་འདི་བཀོལ་སྤྱོད་ བྱས་ཚེ་རང་གི་སློབ་སྦྱོང་དང་དཔེ་ཀློག ཚོང་ དོན། འབྲེལ་འཛུགས་སོགས་ཀྱི་བྱ་བཞག་ལ་རམ་འདེགས་མི་དམན་པ་ཞིག་བྱེད་ཐུབ་པར་གདོན་མི་ ཟ་ཞིང་། བོད་ཡིག་གི་ཆ་འཕྲིན་ལག་རྩལ་སྔོན་ ཐོན་ཅན་དང་སྟབས་བདེ་ཅན། གཞི་གྲངས་ཅན་ དང་རིག་སྟོབས་ཅན། ཁེ་ལས་ཅན་བཅས་ཀྱི་ ཕྱོགས་སུ་བསྐྱོད་པར་རྟིང་སྐུལ་དང་བཀོལ་སྤྱོད་ཀྱི་ རིན་ཐང་ཆེན་པོ་བསྐྲུན་འདུག ཐོག་མར་རང་གི་སྐད་འཕྲིན་དང་སྦྲེལ་རྗེས་ཁ་ འབྱེད་ཨང་གྲངས་བླངས་ནས་ཐོ་ཨང་དང་གསང་ གྲངས་ཐོ་འཇུག་བྱས་ན་ད་གཟོད་བཀོལ་སྤྱོད་བྱ་ཐུབ། 1.བོད་ཡིག་གི་ཚེག་དང་ཤད། ཕྲད། ཚིག་ ཐོན་མིའི་ཡིག་སྒྱུར་མ་ལག་བཀོལ་སྤྱོད་བྱ་ཐབས།མཚམས་གཅོད་སྟངས་སོགས་ཚད་ལྡན་ཡིན་ དགོས། མ་ཡིག་ལ་ཡིག་ནོར་དང་གཏགས་ནོར་ ཤོར་ན་འགྱུར་ཡིག་ཀྱང་ནོར་འགྲོ།
       ཐོན་མིའི་ཡིག་སྒྱུར་མ་ལག་བཀོལ་སྤྱོད་བྱ་ཐབས། 


2.རྒྱ་ཡིག་དང་དབྱིན་ཡིག་སོགས་སྐད་ རིགས་གཞན་དག་ཀྱང་རང་རང་གི་བརྡ་སྤྲོད་དང་ མཐུན་དགོས་ལ་(,。;、?)རྟགས་འདི་དག་དང་ ཚིག་མཚམས་གཅོད་སྟངས་ཚད་ལྡན་ཡིན་དགོས། མ་ཡིག་ལ་ཡིག་ནོར་དང་གཏགས་ནོར་ཤོར་ན་ འགྱུར་ཡིག་ཀྱང་ནོར་འགྲོ། 3.མ་ཡིག་གི་ནང་དུ་ཡི་གེའི་ཁོངས་སུ་མི་ གཏོགས་པའི་པར་ཆུང་དང་རྟགས་གཞན་པའི་ རིགས་ཡོད་ན་བསུབས་དགོས། གལ་ཏེ་མ་བསུབས་ ན། མ་ཡིག་གི་བརྡ་སྤྲོད་དང་ཚིག་མཚམས་གཅོད་ སྟངས་སོགས་ལ་གནོད་པས་འགྱུར་ཡག་པོ་མི་ཡོང་།

4.སྒྲ་བླངས་ནས་བསྒྱུར་ན་མདོ་དབུས་ ཁམས་གསུམ་རང་རང་གི་སྐད་གསལ་ཞིང་དག་ པའི་སྒོ་ནས་བཤད་དགོས། རྒྱ་སྐད་དང་སྐད་རིགས་ གཞན་ཡང་དེ་བཞིན་ནོ།།

5.མ་ལག་འདི་བཀོལ་ནས་ཉིན་འགའ་ འགོར་རྗེས་ད་གཟོད་མ་ལག་འདི་བཀོལ་ཐབས་ཀྱི་ གསང་བ་མང་པོ་ཞིག་རྙེད་ཐུབ། 6.བསྒྱུར་བྱའི་ནང་དོན་གྱི་ཆ་ནས་རྒྱལ་ཁབ་ ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ལ་འགལ་བའི་ ནང་དོན་བསྒྱུར་མི་རུང་། མ་ལག་ཐོ་འགོད་བྱེད་ སྐབས་ཀྱི་གན་རྒྱ་བརྩི་སྲུང་བྱེད་དགོས། སྤྱི་ཚོགས་ ཧྲིལ་བོའི་དགོས་མཁོ་དང་བསྟུན། མི་འདང་སའི་ གནས་དག་འདི་ག་ནས་རིམ་བཞིན་གང་ནུས་ཀྱིས་ གསར་བརྗེ་བྱ་ཆོག མཇུག་སྡོམ། རྒྱུས་ལོན་པ་ལྟར་ན། མ་ལག་འདི་ནི་མཚོ་སྔོན་ ཐོན་མིའི་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་ གིས་ལོ་ངོ་དུ་མའི་རིང་ཞིབ་འཇུག་བྱས་ནས་གསར་ སྤེལ་བྱས་པ་ཞིག་རེད་ལ། བོད་ཁུལ་གྱི་ཆེས་ཐོག་མའི་ སྐད་རིགས་མང་པོ་བསྒྱུར་ཐུབ་པའི་བོད་ཡིག་གི་ཡིག་ སྒྱུར་མ་ལག་གཅིག་པུར་ཆགས་འདུག

2019ལོར་ཚོད་ལྟའི་ཚུལ་གྱིས་སྤྱི་ཚོགས་ ཡོངས་ལ་ཁ་ཕྱོགས་ནས་བཀྲམས་པ་ནས་ཉོ་མཁན་ ཁྲི་ཕྲག་མང་པོས་ཐོ་འགོད་བྱས་འདུག་པ་དང་ རྒྱལ་ནང་གི་ཞིང་ཆེན་བཅོ་བརྒྱད་དང་འབྲེལ་བའི་ འཛད་སྤྱོད་མི་སྣས་ཡུལ་སྐོར་ལྗོངས་རྒྱུ་དང་ཚོང་ དོན་སོགས་ཀྱི་ཕྱོགས་སུ་བཀོལ་སྤྱོད་བྱེད་བཞིན་ འདུག མ་འོངས་པར་མུ་མཐུད་དུ། མ་ལག་གསར་ བརྗེ་དང་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག མཉེན་ཆས་གསར་སྤེལ། གཞི་གྲངས་འཛུགས་ སྐྲུན། རྒྱ་བོད་ཡིག་སྒྱུར། དྲ་ཐོག་ཚོང་གཉེར་ བཅས་ཀྱི་ཕྱོགས་སུ་ཤུགས་གདོན་རྒྱུ་རེད།

ས་གནས། མཚོ་ལྷོ་ཁུལ་ཡོངས་འཛིན་ གཉོར་སྐྱོང་གླིང་།

ཁ་པར། 0974-8527932