“རིམ་གསུམ་མིག་མངས”ལ་ལེགས་པར་ཞུགས་ཤིང་གཞི་རིམ་ རྩ་འཛུགས་འཛུགས་སྐྱོང་གི་རིམ་པ་ཇེ་མཐོར་གཏོང་བ།

◆ ལིན་ཅན་ཀྲི།

ད་ལོར་མཚོ་བྱང་བོད་རིགས་རང་སྐྱོང་ ཁུལ་གྱིས་རྩ་འཛུགས་མ་ལག་འཛུགས་སྐྱོང་གི་ལོ་ གསུམ་གྱི་བྱ་སྤྱོད་རྒྱུན་མཐུད་ངང་དོན་འཁྱོལ་བྱ་ རྒྱུ་དམིགས་ཚད་དུ་བྱས་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ཚད་གཞི་མཐོ་ཤོས་དེ་གཙོ་རྐང་དུ་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་དང་ཟུང་འབྲེལ་བྱེད་པ། འཕེལ་རྒྱས་ལ་གཞི་ཚུགས་ནས་ཏང་འཛུགས་སྐྱོང་དམ་འཛིན་བྱེད་པ། བཀྲག་མདངས་འཚེར་ས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི“འདུ་འགོད་ཁག་གསུམ”གྱི་ཁྱབ་ཁོངས་ཡོངས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། ཁུལ་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་རིམ་པ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ བྱས་ཡོད།

“སྤུས་རྟགས་བཟང་པོ”བཏོད་དེ་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བའི་འདུ་འགོད་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བ་ བྱེད་དགོས། ཏང་གི་རྩ་འཛུགས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ་དེ་བས་ནུས་ལྡན་གྱི་བྱ་ ཐབས་སྤྱོད་པ་དང་གཞི་རིམ་ཏང་རྩ་འཛུགས་ ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་རྒྱུར་སྐུལ་འདེད་གཏོང་དགོས། ཕུལ་བྱུང་གིས་སྤུས་ཀ་ཇེ་ལེགས་སུ་བཏང་སྟེ་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཏང་འཛུགས་སྐྱོང་ལས་དོན་གྱི“ཞན་ཆ་ཅན”དང “སྐྱོན་ཆ་ཅན”ལ་དམ་པོར་དམིགས་ནས་བརྗོད་ བྱ་ལག་བསྟར《2+5+Nརྣམ་པའི་ཐོག་ནས་ས་ཁོངས་ཅན་གྱི་ཏང་དང་མང་ཚོགས་ཀྱི་མཉམ་སྤྱོད་གཡུལ་ས་གཏོད་པ》དང《གྲོང་ཚོའི་ཏང་རྩ་འཛུགས་ཀྱི“གདོང་ལེན་པའི”འདུ་འགོད་ལག་བསྟར》གྱི་ཏང་འཛུགས་སྐྱོང་རྣམ་གྲངས་ལག་ལེན་དུ་བསྟར་བ་དང་ཁུལ་རིམ་པས་ཏང་འཛུགས་སྐྱོང་རྣམ་གྲངས15གཉེར་རྒྱུའི་ཡིག་ཐོག་སྙན་ཞུ་ ཕུལ་ནས་རྣམ་གྲངས་ཅན་གྱི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་འགན་ལེན་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། མདོ་ལ་རྫོང་གིས་རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི “36”སྤུས་ཚད་མཐོར་གཏོང་བྱ་སྤྱོད་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི“369འདུ་འགོད་ ལ་སྐུལ་འདེད་ཏན་ཏིག་བཏང་ནས“སྟོན་གྲངས་ ལྔའི”གསར་གཏོད་བྱེད་པའིདར་དམར་དྲུག་གི་ བྱེད་སྒོར“ཤང་གྲོང་གཅིག་ལ་དཔེ་སྟོན་ གཅིག”གི་ཁྱད་ལྡན་ཏང་འཛུགས་སྐྱོང་གསར་ གཏོད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ སྟེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ བཏང་སྟེ་ལམ་ལུགས་ཀྱི་ཐོག་ནས་ཕན་འབྲས་ཐོན་ པ་དང་སྲ་བརྟན་དང་ཇེ་ལེགས་སུ་བཏང་ཡོད། “གཅིག་བདུན”དག་ཐེར་བཅོས་སྐྱོང་གི་ལམ་ སྲོལ་དང་གསལ་ཐོ་བཞི་བཙུགས་ནས་ཁྱབ་སྤེལ་ གཏོང་བ་དང་། ནུས་མེད་ཟབ་ཟོབ་ཏུ་གནས་པའི་ གཞི་རིམ་ཏང་རྩ་འཛུགས་ཀྱི་གྲལ་བཤེར་དག་ཐེར་ ལས་དོན་རྒྱུན་རྣམ་ཅན་དུ་འགྱུར་བར་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་ རྫོང་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་རྒྱུ་དམ་ འཛིན་བྱེད་སར་བྱས་ནས་གཞི་རིམ་རྩ་འཛུགས་ཀྱི་ “རྨང་གཞི”ཟམ་མི་ཆད་པར་ཇེ་བརྟན་དུ་གཏོང་ དགོས། རྐང་ཚ་རྫོང་གིས2019ལོ་འཁོར་གྱི་གྲོང་ ཚོའི(སྡེ་ཁུལ)སྐར་མའི་རིམ་པ་གཏོད་པའི་ལས་ དོན་སྒྲིག་འཛུགས་བྱས་ནས་གྲོང་ཚོའི(སྡེ་ ཁུལ)ཏང་རྩ་འཛུགས་སོ་སོས་དཔྱད་བསྡུར་བྱས་ ཏེ་གྲོང་ཚོ(སྡེ་ཁུལ)ཁག་གི“སྐར་མ་རིམ་ པའི”དཔྱད་ཞིབ་རིམ་པ་གཏན་འཁེལ་བྱས་ནས་ སྐར་མ་བཅུ་རིམ་པའི་རྩ་འཛུགས5དང་། སྐར་མ་ དགུའི་རྩ་འཛུགས7། སྐར་མ8རིམ་པའི་རྩ་ འཛུགས10བཅས་ཞིབ་དཔྱད་གཏན་འཁེལ་བྱས་ པ་དང་སྐར་མ་རིམ་པའི་བྱ་དགའ་རིམ་པ་གསུམ་ གྱི་ཞིབ་ཕྲའི་བྱ་ཐབས་འཆར་འགོད་བྱས་ཏེ་གྲོང་ ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཞབས་ཞུ་ འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་། ནུས་པ་ གཏིང་ཟབ་བཏོན་ནས་བྱས་རྗེས་འཇོག་པ། བརྒྱ་དང་བཅུ་གཉིས། ཆིག་སྟོང”གི་གདོང་ལེན་དང་།ཏང་ཡོན་གྱིས་ཁ་དན་ཚིག་ལ་གནས་པ་བྱས་ནས་ མིག་དཔེ་སྟོན་པ།“ངའི་ལས་གནས་ངས་འགན་ འཁུར་རྒྱུ་ཡིན། ང་ལས་གནས་སུ་བསྡད་ན་སེམས་ བདེ་མོ་གནང་རོགས”སོགས་ཀྱི་བྱེད་སྒོ་སྤེལ། གནས་སྐབས་ཏང་ཀྲི་པུའུ13བཙུགས་པ་དང་།ཏང་ཡོན་གདོང་ལེན་རུ་ཁག200ལྷག་ཙམ་རིམས་ ནད་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཞུགས་པ། ཁུལ་ཡོངས་ཀྱི་ཏང་ཡོན16422ཀྱིས་སྔ་རྗེས་སུ་རང་འགུལ་ངང་ཏང་རྩ་འཛུགས་ལ་དམིགས་བསལ་ཏང་དངུལ་སྤྲོད་པ་དང་ཞལ་འདེབས་དངུལ་སྒོར་ཁྲི479ལྷག་ཙམ་སྤྲད་པ་རེད། མདོ་ལ་རྫོང་གིས“ཏང་ཡོན་གྱི་གདོང་ལེན་སྟོན་གྲངས་གཏིང་ཟབ་ཏུ་གཏོང་བ། རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པ24ཡིས་མང་ཚོགས་ཀྱི་མདུན་དུ་སྐྱོད་པ་དང་། ལས་ཐོག་ཏང་ཡོན1328ཀྱིས་རྫོང་ཡོངས་ཀྱི་སྡོད་ཁུལ110དང་ཐོག་བརྩེགས་ཁང་བསྟར་པ240ལ“རྒྱུན་རྣམ་ཅན་གྱི་འཚམས་འདྲི +དྲ་འཐེན་རྣམ་པའི་གྲལ་བཤེར+འགྲིལ་རྣམ་བསྐྱར་ཞིབ”ཀྱི་ལས་ཀའི་བརྒྱུད་རིམ་དོན་འཁྱོལ་ནན་མོ་བྱས་ནས་ས་གདན་རྣམ་པའི་གྲལ་བཤེར་བྱས་པ་དང་། རྫོང་ཡོངས་ཀྱི་ཏང་ཡོན3408ཀྱིས་ ཏང་རྟགས་བཏགས་པ་དང་། སྟོད་གོས་དམར་པོ་ གྱོན་པ། རང་འགུལ་ངང་ཐོབ་ཐང་གསལ་སྟོན་བཅས་བྱས་ཏེ་རིམས་འགོག་འཐབ་ཕྱོགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ ནུས་ཤུགས་ཡོད་རྒུས་བསྒྲུབས།

“ལམ་བུ་གསར་པ”འཚོལ་ཞིབ་བྱས་ ཏེ། གྲོང་ཚོ་ཧྲིལ་པོར་ལེགས་འགྱུར་ལས་གྲྭ་ ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བ་བྱ་ དགོས།གྲོང་གསེབ(སྡེ་ཁུལ)གཞི་རིམ་ཏང་ འཛུགས་སྐྱོང་བྱེད་པའི“གྲོང་ཚོ་ཧྲིལ་པོ་ཇེ་ལེགས་སུ་གཏོང་བ་དང་། ཞང་ཧྲིལ་བོར་སྐུལ་འདེད་ གཏོང་བ། རྫོང་ཧྲིལ་བོར་རིམ་སྤོར་བྱེད་ པའི”དཔེ་སྟོན་གྲོང་ཚོ་དང་། ཞང་། རྫོང་བཅས་ ཀྱི་གསར་འཛུགས་བྱེད་སྒོ་ལག་བསྟར་བྱས་ནས་ ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་པའི་གྲོང་ཁྱེར་ དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་ འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་ དགོས།“སྣེ་ཁྲིད་པ”བཀོད་སྒྲིག་ཡག་པོ་བྱེད་ དགོས། 2021ལོའི་གྲོང་ཚོ་རིམ་པའི་སྐབས་བརྗེ་ ལ་དམིགས་ནས་གྲོང་ཚོའི(སྡེ་ཁུལ)དང“ཨུ་ལྷན་ གཉིས”ཀྱི་འགན་འཁུར་བ་གཙོ་བོ“ཕྲག་ཏུ་ འཁུར་བར”བརྟན་པོའི་ངང་སྐུལ་འདེད་བཏང་སྟེ “223”གྲོང་ཚོ་རིམ་པའི་རྗེས་གྲབས་ཤེས་ལྡན་མི་ སྣ་གསོ་སྐྱོང་གི་འཆར་གཞི་སྔ་སྣུར་དུ་ཇུས་འགོད་ བྱས་པ་དང་འབྲེལ་རྗེས་གྲབས་ལས་བྱེད་པའི་ མཛོད་དང་མི1194འཐུས་ཚང་དུ་བཏང་བས་གཞི་རིམ་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་ སྔར་བས་ཇེ་ལེགས་སུ་ཕྱིན་ཡོད། མདའ་གཞི་རྫོང་ གིས་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ “ཁག་གཅིག་བདུན”གྱི་གསོ་སྦྱོང་ལས་དོན་སྤེལ་ སྟངས་སྤྱད་དེ་རྫོང་ཡོངས་ཀྱི་གྲོང་ཚོ་རིམ་པའི་ རྗེས་གྲབས་ལས་བྱེད་པ160ལ་ཁྱོན་ཡོངས་དང་ ཟུར་ཚད་མང་པོའི་ཐོག་ནས་གསོ་སྦྱོང་བྱས་པ་ རེད། དེ་དང་དུས་མཚུངས་སུ《གྲོང་ཚོ་རིམ་པའི་ སྐབས་བརྗེའི་འདེམས་བསྐོའི་མཐིལ་རྟོགས་ བརྟག་ཞིབ་ལས་དོན་སྤེལ་རྒྱུའི་བརྡ་ཐོ》བཟོས་ ནས་འགྲེམ་སྤེལ་བྱས་ཏེ་གྲོང་ཚོ་རིམ་པའི་སྐབས་ བརྗེའི་བརྟག་དཔྱད་མཐིལ་རྟོགས་དང་རྗེས་ གྲབས་འོས་མི་གྲབས་གསོག་གི་ལས་དོན་སྤེལ། ཆུ་ གསོག་རྫིང་བུ་ལེགས་པར་བསྐྲུན་པ། གྲོང་སྡེའི་ ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་ སྣོན་རྒྱུ་དེ་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་ གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་ བརྩིས་ནས་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་ སློབ་རྒྱུས་བྱང་ཚད་མཐོ་རུ་གཏོང་བའི་འདུ་འགོད་ ལག་ལེན་བསྟར་ཞིང་། ཁུལ་ཨུའི་ཧྲུའུ་ཅུ་ཉི་མ་ སྒྲོལ་མས་ཐེངས་དང་པོའི་གསོ་སྦྱོང་འཛིན་གྲྭའི་ སློབ་མ61ལ་སློབ་ཚན་དང་པོ་འཁྲིད་དེ་གསོ་སྦྱོང་ ནང་ཞུགས་མཁན་སློབ་མར་གྲོང་ཚོའི་ལས་བྱེད་པ་ ཡག་པོ་ཞིག་བྱ་རྒྱུའི་སྐོར་ནས་ཁྲིད་སྟོན་བྱས། “བརྒྱ་གཉིས་དང་ཕུལ་བྱུང་གཅིག”གི་ནུས་པ་ མཐོར་གཏོང་འདུ་འགོད་དང་ཏང་ཡོན་ཏང་གི་ སློབ་གྲྭར་གཅིག་སྡུད་ཐོག་རེས་སྐོར་གསོ་སྦྱོང་བྱེད་ པའི་འདུ་འགོད་མུ་མཐུད་ལག་བསྟར་བྱས་ནས2020ལོར་སླེབས་སྐབས་ཁུལ་ཡོངས་ཀྱི་ཏང་ཡོན་ གྱི་བསྡུར་གྲངས20%ལ་གཞིགས་ནས་ཁྱོན་ ཡོངས་ལ་ཁྱབ་པའི་རེས་སྐོར་གསོ་སྦྱོང་བྱ་རྒྱུའི་ སྒྲིག་འཛུགས་བྱས་པ་དང་དབུལ་སྒྲོལ་ལས་བྱེད་པ524གཅིག་སྡུད་གསོ་སྦྱོང་ནང་ཞུགས་ནས་ལས་ བྱེད་པའི་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་ མངོན་གསལ་དུ་མཐོ་རུ་ཕྱིན། རྐང་ཚ་རྫོང་གི་ཞང་ དང་གྲོང་རྡལ་ཁག་གི་ཏང་ཨུས་དྲ་སྦྲེལ་གྱི་ལག་ རྩལ་གསར་པ་དང་གཞི་རྟེན་གསར་པར་གང་ ལེ ག ས ་ བ རྟེ ན ་ ན ས“ མ ཚ ར ་ སྡུ ག ་ གི ་ ཆུ ་ འཁྱིལ”དང་།“ཁྱད་མཚར་དཔལ་དགེ”། “མཛེས་སྡུག་ལྡན་པའི་གཡུ་དཀར་འོམ་ ལུང”སོགས་སྐད་འཕྲིན་སྤྱི་སྟེགས་དང་གྲོང་ཚོ་ ཁག་གི་སྐད་འཕྲིན་ཚོགས་པས་སྐབས་བཅུ་དགུ་ པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་ པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་ གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ ལུགས་ཀྱི་དགོངས་པའི་འབྲེལ་ཡོད་སློབ་སྦྱོང་ དཔྱད་གཞིའི་ཡིག་རིགས་བརྒྱུད་ཞིང་འབྲོག་ཏང་ ཡོན་གྱི་དགུན་དཔྱིད་གཉིས་ཀྱི་སྦྱོང་བརྡར་ལས་ དོན་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་།


“ཕྱུག་འགྱུར་ལམ་བུ”ལ་བསྐྱོད་པར་དཔེ་སྟོན་ལེགས་པོ་བྱེད་པ།《མཚོ་བྱང་ཁུལ་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སླར་གསོ་ཡོང་རྒྱུར་ རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ ཞིག》དང《མཚོ་བྱང་ཁུལ་གྱི2020ལོའི་ལོ་འཁོར་ གྱི་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཚོའི་མཉམ་ སྡེབ་དཔལ་འབྱོར་ལ་རྒྱབ་སྐྱོར་དང་སྟོབས་ཆེར་ གཏོང་རྒྱུའི་ལག་བསྟར་ཇུས་གཞི》བཟོས་ནས་ འགྲེམ་སྤེལ་བྱས་པ་དང་ཁ་གསབ་མ་དངུལ་སྒོར་ ཁྲི1900བཏང་ནས་གྲོང་ཚོ38ལ་གྲོང་ཚོའི་ མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ རོགས་སྐྱོར་བྱས་ཏེ་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ ལས་དོན་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་འགྲོ་ རྒྱུའི་འགན་ལེན་བྱས། ཁུལ་དང་རྫོང་རིམ་པ་ གཉིས་ཀྱིས་མ་དངུལ་སྒོར་ཁྲི684.29གྲབས་ གསོག་བྱས་ནས་ལོ་མང་རིང་ཉམས་གསོ་མ་ཐུབ་ པ་དང་རྒྱ་ཁྱོན་ཆུང་བའི་གྲོང་ཚོའི(སྡེ་ཁུལ)ཏང་ ཡོན་གྱི་བྱེད་སྒོ་སྤེལ་ཡུལ་གྱི་ཚད་གཞི་མཐོ་རུ་ གཏོང་བའི་རྣམ་གྲངས38སྒྲིག་འཛུགས་བྱས་ཏེ་ རྫོང་དང་། ཞང་། གྲོང་ཚོ་བཅས་ལ་ཁྱབ་པའི་ཏང་ དང་མང་ཚོགས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་ གནས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་།རྐང་ཚ་རྫོང་གིས“གྲོང་གཅིག་ཇུས་གཅིག”གི་རྩ་ དོན་གཞིར་བཟུང་སྟེ་མཉམ་སྡེབ་དཔལ་འབྱོར་ དཔེ་སྟོན་གྲོང་ཚོ6གཏན་འཁེལ་བྱས་པ་དང་ འབྲེལ་ཡོད་རྫོང་རིམ་པའི་ལག་བསྟར་ཇུས་གཞི་ ཞིབ་འཇུག་བྱས་ནས་བཟོས། མིག་སྔར་རྫོང་ ཡོངས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ སྡོམ་འབོར་སྒོར་ཁྲི16143ཟིན་པ་དེ2019ལོའི་ ལོ་སྟོད་ལས་སྒོར་ཁྲི325.5འཕར་ནས་རྫོང་ ཡོངས་ཀྱི་གྲོང་ཚོ31གི་མཉམ་སྡེབ་དཔལ་འབྱོར་ ལས་སྒོར་ཁྲི10ལས་བརྒལ་བ་དང་གྲོང་ཚོའི་ མཉམ་སྡེབ་དཔལ་འབྱོར་བརྟན་པོའི་ངང་འཕེལ་ རྒྱས་སུ་ཕྱིན་ཡོད། 

“བཙན་རྫོང་དམར་པོ”བརྟན་པོ་ འཛུགས་པ་དང་། ཁྱབ་ཁོངས་སོ་སོའི་ཏང་ ལེགས་སྐྱོང་གི་ཆུ་ཚད་མཐོ་རུ་འདེགས་པའི་ ལས་གྲྭ་ཁྱོན་ཡོངས་ནས་མངོན་འགྱུར་བྱ་ དགོས།རིགས་དབྱེ་ཁྲིད་སྟོན་མཐའ་འཁྱོངས་ དང་། གཞི་རིམ་གྱི་ཏང་སྐྱོང་ལས་ཀའི་འདུ་ཤེས་ དང་། ནང་དོན། བྱེད་སྟངས་བཅས་གསར་གཏོད་ བྱེད་པར་ཤུགས་ཆེན་གྱིས་སྐུལ་འདེད་གཏོང་བ། ཏང་གི་མགོ་ཁྲིད་དང་། ཏང་གི་ལས་དོན། ཏང་གི་ རྩ་འཛུགས་བཅས་ཕན་ནུས་ལྡན་པར་ཁེབས་པར་ བྱེད་པ། ཁྱབ་ཁོངས་ཁག་གི་གཞི་རིམ་གྱི་ཏང་སྐྱོང་ ལས་ཀའི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་གཏོང་ དགོས། མཉམ་ཁེ་མཉམ་སྤྱོད་ཀྱིས་ཏང་འཛུགས་ སྐྱོང་གི་རྣམ་པ་ཞིག་ཆགས་པར་བྱེད་དགོས། 《གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ བསམ་འཆར》དོན་འཁྱོལ་མཐར་ཕྱིན་དང་། ཞང་ དང་གྲོང་རྡལ་གྱི་ཏང་ཨུའི་ནུས་པ་ཆེ་རུ་གཏོང་བ། སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་དང་། སྡེ་ཚན་གྱི་ཏང་འཛུགས་སྐྱོང་། ལས་རིགས་ཀྱི་ཏང་འཛུགས་ སྐྱོང་བཅས་ཕན་ཚུན་མཉམ་འདྲེས་དང་སྤེལ་ རེས། མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། མོན་ཡོན་རྫོང་གིས“རིམ་ལྔ་མཉམ་འགུལ་ དང་བདུན་འབྲེལ་མཉམ་སྐྲུན”གྱི་ལམ་སྲོལ་ གསར་གཏོད་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྔར་ བས་ཚད་ལྡན་ཅན་དང་མ་ལག་ཅན་དུ་འགྱུར་ རྒྱུར་སྐུལ་འདེད་བཏང་སྟེ་ལེགས་ཆ་གསབ་རེས་དང་ཐུན་མོང་དུ་མཐོར་གཏོང་གི་གཞི་རིམ་ཏང་ འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱེད་དགོས། ལེགས་ཇུས་མཉམ་བཀོད་ཀྱིས་ཏང་ལེགས་སྐྱོང་མཉམ་འདྲེས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།《ཁུལ་ཐད་ གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ ལག་བསྟར་བསམ་འཆར》བཟོས་ནས་བཏོན་པ་ དང་ཁུལ་གྱིས་རྫོང་ཁྲིད་ནས་རྫོང་གིས་ཁུལ་ལ་ སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་མིག་མངས་འགྲིག་སྐོར་ཞིག་ ཆགས་ཡོད། མོན་ཡོན་རྫོང་གིས་སྡེ་ཁུལ་ལྟེ་བར་ བྱས་ནས་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་དང་། ཚན་ པའི་ཏང་འཛུགས་སྐྱོང་། ལས་རིགས་ཀྱི་ཏང་འཛུགས་སྐྱོང་། ས་ཁོངས་ཅན་གྱི་ཏང་འཛུགས་ སྐྱོང་བཅས་མཉམ་འདྲེས་དམ་ཟབ་དང་། ཕན་ ཚུན་འབྲེལ་མཐུད་དང་ཕན་ཚུན་སྐུལ་འདེད། ཕན་ཚུན་རོགས་རེས་བཅས་ཀྱི“གསར་བརྗེའི་ཏང་ཨུ་ཆེན་མོའི”མཁར་རྫོང་ལམ་སྲོལ་བཙུགས་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་ བཅོས་སྐྱོང་གསར་གཏོད་འཕེལ་རྒྱས་ལ་སྔར་བས་ཤུགས་སྣོན་དང་སྐུལ་འདེད་བཏང་། མདའ་གཞི་རྫོང་གིས“ཞང་དང་གྲོང་རྡལ་དུ་ཤུགས་རྒྱག་པ་ དང་སྡེ་ཚན་དུ་འབྱོར་ཐོ་འགོད་པའི”ལས་དོན་ སྤེལ་མགོ་ཚུགས་པ་དང་། རྫོང་ཡོངས་ཀྱི་ལས་ཁུངས་ཀྱི་ལས་ཐོག་ཏང་ཡོན320ལྷག་ཙམ་གྱིས་སྡེ་ཁུལ་དུ་འབྱོར་ཐོ་འགོད་པ་དང་། རིམ་རྩིས་བྱས་ན་བྱེད་སྒོ་ཐེངས13སྤེལ་བ། གྲོང་མི་མི་ཐེངས226ལ་ཞབས་འདེགས་ཞུ་བ། སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་དང་ཁུལ་དུ་བཅའ་སྡོད་ཚན་པའི་ཏང་འཛུགས་སྐྱོང་ནུས་ལྡན་ངང་མཉམ་འདྲེས་བྱ་ རྒྱུར་སྐུལ་འདེད་བཏང་བ་རེད། སྒྲིག་གཞི་ འཛུགས་པ་དང་ཏང་འཛུགས་སྐྱོང་ལ་སྐུལ་འདེད་ གཏོང་དགོས། ཧའེ་ཡན་རྫོང་དུ་མཚོ་བྱང་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ས་གནས་ ས་ཐོག་གི་ལྟ་སྦྱོང་སྐུལ་སྤེལ་ཚོགས་འདུ་འཚོགས་ནས་ས་གནས་ས་ཐོག་ཏུ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ལྟ་སྦྱོང་བྱས་པ་དང་། དཔེ་མཚོན་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་བ། ལས་དོན་བྱ་ཐབས་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ། ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་བཅས་རེད།“གསར་པ་གཉིས”སུ“འཛུགས་སྐྲུན་བཞི་དང་སྐུལ་འདེད་ བཞིའི”ཆེད་དོན་བྱ་སྤྱོད་དང་ཁུལ་རིམ་པའི “གསར་པ་གཉིས”རྩ་འཛུགས་དཔེ་སྟོན་ས་ ཚིགས་གཏོད་པའི་ལས་གྲྭའི་གཙོ་གནད་ཐོག་ཞིང་ཆེན་རིམ་པའི་དཔེ་སྟོན་ས་ཚིགས4དང་ཁུལ་རིམ་པའི་དཔེ་སྟོན་ས་ཚིགས4བཏོད་དེ་ཏང་རྩ་འཛུགས་ཀྱི་བྱེད་སྒོ་རྒྱུན་གཏན་མིན་པ་དང་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་ བྱས། མདའ་གཞི་རྫོང་གིས“གསར་པ་གཉིས”ཀྱི་ ཏང་འཛུགས་སྐྱོང་གི་འགན་འཁྲི་མཉམ་སྡོམ་དང་། གཙང་སེལ་དང་སྤུས་ཚད་མཐོར་གཏོང་།

ལྗོངས་བཞིའི“བྱ་སྤྱོད་འཆར་གཞི་ཆེན་པོ་བཞིར”རམ་འདེགས་བཅས་བྱས་ནས“གསར་པ་གཉིས”ཀྱི་རྩ་འཛུགས་སྐྱེད་སྲིང་ལས་སྟེགས་བསྐྲུན་རྒྱུར་གྱིས་སྐུལ་འདེད་ཤུགས་ཆེན་བཏང་ནས“གསར་པ་གཉིས”ཀྱི་རྩ་འཛུགས་ཏང་འཛུགས་སྐྱོང་ལས་དོན་གྱི་གོ་གནས་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། མོན་ཡོན་རྫོང་གིས《མོན་ཡོན་རྫོང་གིས་ཆབ་སྲིད་ཀྱི་སྣོད་བཅུད་སླར་གསོ་དང་དྭངས་གཙང་ཡོང་བ་བྱ་རྒྱུའི་བྱ་ཐབས་ཁག་ སྔར་བས་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས》བཟོས་ནས་པར་འགྲེམ་བྱས་ཏེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དེ་ཆབ་སྲིད་ཀྱི་སྣོད་བཅུད་སླར་གསོ་བྱེད་པའི་བསམ་བློའི་རང་རྟོགས་ དང་བྱ་སྤྱོད་ཀྱི་རང་རྟོགས་ལ་འགྱུར་བ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནུས་ལྡན་ ངང་སྣུར་བསྲིང་བྱ་རྒྱུར་སྐུལ་འདེད་བཏང་།

འབུམ་མཚོ་སྐྱིད་ཀྱིས་བསྒྱུར།