གནད་དོན་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་ གྲོང་རྡལ། སྡེ་ཁུལ་བཅོས་སྐྱོང་གི་གསར་བརྗེའི་སྒུལ་ཤུགས་སྐུལ་སྤེལ་བྱེད་པ།

◆ ཡའེ་ཝན་ཧྥུའུ།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ སྒྲོན་དུ་གནས་བབ་གསར་པའི་འོག་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་བརྒྱུད་རིམ་ཁྲོད་ཐོན་པའི་ གནས་ཚུལ་གསར་པ་དང་། འགྱུར་ལྡོག་གསར་ བ། བླང་བྱ་གསར་པ་བཅས་ལ་དམིགས་ཏེ་ཏང་གི་ མགོ་ཁྲིད་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་ ཚུལ་གྱིས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དེ་ངེས་པར་ དུ་ལན་འདེབས་དགོས་པའི་དུས་རབས་ཀྱི་བརྗོད་ གཞི་ཞིག་ཏུ་གྱུར་ཡོད་ཅེས་བསྟན་ཡོད། ཏང་གི་ མགོ་ཁྲིད་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་ བའི་སྲོག་ཤིང་ནི་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་ བ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་ནས་ གྲོང་ཁྱེར་དང་གྲོང་རྡལ་སྡེ་ཁུལ་གྱི་གཞི་རིམ་ཏང་ རྩ་འཛུགས་དེ་ཏང་གི་འདོད་ཚུལ་དྲིལ་བསྒྲགས་ དང་། ཏང་གི་གཏན་འབེབས་ལག་བསྟར་མཐར་ ཕྱིན་བྱེད་པ། གཞི་རིམ་བཅོས་སྐྱོང་ལ་མགོ་ཁྲིད་ བྱེད་པ། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་ བྱེད་པ། སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་ གཏོང་བ་བཅས་ཀྱི་དམག་འཐབ་མཁར་རྫོང་ བརྟན་པོ་ཞིག་ཏུ་བསྐྲུན་རྒྱུར་ཤུགས་བརྒྱག་ དགོས། གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི་ཏང་ འཛུགས་སྐྱོང་གི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་ འདོན་སྤེལ་གང་ལེགས་བྱས་ནས་གྲོང་ཁྱེར་དང་ གྲོང་རྡལ་གྱི་གཞི་རིམ་བཅོས་སྐྱོང་མ་ལག་དང་ བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ སྡེ་ཁུལ་གྲོང་མིར་ཐོབ་ཚོར་དང་། བློ་ཚིམ་ཚད། བདེ་སྐྱིད་སྟོན་གྲངས་བཅས་ཟམ་མི་ཆད་པར་མཐོ་ རུ་གཏོང་དགོས།
      རྩ་འཛུགས་མ་ལག་ཇེ་ལེགས་སུ་བཏང་སྟེ་གཅིག་གྱུར་བཀོད་གཏོང་གི“གསར་བརྗེའི་སྒུལ་ ཤུགས”བསྐྲུན་དགོས། ཏང་གི་གཞི་རིམ་རྩ་ འཛུགས་གཞི་རིམ་དུ་གཞི་ཚུགས་པ་དང་གཞི་རིམ་ ལ་ཞབས་འདེགས་ཞུ་བར་སྤྱི་ཚོགས་བཅོས་སྐྱོང་ ནང་ཞུགས་པའི་རང་བྱུང་ལེགས་ཆ་ལྡན་ཡོད། ཏང་གི་གཞི་རིམ་རྩ་འཛུགས་ཀྱི་གོང་བུར་འགྲིལ་ ཤུགས་དང་འཐབ་འཛིང་བྱེད་ནུས་འདོན་སྤེལ་ གང་ལེགས་བྱས་ཏེ། ཏང་གི་རྩ་འཛུགས་མ་ལག་ དང་སྤྱི་ཚོགས་བཅོས་སྐྱོང་གྲུབ་ཚུལ་འབྲེལ་མཐུད་ དམ་པོ་ཡོང་བར་སྐུལ་འདེད་གཏོང་བ།“དྲ་མིག་ ཅན་གཅིག་དང་ཀྲི་པུའུ་གཅིག”གམ་ཡང་ན་ཏང་ གི་ཚོ་ཆུང་གི་རྣམ་པ་སྤྱད་དེ།“རྫོང་གི་ཤང(གྲོང་ རྡལ)-སྡེ་ཁུལ་-དྲ་མིག་ཅན(སྡེ་ཁུལ)-ཁང་ བརྩེགས(ཐོག་ཁང)རིམ་ལྔ་པ”ཡི་བཅོས་སྐྱོང་ བྱེད་སྟངས་ཁྱབ་སྤེལ་གཏོང་བ་དང་།“སྡེ་ཁུལ་ ཏང་རྩ་འཛུགས་+དྲ་མིག་ཅན་གྱི་ཏང་རྩ་འཛུགས +ཁང་བརྩེགས(ཐོག་ཁང)ཏང་རྩ་འཛུགས། + ཏང་ཡོན་གྱི་ལྟེ་བའི་ཁྱིམ་ཚང་བཅས་རིམ་པ་ བཞིའི་ཞབས་ཞུའི་དྲ་བ་བཙུགས་ཏེ། ཏང་གི་རྩ་ འཛུགས་དང་ལས་དོན་དག་བཅོས་སྐྱོང་དྲ་བ་ཚང་ མར་མཆེད་པར་བྱེད་པ་དང་། གཞི་རིམ་གྱི་སྤྱི་ ཚོགས་བཅོས་སྐྱོང་གི་མཉམ་ཤུགས་ཆེན་པོ་དང་ ཕྱོགས་བསྡུས་ཆེན་པོ་ཡོང་བར་བྱེད་དགོས། ཐུན་ མོང་ཐོག་ས་ཁོངས་ཀྱི་ཏང་འཛུགས་མནའ་འབྲེལ་ མཉམ་སྐྲུན་བྱེད་པར་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་ འབྲེལ་ཐག་ནུས་པ་འདོན་སྤེལ་བྱས་ནས་ཞིང་ འབྲོག་ཁུལ་དང་། སྡེ་ཁུལ། ལས་ཁུངས་ཚན་པ། སྤྱི་ དབང་མིན་པའི་ཁེ་ལས། སྤྱི་ཚོགས་རྩ་འཛུགས་ སོགས་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་འཕྲེད་ ཕྱོགས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། མཉམ་སྐྲུན་གྲོས་མཐུན་འཇོག་པ་དང་འཆར་ཅན་ གྱི་ཚོགས་འདུའི་ལམ་ལུགས་འཛུགས་པ་སོགས་ཀྱི་ བྱེད་ཐབས་བརྒྱུད་ས་ཁོངས་ཀྱི་མཉམ་གྲོས་མཉམ་ སྐྲུན་དང་མཉམ་བཅོས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས། ལམ་ལུགས་མཉམ་འགུལ་མ་ལག་ འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྡེ་ཁུལ་ གྱི“ཏང་ཨུ་ཆེན་པོའི”ལམ་ལུགས་འཛུགས་པར་ སྐུལ་འདེད་གཏོང་བ།“སྡེ་ཁུལ་གྱི་ཏང་ཨུ་ཆེན་ པོའི་དྲ་མིག་ཅན་གྱི་ཀྲི་པུའུ་ཆེན་པོ་-ཁང་ཏུང་ ཏང་གི་ཚོ་ཆུང་གི་ཚན་པ་དང་པོའི་ཏང་ཡོན་ འབྲེལ་གཏུག་པ།(ཏང་ཡོན་གྱི་ལྟེ་བའི་ཁྱིམ་ཚང)བཅས་རིམ་བཞིའི་སྒྲོམ་གཞི་མ་ལག་ འཛུགས་པ། ས་ཁོངས་དང་། ཁྱབ་ཁོངས། ལས་ རིགས་སོགས་ཏང་གི་རྩ་འཛུགས་མི་འདྲ་བ་ཟུང་ འབྲེལ་དམ་ཟབ་བྱས་ཏེ་ཏང་གིས་གྲོང་ཁྱེར་དང་ གྲོང་རྡལ་གྱི་གཞི་རིམ་བཅོས་སྐྱོང་ལ་ཕྱོགས་ཡོངས་ ནས་མགོ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་བསྣན་པ་ དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རིམ་བཅོས་ སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ ཅན་དུ་འགྱུར་བར་ཧུར་ཐག་གིས་སྐུལ་འདེད་ གཏོང་དགོས།

ས་ཁོངས་ཀྱི་ཐོན་ཁུངས་སྡེབ་སྒྲིག་བྱས་ ནས་སྡེ་ཁུལ་གྱི་ཏང་ལེགས་སྐྱོང་གི“སྟོབས་ ཤུགས་དམར་པོ་”གོང་བུར་འགྲིལ་དགོས། སྡེ་ཁུལ་ནི་ཏང་གིས་གྲོང་ཁྱེར་དང་གྲོང་ རྡལ་དུ་ལས་ཀ་བྱེད་པའི་རྨང་གཞི་ཡིན་ཞིང་། སྡེ་ ཁུལ་གྱི་ཏང་འཛུགས་སྐྱོང་ལས་ཀར་ཤུགས་སྣོན་རྒྱུ་ ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རིམ་དོ་དམ་ སྒྲིག་སྲོལ་བསྒྱུར་བཅོས་དང་གཞི་རིམ་བཅོས་སྐྱོང་ བྱེད་པའི་རྩ་འཛུགས་ཀྱི་འགན་ལེན་གལ་ཆེན་ཞིག་ ཡིན། རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་ གཙོ་གནད་དུ་འཛིན་པ་དང་། ཏང་འཛུགས་སྐྱོང་ གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རིམ་བཅོས་ སྐྱོང་ལ་སྣེ་ཁྲིད་དམ་འཛིན་བྱས་ནས་ས་ཁོངས་ ནང་གི་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་ལས་དོན་ལས་ མགོ་ཁྲིད་དང་། གཅིག་འདོམས། མཐུན་སྦྱོར་ བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ སྡེ་ཁུལ་ཏང་རྩ་འཛུགས་རྨང་གཞིར་བྱས་ཏེ་ཁོངས་ གཏོགས་ཁུལ་གྱི་ཚན་པའི་ཏང་རྩ་འཛུགས་ཐུན་ མོང་དུ་ཞུགས་པའི་ས་ཁོངས་ཅན་གྱི་ཏང་འཛུགས་ སྐྱོང་གི་རྣམ་པ་ཞིག་ཆགས་པར་བྱས་ནས་གྲོང་ ཁྱེར་དང་གྲོང་རྡལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི “ནུས་པ་ཆེན་པོ་ལྔ”ཁྱོན་ཡོངས་ནས་ཆེ་རུ་འགྲོ་ རྒྱུར་སྐུལ་འདེད་གཏོང་དགོས། ས་ཁོངས་ཅན་གྱི་ ཚད་གཞིའི་བྱེད་སྒོ་སྤེལ་ས་མཉམ་སྤྱོད་བྱེད་པར་ ཤུགས་སྣོན་པ་དང་།“སྒྲིག་འཛུགས་མཉམ་སྐྲུན་ དང་། ཤེས་ལྡན་མི་སྣར་སྐུལ་འདེད། ཏང་ཡོན་ དང་མཉམ་འབྲེལ་དོ་དམ། བྱེད་སྒོ་རོགས་རེས། སྒྲིག་བཀོད་མཉམ་སྤྱོད། འཕེལ་རྒྱས་མཉམ་ རོགས”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལྟར། ས་ ཁོངས་ནང་གི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ ཡོན་རིགས་ཁག་མཉམ་དུ་ཞུགས་པའི་ས་ཁོངས་ ཅན་གྱི་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་ རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་།ས་ཁོངས་ནང་གི་ཏང་རྩ་འཛུགས་ཀྱི་ལེགས་ཆ་ དང་། འགན་ནུས་ཀྱི་ལེགས་ཆ། ཤེས་ལྡན་མི་སྣའི་ ལེགས་ཆར་བརྟེན་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རིམ་སྡེ་ཁུལ་ཏང་འཛུགས་སྐྱོང་གི་ས་ཁོངས་ གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་གྱི་ནུས་ པ་སྔར་བས་ཆེ་རུ་གཏོང་དགོས། ས་ཁོངས་ལས་ དོན་དྲ་སྦྲེལ་མཉམ་གུལ་ཡོང་བར་སྐུལ་འདེད་ གཏོང་བ། ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་འདུམ་ འགྲིག་ཨུ་ཡོན་ལྷན་ཁང་གི་དགེ་མཚན་འདོན་སྤེལ་ གང་ལེགས་བྱས་ཏེ། རྩ་འཛུགས་མཉམ་སྐྲུན་ དང་། ཤེས་ལྡན་མི་སྣར་སྐུལ་རེས། ཏང་ཡོན་ མཉམ་འབྲེལ་དོ་དམ། བྱེད་སྒོ་རོགས་རེས་སོགས་ ཀྱི་རྣམ་པ་བརྒྱུད། སྡེ་ཁུལ་ཏང་རྩ་འཛུགས-ལས་ འགན་གཅིག་ལྕོགས་ཀྱི་ཨུ་ཡོན-སྡེ་ཁུལ་དུ་བཅའ་ སྡོད་སྡེ་ཚན་གྱི་ཏང་རྩ་འཛུགས་”མཉམ་འགུལ་ འཁོར་སྐྱོད་དང་ཕན་ཚུན་སྐུལ་འདེད་གཏོང་བའི་ གཞི་གཅིག་ཅན་གྱི་ཏང་འཛུགས་སྐྱོང་ལས་ཀའི་ ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། “ཚན་པ+སྡེ་ཁུལ”དང“ཏང་ཡོན+གྲོང་ མི”སོགས་མཉམ་སྐྲུན་མཉམ་སྤྱོད་ཀྱི་དྲ་མིག་ཅན་ གྱི་དོ་དམ་ཞབས་ཞུའི་རྣམ་པ་བསྐྲུན་ནས“དགོས་ མཁོ་དྲ་མིག་ཅན་དུ་ཤེས་རྟོགས་དང་། ཞབས་ཞུ་ དྲ་མིག་ཅན་དུ་སྤེལ་བ། འགལ་ཟླ་དྲ་མིག་ཅན་དུ་ སེལ་བ། ཕན་འབྲས་དྲ་མིག་ཅན་དུ་མངོན་ པ”བཅས་ཀྱི་ལས་ཀའི་རྣམ་པ་གསར་པ་ཆགས་ རྒྱུར་སྐུལ་འདེད་གཏོང་དགོས།

གཞི་རིམ་བཅོས་སྐྱོང་ལས་ཀ་བསྒྲུབས་ ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས“གསར་ བརྗེའི་གསོན་ཤུགས”སྣེ་ཁྲིད་པར་སྐུལ་སྤེལ་ གཏོང་དགོས། “ཏང་འཛུགས་སྐྱོང+གཞི་རིམ་བཅོས་ སྐྱོང”དེ་སྡེ་ཁུལ་གྱི་རྨང་གཞིའི་རང་བཞིན་གྱི་ལས་ གྲྭར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་རྩ་ འཛུགས་ཀྱི་མགོ་ཁྲིད་འོག་གི“དོན་ཆེན་མཉམ་ སྒྲུབ་དང་། ལེགས་ཉེས་མཉམ་གཅོད། བྱ་བ་གང་ ཞིག་སྒྲུབ་པར་དོ་དམ་བྱེད་མཁན་ཡོད་པ”བཅས་ ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་རིམ་ བཞིན་ཆགས་པར་བྱེད་དགོས་པ་དང་། ཏང་ འཛུགས་སྐྱོང་གིས་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་ པའི“དྲ་བ་ཆེན་པོ”འཛུགས་དགོས།“ཚངས་ ཕྱེད་ཆུང་ངུ་། ངོ་ཤེས་ཚོགས་པའི”རྩ་དོན་ལྟར། དྲ་མིག་སྔར་བས་ཞིབ་ཕྲར་དབྱེ་བ་དང་།“དྲ་མིག་ དམར་པོའི”བྱེད་ནུས་ལྡན་པའི་ཏང་ཀྲི་པུའུ་ འཛུགས་པ། གསར་བརྗེའི་སྡེ་ལས་དང་། སྡེ་ཁུལ་ གྱི་ཏང་ཡོན། ལས་ཁུངས་དང་ཁེ་ལས་བྱ་གཞག་ ཚན་པའི་ཏང་ཡོན། དྲ་མིག་ཅན་གྱི་དོ་དམ་པ། ཐོག་བརྩེགས་ཁང་ཆེན་གྱི་མགོ་འཛིན། ཚན་པའི་ མགོ་འཛིན།(ཏང་ཡོན་གྱི་ལྟེ་བའི་དུད་ཚང། ཏང་ ཡོན་གྱི་འབྲེལ་གཏུག་དུད་ཚང)གྲོང་མིའི་འཐུས་མི་བཅས་མཉམ་དུ་ཐེ་ཞུགས་བྱེད་པའི“1+ 6”ཁུལ་ཆུང་བཅོས་སྐྱོང་བྱེད་སྟངས་གསར་པ་ བཏོད་དེ“མི་རྣམས་དྲ་བར་ཞུགས་པ་དང་། བྱ་བ་ དྲ་ཐོག་ནས་སྒྲུབ་དཀའ་བ། དྲ་བར་ཞུགས་དཀའ་ བ”བཅས་ཀྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་ བཅོས་སྐྱོང་གི་ཐབས་ལམ་གསར་པར་སྣེ་ཁྲིད་བྱེད་ དགོས། ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འོག་གི་གྲོང་ མིའི་རང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྡེ་ཁུལ་ཏང་ཀྲི་པུའུ་ལྟེ་བར་འཛིན་པ་དང་། གྲོང་ མི་ཨུ་ལྷན་དང་གྲོང་མི་ཨུ་ལྷན་གྱི་ལས་དོན་ལྟ་སྐུལ་ ཨུ་ལྷན་རྨང་གཞིར་བྱས་པའི་སྡེ་ཁུལ་མཐུན་སྦྱོར་ མཉམ་འགུལ་བཅོས་སྐྱོང་གཞི་སྒྲོམ་འཐུས་ཚང་དུ་ གཏོང་བར་སྐུལ་འདེད་དང་། སྡེ་ཁུལ་རང་སྐྱོང་ དང་། སྡེ་བདག་རང་སྐྱོང་། སྡེ་ལས་ཏང་འཛུགས་ སྐྱོང་བཅས་མཉམ་དུ་འཛུགས་སྐྱོང་བྱེད་པར་སྐུལ་ འདེད་གཏོང་བ་དང་། སྡེ་ཁུལ་བཅོས་སྐྱོང་ཁྲོད་ཀྱི་ གྲོང་མིའི་སྤྱི་ཆིངས་ཀྱི་དགེ་མཚན་ལྡན་པའི་ནུས་ པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་སྡེ་ཁུལ་ གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་སྤུས་ཚད་ དང་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས།“སྡེ་ ཁུལ་དུ་སོ་ལྟ་བྱེད་པ་དང་སྡེ་ཚན་དུ་འབྱོར་ཐོ་ འགོད་པའི”ལས་ཀའི་གཞི་རྟེན་ཇེ་ཟབ་ཏུ་བཏང་ ནས་སྡེ་ཁུལ་དུ་བཅའ་སྡོད་ཚན་པའི་ཏང་རྩ་ འཛུགས་དང་ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་སྐྱོད་དེ “གཉིས་བསྐྱོད་འབྱོར་ཐོ་འགོད་པ”དང་།“གཉིས་སྐྱོད་སྙན་ཞུ”“གཉིས་སྐྱོད་ལས་འགན་ སྒྲུབ་ཚུལ་ཞུ་བ”“གཉིས་ཀར་དཔྱད་ཞིབ་བྱེད་ པའི”ལམ་ལུགས་འཐུས་ཚང་དུ་བཏང་སྟེ་སྡེ་ཁུལ་ དང་འབྲེལ་བ་བྱས་ནས་མང་ཚོགས་ལ་ཞབས་ འདེགས་ཞུ་བའི་ལས་དོན་ཡག་པོ་བསྒྲུབ་དགོས། “ཚོགས་པ་སྒྲིག་འཛུགས་ཀྱི་མཉམ་འབྲེལ་ཐོག་ ཁང”དང“2+1”ཐོག་སོ་དང་ཁང་སའི་ཏང་ འཛུགས་སྐྱོང་གི་རྣམ་པ(“2”ནི་ཁང་ཏུང་ཏང་ གི་ཚོགས་ཆུང་དང་ཚན་པའི་ཏང་ཡོན་འབྲེལ་ གཏུག་དུད་ཚང་འཛུགས་རྒྱུ་དང་།“1”ཞེས་པ་ནི “དྲ་མིག་ཅན་གྱི་དྲ་རྒྱའི་དང་བླངས་ཞབས་ཞུའི་ རུ་ཁག་ཆུང་གྲས”1བཙུགས་ནས“ཏང་ཡོན་དཔེ་ སྟོན་ཐོག་བརྩེགས་ཁང་ཆེན་དང་། ཏང་ཡོན་སྐྱེས་ འབུལ་ཉིན་མོ། ཏང་ཡོན་གྱི་འགན་འཁྲིའི་ ཁུལ”སོགས་བཙུགས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་ སྐྱོང་ལས་དོན་ལ་སྣེ་ཁྲིད་བྱེད་པའི་གསོན་ཤུགས་ ཟམ་མི་ཆད་པར་འཕེལ་བར་བྱ་རྒྱུ་དེ་རེད། 


འབུམ་མཚོ་སྐྱིད་ཀྱིས་བསྒྱུར།