སྙན་ངག་དང་ལྷན་དུ་རྒྱང་རིང་གི་ལོ་ཟླ་བསུ།

◆ དུས་དེབ་འདིའི་དཔྱད་བརྗོད་པ།

2018ལོའི་ཟླ4པར། རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་དངོས་སུ་སྒོ་བྱང་བཀལ་ཞིང་།དྲ་གྲོགས་ཚོ་ནས་བཤད་རྒྱུར། སྙན་ངག་དང་རྒྱང་ རིང་གཞི་ནས་ལྷན་གཅིག་ཏུ་འགྲོ་ཐུབ་སོང་ཟེར། དེ་བས་རིག་གནས་དང་ཡུལ་སྐོར་གཞི་གཅིག་ཏུ་ འདྲེས་རྒྱུ་དེ་འཕེལ་རྒྱས་ཀྱི་དམིགས་འབེན་དང་མཚར་སྡུག་གི་རེ་སྙེག་ཅིག་ཏུ་གྱུར་ཡོད། རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་དང་།

ཡུལ་སྐོར་ནི་རིག་གནས་ཀྱི་འདེགས་རྟེན་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་བསྐྱོད་ ཅིང་། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ དེ་ཡང་མི་དམངས་ཀྱི་ཉིན་ལྟར་འཕེལ་རྒྱས་སུ་ འགྲོ་བཞིན་པའི་འཚོ་བའི་དགོས་མཁོ་དང་དོ་ ཉམས་མིན་པའི་འཕེལ་རྒྱས་གཉིས་བར་གྱི་འགལ་ བར་གྱུར་ཡོད། གནས་བབ་འདི་ལྟ་བུའི་འོག་ ནས། རིག་གནས་དང་ཡུལ་སྐོར་མཉམ་དུ་འཕེལ་ རྒྱས་སུ་གཏོང་བ་ནི་མི་དམངས་ཀྱི་འཚོ་བའི་ དགོས་མཁོ་སྐོང་ཆེད་བསྒྲུབ་འོས་པ་ཞིག་ཡིན། རིག་གནས་ཀྱིས་ཡུལ་སྐོར་འཕེལ་རྒྱས་ལ་ སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་གྱིས་རིག་ གནས་ཀྱི་ཁྱད་ཆོས་མངོན་པར་བྱས་ཏེ། རིག་ གནས་དང་ཡུལ་སྐོར་གཉིས་དམ་པོར་སྦྲེལ་ དགོས།《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡུལ་སྐོར་ ལས་རིགས་འཕེལ་རྒྱས་ཀྱི་འགྲོས་ཇེ་མགྱོགས་སུ་ གཏོང་བའི་སྐོར་གྱི་བསམ་འཆར》བཏོན་ཞིང་།

རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་ཀྱི་གཞི་རྒྱ་དང་ སྤུས་ཚད། ཕན་འབྲས་བཅས་ཕལ་ཆེར་འཛམ་གླིང་གི་རྒྱལ་ཁབ་ཆེན་པོའི་ཆུ་ཚད་ལ་སླེབས་ ཡོད། 《རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་ པ”དུས་སྐབས་ཀྱི་རིག་གནས་འཕེལ་རྒྱས་ སྐོར་གྱི་འཆར་གཞི་རྩ་འཛིན》གྱི་རེ་བ་ལྟར་ ན།“ལོ་ལྔ་ཚན་བཅུ་གསུམ་པ”ཡི་མཇུག་ཏུ་ སླེབས་དུས། རིག་གནས་ཐོན་ལས་ནི་རང་ རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་གྱི་གདུང་ མ་ལྟ་བུའི་ཐོན་ལས་སུ་འགྱུར་ངེས། རིག་གནས་ཐོན་ལས་དང་ཡུལ་སྐོར་ ཐོན་ལས་ལ་རང་བྱུང་གི་གསབ་རེས་རང་ བཞིན་ལྡན། རིག་གནས་ཀྱིས་ཡུལ་སྐོར་ལ་ ནང་དོན་ཕུན་སུམ་ཚོགས་པའི་ཐོན་རྫས་མཁོ་ འདོན་བྱས། ཡུལ་སྐོར་གྱིས་རིག་གནས་ལ་ ཚོང་རའི་བར་སྟོང་ཆེན་པོ་བསྐྲུན་ཡོད། “ཕྱི་ཚུལ་མཛེས་པ་བརྒྱ་དང་བརྒྱད། དོན་ ལྡན་སྐྱེ་བོ་ཁྲི་ལས་གཅིག”ཡོད། སྟབས་བདེའི་ ཐོག་ནས་སྣོན་པ་ནས་གཏིང་ཟབ་པའི་ཐོག་ཏུ་ བསྐྱོད། ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་ འབྲེལ་བྱས། ས་གནས་གཞན་དང་མི་འདྲ་ བའི་རིག་གནས་ཐད་ཀྱི་ལེགསས་ཆ་དང་ཡུལ་ སྐོར་ཐོན་ཁུངས་ཟམ་མི་ཆད་པར་མཉམ་ འདྲེས་ཡོང་བ་བྱས། དེའི་ནང་གི་དཀའ་ གནད་ཆེ་བ་ཡང་དག་དག་འདི་ལ་ཁེལ་འདུག རིག་གནས་དང་ཡུལ་སྐོར་མཉམ་འདྲེས། དེ་ ནི་འཕྲུལ་ཆས་ཀྱི་གཅིག་ཐོག་གཅིག་བརྩེགས་ ཁོ་ན་གཏན་ནས་མིན། ཡུལ་སྐོར་བྱེད་རིང་ རིག་གནས་རྒྱུན་འཛིན་བྱེད་པ། རིག་གནས་ ཀྱི་ཁྲོད་དུ་ཡུལ་སྐོར་གྱི་གཞི་རྒྱུའི་ལྔ་བའི་ཚེས་ ལྔའི་དུས་ཆེན་གཏོང་སྐབས།“མཛེས་སྡུག་ ལྡན་པའི་མཚོ་སྔོན་ལ་བསྐྱོད་པ་དང་། རྨ་ཙོང་ རིག་གནས་ཉམས་སུ་མྱོང་བ”ཞེས་པ་བརྗོད་ བྱ་གཙོ་བོར་བྱས་པའི“རྨ་ཆུ·རྨ་ཙོང་རིག་ གནས”ཞེས་པའི་དམངས་ཕན་འཛད་སྤྱོད་ དུས་ཚིགས་དང་ལྔ་པའི་ཚེས་ལྔའི་འཛད་སྤྱོད་ གཟའ་འཁོར་བྱེད་སྒོ་སྤེལ། ད་ཐེངས་ཀྱི་བྱེད་ སྒོས་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ འདོད་མོས་སྐུལ་སློང་དང་། རིག་གནས་དང་ ཡུལ་སྐོར་གྱི་འཛད་སྤྱོད་རྒྱ་སྐྱེད།“མཛེས་སྡུག་ ལྡན་པའི་མཚོ་སྔོན་ཡུལ་སྐོར་གྱི་ས་གནས་ གཙང་མའི”སྤུས་རྟགས་སྐྱེད་སྲིང་བཅས་ དམིགས་ཡུལ་དུ་བྱས་ཡོད། རིག་གནས་དང་ ཡུལ་སྐོར་གྱི་འཛད་སྤྱོད་བར་སྟོང་རྒྱ་ཆེར་ གཏོང་བ། རིག་གནས་དང་ཡུལ་སྐོར་ཁེ་ལས་ ཀྱི་ཡོང་འབབ་མང་དུ་གཏོང་བ། རིག་གནས་ ཡུལ་སྐོར་ལས་རིགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དགོས་ངེས་ཀྱི་ ནུས་པ་འདོན་སྤེལ་བྱས་ཏེ་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་པོ་བྱུང་བ་ དང་། འཛད་སྤྱོད་བྱེད་མཁན་མང་དུ་ཕྱིན་ པ། དེ་ནི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་ འཛིན་དང་གསར་གཏོད་བྱས་པ་ཞིག་ཡིན་ལ་ ཡུལ་སྐོར་རྣམ་པ་ཕུན་སུམ་ཇེ་ཚོགས་དང་ཇེ་ ལེགས་སུ་བཏང་བ་ཞིག་ཀྱང་ཡིན་པ་མ་ ཟད། རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་ཇི་ ལྟར་བྱས་ནས། མངོན་འགྱུར་ཡོང་རྒྱུར་ཉམས་ མྱོང་གསར་བ་བསྣན། མཉམ་འདྲེས་བྱེད་ཐབས་གསར་པ་མཁོ་ འདོན་བྱས་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་ གྱི་བརྒྱུད་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་ཞིག་ ཀྱང་རེད། མིག་སྔར། སྨྱན་སྦྱོར་གསར་པ་ མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། བརྙན་ཐུང་དང་སྤྱི་ཚོགས་འབྲེལ་བའི་ལས་ སྟེགས། ཐད་གཏོང་། VRསོགས་སྨྱན་གཟུགས་ ཀྱི་ཐོན་རྫས་ལ་སིམ་ཤུགས་ཅུང་ཆེ་བ་དང་། མཉམ་ འགུལ་རང་བཞིན་དང་ཉམས་ལེན་རང་བཞིན་ ལྡན། ཡུལ་སྐོར་ཚོང་རྟགས་གྲགས་ཅན་ཁྱབ་ སྤེལ་བྱེད་པའི་ཁྲོད་དུ་བར་སྟོང་རྒྱ་ཆེན་པོ་ཡོད་ པར་བརྟེན། འཁྱུག་དབྱིངས་དང་མགྱོགས་ འཕྲིན་སོགས་བརྙན་ཐུང་ལས་སྟེགས་བེད་སྤྱོད་ ལེགས་པོ་བྱས་པ་དང་། ཐད་གཏོང་སོགས་ཀྱི་ རྣམ་པ་སྤྱད་དེ་དྲིལ་བསྒྲགས་བྱ་རྒྱུ་དེ་མཛེས་ སྡུག་ལྡན་པའི་མཚོ་སྔོན་གྱི་ཡུལ་སྐོར་གཟུགས་ བརྙན་སྐྲུན་ས་དང་དམ་འཛིན་བྱེད་སར་ བརྩིས། གསར་གཏོད་རང་བཞིན་དང་ནང་དོན་ ལྡན་པ་ཁག་གཅིག་ཐོན་སྐྱེད་བྱས་ནས་མིའི་ཡིད་ དབང་འཕྲོག་པའི་དྲ་དཔོན་དུ་གྱུར་ཞིང་། མང་ ཚོགས་དང་འབྲེལ་གཏུག་བྱེད་པའི་རྣམ་པའི་ ཐོག་ནས་ས་ཁོངས་ཡུལ་སྐོར་གྱི་ཐུན་མོང་མ་ ཡིན་པའི་ཡིད་དབང་འཕྲོག་པའི་ནུས་པ་ཐོན། རིམས་ནད་བྱུང་བ་ནས་བཟུང་དྲ་ཐོག་ ཐད་གཏོང་དང་། དྲ་ཐོག་འགྲེམ་སྟོན། དྲ་རྒྱའི་ ལྟ་ཉན་སོགས་ཀྱི་དྲིལ་བསྒྲགས་བྱེད་སྟངས་དེ་ མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ དྲིལ་བསྒྲགས་ལས་དོན་གྱི་ཚད་གཞི་གསར་པ་ ཞིག་ཏུ་གྱུར། དྲ་ཐོག་ནས་“མཚོ་སྔོན་ལ་ཡུལ་ སྐོར”བྱེད་པ། དྲ་ཐོག་གི་“སྤུས་དག་ཐོན་ རྫས”ཞེས་པ། ཕུལ་བྱུང་གི་ལེ་ཚན་དང་དྲ་སྦྲེལ་ ཐོག་འཁྲབ་སྟོན་བྱེད་པ་སོགས་ཀྱི་བརྗོད་བྱ་གཙོ་ བོ་གསལ་ཞིང་བརྗོད་བྱ་སྣ་ཚོགས་དང་། རྣམ་པ་ གསར་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ ཡིན། ནང་དོན་ཐད་བཟང་ཕྱོགས་སུ་ཕྱོགས་ པའི་དྲ་སྦྲེལ་གྱི་བལྟ་བྱ་ཉན་བྱའི་རྩོམ་རིགས། མི་ རྣམས་ལ་སྔར་བས་ལེགས་པའི་རྩོམ་རིག་དང་ ཡུལ་སྐོར་གྱི་ཉམས་ལེན་ཞིག་བྱུང་ཡོད། ལྷག་ པར་དུ་ལས་ཡུལ་དངོས་ཀྱི་ཐད་གཏོང་ཚོང་ཟོག་འདྲེན་པ། དྲ་ཐོག་ཏུ་མཚོ་སྔོན་གྱི་རིག་གནས་ སྤེལ་བ། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་རིག་ གནས་ཡུལ་སྐོར་ཚོང་ཟོག་འོས་སྦྱོར་བྱས། ཚོང་ རའི་གསོན་ཤུགས་ཀྱང་འདོན་སྤེལ་བྱས། དབུལ་བྲལ་འགག་སྒྲོལ་ལ་རོགས་སྐྱོར་དང་།མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ལག་ཤེས་པ་ རྣམས་ལ་རིག་གནས་དང་ཡུལ་སྐོར་གྱི་ཚོང་ ཟོག་ཁྲོད་ནས་ཁེ་ཕན་ཐོབ་པར་བྱས། ལག་ རྩལ་དེ“བཟོ་རྩལ”ནས་འཚོ་བའི་ཕྱོགས་ དང་། ཚོང་རར་བསྐྱོད་ཅིང་། སྐྱེ་སྟོབས་རྒྱས་ པར་བྱས།“བྱེད་སྒོ+ཐད་གཏོང+ཟོག་ ཁྲིད”ཀྱི་དྲ་རྒྱའི་སྨྱན་སྦྱོར་གསར་པ་མཉམ་ འདྲེས་ཤུགས་ཀྱི་ཕན་ལྡན་ཚོད་ལྟ་ཞིག་ཡིན། “སྤྲིན་ཡུལ་སྐོར་མཚོ་སྔོན་དང་ཐད་གཏོང་ མཛེས་ལྗོངས་ཁུལ”ཞེས་པའི་བྱེད་སྒོ་དེ་དྲ་ སྦྲེལ་ཚན་རྩལ་དང་སྤྱི་ཚོགས་འབྲེལ་བའི་ མཉམ་འགུལ་གྱི་རིམ་སྤོར་ཚོང་གཉེར་བྱེད་ ཐབས་བརྒྱུད་ནས། ཉམས་ལེན་ལྟ་བུའི་ཡུལ་ དངོས་ནས་ཐད་གཏོང་བྱས།“མཛེས་སྡུག་ ལྡན་པའི་མཚོ་སྔོན·ཡུལ་སྐོར་བྱ་ཡུལ་གཙང་ མའི”གཟུགས་བརྙན་གསར་པ་མངོན། མངོན་མེད་ཡུལ་སྐོར་བས་མཚོ་སྔོན་དུ་ཡུལ་ སྐོར་ལ་འགྲོ་བའི་ཡིད་སྨོན་སློང་བ། རིམས་ ནད་བྱུང་ཚུལ་མཇུག་བསྒྲིལ་རྗེས་མཚོ་སྔོན་གྱི་ ཡུལ་སྐོར་འཛད་སྤྱོད་ཀྱི་གཏིང་ཤུགས་གསོག་ འཇོག་བྱེད་ཆེད། དེ་དང་ཆབས་ཅིག་མཚོ་ སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཁེ་ལས་ ལ་དཀའ་སྤྱད་སྦྱོང་བརྡར་དང་ཞབས་ཞུ་མང་ དུ་བཏང་ནས་རིམས་ནད་གནས་ཚུལ་མཇུག་ འགྲིལ་རྗེས་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ ཡུལ་སྐོར་ཐོན་རྫས་ཀྱིས་དེང་སྐབས་ལ་མཁོ་ སྤྲོད་ནུས་ལྡན་བྱ་རྒྱུའི་འགན་ལེན་བྱས།།

རིག་གནས་དང་ཡུལ་སྐོར་ཐད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་དང་མཉམ་འདྲེས་འཕེལ་རྒྱས་ཐད་སྔར་བྱུང་མྱོང་མེད་པའི་གོ་སྐབས་ཧ་ཅང་བཟང་པོ་འཕྲད་ཡོད།

འབུམ་མཚོ་སྐྱིད་ཀྱིས་བསྒྱུར།