མཚོ་སྔོན་ཞིང་ཆེན་གྱི2021ལོའི་མཐོ་རིམ་ལས་རིགས་སློབ་གྲྭའི(ཆེད་ཚན)མཐར་ཕྱིན་སློབ་མ་དང་ཞིང་ཆེན་ཕྱིའི་ལས་རིགས་སློབ་གྲྭའི(ཆེད་ཚན)མཚོ་སྔོན་གྱི་ད་ལོའི་མཐར་ཕྱིན་སློབ་མ་རྣམས་ལ་སྤྲིངས་པའི་འཕྲིན།

2021ལོའི་མཚོ་སྔོན་ཞིང་ཆེན་མཐོ་རིམ་ལས་རིགས་སློབ་གྲྭའི(ཆེད་ཚན)ད་ལོའི་མཐར་ཕྱིན་སློབ་མ་དང་ཞིང་ཆེན་ཕྱིའི་མཐོ་རིམ་ལས་རིགས་སློབ་གྲྭའི(ཆེད་ཚན)མཚོ་སྔོན་གྱི་ད་ལོའི་མཐར་ཕྱིན་མ་རྣམས་ལ་སྤྲིངས་དོན།

《རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོ་བཅོས་སྒྱུར་ལག་བསྟར་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱིས<རྒྱལ་ཁབ་ལས་རིགས་སློབ་གསོ་བཅོས་སྒྱུར་ལག་བསྟར་ཇུས་གཞི>ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ》ལག་བསྟར་དོན་འཁྱོལ། མཐོ་རིམ་ལས་རིགས་སློབ་གྲྭའི(专科)མཐར་ཕྱིན་སློབ་མའི་སློབ་རིམ་སྤར་བའི་ལམ་ཁ་ཇེ་ཡངས་དང་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་སུ་གཏང་བ། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་རྒྱ་ཆེའི་མཐོ་རིམ་ལས་རིགས་སློབ་གྲྭའི(ཆེད་ཚན)སློབ་མ་རྣམས་ཀྱི་ཁྲོད་དུ་ཁྱབ་གདལ་སྒོས་ལས་རིགས་སློབ་གསོའི་ཁྱད་ཆོས་བཅས་ངོམ་ཆེད། 2021ལོའི་རང་རེའི་ཞིང་ཆེན་གྱིས་ཆེད་ཚན་དངོས་གཞིར་སྤར་བའི་སློབ་བསྡུའི་བྱ་བ་སྤེལ་རྒྱུ་ཡིན་ཞིང་། སློབ་བསྡུའི་འཆར་གཞི2020ལོའི་སློབ་མ170བསྡུས་པ2021ལོར་ཇེ་མང་དུ་བཏང་ནས་སློབ་མ630བསྡུ་རྒྱུ་དང་། ཆེད་ལས18ཇེ་མང་དུ་གཏང་རྒྱུ། མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱིས་སློབ་མ་སྐྱེད་སྲིང་གི་འགན་འཁུར་རྒྱུ་དང་། སློབ་བསྡུའི་འཆར་གཞི་དང་རྒྱུགས་ལེན་ཐོ་འགོད་ཀྱི་ཆ་རྐྱེན། སློབ་གཉེར་གནས་ཚུལ་སྐོར་ཟུར་བཀོད་དུ་ཞིབ་ཕྲ་བཀོད་ཡོད།

རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་རྣམས་ཀྱིས་མིང་ཐོ་འགོད་པར་སྟབས་བདེ་བཟོ་ཆེད། རྒྱུགས་ཞུགས་ཐོ་འགོད་དུས་ཚོད་ཟླ3ཚེས26ཉིན་གྱི་ཆུ་ཚོད9:00ནས་ཟླ4ཚེས2ཉིན་གྱི་ཆུ་ཚོད9:00བར་གཏན་འཁེལ་བྱས་ཡོད་པས། མོས་པ་ཡོད་མཁན་གྱི་མཐོ་རིམ་ལས་རིགས་སློབ་གྲྭའི(ཆེད་ཚན)ད་ལོའི་མཐར་ཕྱིན་སློབ་མ་རྣམས་ཀྱིས་གཏན་འཁེལ་གྱི་དུས་ཚོད་འདིའི་ནང་རྒྱུགས་སྤྲོད་ཡུལ་སློབ་གྲྭ་ནས་རང་ཉིད་ཀྱི་རྒྱུགས་ཞུགས་ཐོབ་ཐང་ལ་ཞིབ་བཤེར་བྱ་དགོས། ཞིབ་བཤེར་བྱས་རྗེས་སློབ་གྲྭའི་རེ་བ་ལྟར་སློབ་གྲྭའི་ཁོངས་གཏོགས་ཀྱི་སློབ་བསྡུ་གཞུང་སྒྲུབ་ཁང་དུ་བཅར་ནས་མིང་ཐོ་འགོད་དགོས་ལ། དངོས་གཞིའི་མཐོ་རིམ་སློབ་གྲྭ་སོ་སོས་རྒྱུགས་ལེན་ལག་བསྟར་བྱ་རྒྱུ་ཡིན་པས། བྱེ་བྲག་གི་རྒྱུགས་ལེན་ཆ་འཕྲིན་སྐོར་མཐོ་རིམ་སློབ་གྲྭ་སོ་སོའི་སློབ་བསྡུ་ཆ་འཕྲིན་དྲ་བར་དོ་སྣང་བྱ་རོགས།

འབྲེལ་གཏུག་བྱ་ཡུལ།
       མཚོ་སྔོན་ཞིང་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་། ཁ་པར་ཨང་གྲངས། 0971-5310697

མཚོ་སྔོན་དགེ་ཐོན་སློབ་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་། ཁ་པར་ཨང་གྲངས། 0971-6318787

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་བསྡུ་གཞུང་སྒྲུབ་ཁང་། ཁ་པར་ཨང་གྲངས། 0971-8808501 8804611

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་།

2021ལོའི་ཟླ3ཚེས25ཉིན།