ན་གཞོན་དང་འབྲེལ་བའི་དོན་དག་འདི་དག“ལོ་ལྔའི་འཆར་གཞི་བཅུ་བཞི”བའི་འཆར་འགོད་ནང་བྲིས་འདུག

ཉེ་ལམ་བསྡུས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་དང་2035ལོའི་བར་གྱི་མདུན་ལྗོངས་དམིགས་འབེན་སྐོར་གྱི་རྩ་གནད》 ལ་གྲོས་ཞིབ་བརྒྱུད་གྲོས་འཆམ་བྱུང་ཞིང་། དེས་ད་ལྟ་དང་དེང་ཕྱིན་གྱི་དུས་སྐབས་ཤིག་གི་འཕེལ་རྒྱས་ལ་ཐིག་རིས་གསལ་པོ་ཞིག་བྲིས་ཡོད་པར་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལ་བཅིངས་པའི་རེ་སྨོན་བཟང་པོ་ཕབ་ཡོད་པས། བདེ་སྐྱིད་ཀྱི་ཚོར་སྣང་གིས་རབ་ཏུ་ཁེངས་པའི་རྒྱུ་སྤུས་མཐོ་ཤོས་ཀྱི་འཚོ་བ་རོལ་བར་ངང་སྒུག་བྱས་ཆོག་ལ། མེས་རྒྱལ་དང་ལྷན་དུ་འབད་འབུངས་དང་དུས་རབས་དང་མཉམ་དུ་འཕེལ་རྒྱས་ལ་བརྩོན་པའི་ཤར་རླུང་ཆེན་པོ་རྒྱ་ཆེའི་ན་གཞོན་གྱི་ཁྲོད་དུ་ལྡང་བར་བྱས།

འཆར་འགོད《རྩ་གནད》ཀྱིས་ན་གཞོན་ལ་མཐོང་ཆེན་བྱས་ཡོད་པ།


《རྩ་གནད》ཞིབ་ཀློག་བྱས་ན། དེའི་ནང་དོན་ཡོངས་ལེའུ19ལ་ས་བཅད65། དོན་ཚན195ཡིས་གྲུབ་ཡོད་ཅིང་། དེའི་ནང“ན་གཞོན་དང་། གཞོན་ནུ་ལོ་ཆུང་། ན་སོ་དར་ལ་མ་བབ་པའི་ལོ་ཆུང་བྱིས་པ ”ཡི་གནད་ཚིག་དག་ས་བཅད14ཡི་ནང་ཐད་ཀར་དྲངས་ཡོད་ཅིང་ ལྷག་པར་འཇོན་མིའི་གསར་གཏོད་ཀྱི་སེམས་ཤུགས་ལ་སྐུལ་སློང་དང་། ཞིང་ལས་ཀྱི་མི་འབོར་གྲོང་ཁྱེར་ཅན་དུ་སྤོ་བ། སྤྱི་ཚོགས་ཀྱི་དཔལ་ཡོན་ཚད་གཞི་མཐོར་འདེགས་གཏོང་བ། སྤུས་ལེགས་སློབ་གསོའི་མ་ལག་ཆ་ཚང་འཛུགས་པ་ལ་སོགས་སྐོར་གླེང་བའི་ས་བཅད་དེ་དག་གི་ཚིག་འབྲུ་ལས་ན་གཞོན་འཕེལ་རྒྱས་དང་འབྲེལ་བའི་དྲོད་ཁོལ་ཅིག་རང་བཞིན་གྱིས་ཚོར་ཐུབ།

ནང་སྒོས་སུ《རྩ་གནད》ཀྱིས་ན་གཞོན་རྣམས་ཀྱིས་དོ་སྣང་རྒྱ་ཆེར་བྱ་ཡུལ་ལས་ཞུགས་དང་སྡོད་ཁང་། སྤྱི་ཚོགས་འགན་སྲུང་ལ་སོགས་པའི་ཁྱབ་ཁོངས་ལ་དམིགས་ཏེ། བྱེད་ཐབས་དོན་ལྡན་མི་ཉུང་བ་ཞིག་བཏོན་ཡོད་པ་རེད། དེ་ལས་ལས་ཞུགས་ཀྱི་སྔོན་འགྲོ་འཐབ་ཇུས་ལག་བསྟར་རང་རྐྱ་འཕེར་བ་ཞིག་ཡིན་དགོས་པའི་མི་ཚད། “སྤུས་ཚད་མཐོ་ཤོས་ཀྱི་ལས་ཞུགས་གང་ལེགས་གང་བཟང་མཁོ་འདོན་”ཐུབ་པ་དམིགས་འབེན་དུ་བཟུང་སྟེ། གྲོང་ཁྱེར་དང་གྲོང་རྡལ་དུ་རྟོག་ཞིབ་བྱས་པའི་ལས་ཤོར་གྱི་ཚད5.5%མན་ཇེ་ཉུང་དུ་གཏང་རྒྱུ་དེ“ལོ་ལྔའི་འཆར་གཞི་བཅུ་བཞི”པ་འི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་དམིགས་ཚད་གཙོ་བོ20ཡི་གྲས་སུ་བཞག་པ་དང་འབྲེལ་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གཙོ་བྱས་པའི་ལས་ཞུགས་རྒྱབ་སྐྱོར་མ་ལག་འཐུས་ཚང་དུ་གཏང་དགོས་པའི་བླང་བྱ་བཏོན། སྡོད་ཁང་འགན་སྲུང་གི་ནང་དོན་ཐད་སྲིད་གཞུང་གིས་འཁྲིད་སྟོན་གསལ་བོ་བྱས་ཏེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་། སྡོད་ཁང་སྤྱི་གསོག་མ་དངུལ་བཅོས་སྒྱུར་སོགས་སྤྱི་གཞུང་ཞབས་ཞུ་འཐུས་ཚང་དུ་གཏང་དགོས་མི་ཚད། ཡུན་རིང་གི་བོགས་གཏོང་ཁང་པའི་སྲིད་ཇུས་དང་གླ་ཉོ་ཟུང་གི་དབང་ཆ་ཡོད་པའི་སྲིད་ཇུས་གསར་པ་བཏོན་ཏེ། ན་གཞོན་རྣམས་ཀྱི “ཐུན་མོང་གི་གནད་དོན”ལམ་སེང་ཐག་གཅོད་བྱ་དགོས། དེ་བཞིན་དུ《རྩ་གནད》ནང་དུས་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་དུས་རབས་ཀྱི་འཕེལ་ཕྱོགས་ལ་སྟངས་འཛིན་ཡག་པོ་དང་། ལས་ཞུགས་མི་སྣ་འགན་སྲུང་ནང་ཞུགས་པའི་ཆ་རྐྱེན་ཇེ་དམའ་དང་སྟབས་བདེར་བཏང་སྟེ། སྤྱི་ཚོགས་འགན་སྲུང་གི་ཁྲིམས་བཀོད་མི་ཚོགས་ཇེ་མང་ནས་ཡོངས་ལ་ཁེབས་པར་བྱས་ནས་ན་གཞོན་རྣམས་ལ་ལས་ཞུགས་གང་བདེ་བསྐྲུན་པ་དང་ཆབས་ཅིག་ཏུ་ལས་རིགས་གསར་པར་ཞུགས་པའི་ན་གཞོན་གྱི་སེམས་ཁྲལ་དག་སེལ་ཐུབ་བྱ་དགོས་པའི་བླང་བྱ་བཏོན།

ན་གཞོན་སྤུས་ལེགས་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་བཞག་པ།


བློ་མིག་རྣོ་བའི་ན་གཞོན་འགས《རྩ་གནད》ཀྱི་ས་བཅད་ལྔ་བཅུ་པའི་དོན་ཚན་གཉིས་པའི་ནང་། “ན་གཞོན་གྱི་འཕེལ་རྒྱས་འཆར་འགོད་ལག་བསྟར་དོན་འཁྱོལ་བྱས་ཏེ། ན་གཞོན་གྱི་ཕྱོགས་གང་ཅིའི་ཐད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ན་གཞོན་འཚར་ལོངས་ནས་འཇོན་ལྡན་པར་གྱུར་བ། སྤྱི་ཚོགས་ལ་ལག་རྗེས་འཇོག་པའི་སྡིངས་ཆ་བཙུགས་ནས་ན་གཞོན་གྱི་གསར་གཏོད་དང་ལས་གཏོད་ལ་ངར་ཤུགས་བསླང་དགོས”ཞེས་གསལ་པོར་བསྟན་ཡོད་པ་མཐོང་། སྤྱིར་ན་གཞོན་གྱི་འཕེལ་རྒྱས་འཆར་འགོད་སྐོར་འདི་ལོ་ལྔའི་འཆར་གཞི་ཁྲོད་ཐོག་དང་པོར་བྱུང་བ་ཞིག་མིན། 2016ལོའི་ཟླ3པར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང“ལོ་ལྔའི་འཆར་གཞི་བཅུ་གསུམ”པའི་འཆར་འགོད་རྩ་གནད་ལ་གྲོས་ཞིབ་བྱེད་སྐབས“ན་གཞོན་འཕེལ་རྒྱས་འཆར་འགོད་ལག་བསྟར་བཟོ་དགོས”ཞེས་པ་དེའི་སྐོར་གྱི་བླང་བྱ་ཐོག་མར་བཏོན། དེ་གཞིར་བཞག་ནས“ལོ་ལྔའི་འཆར་གཞི་བཅུ་བཞི”པའི་འཆར་འགོད་རྩ་གནད་དུ“ན་གཞོན་འཕེལ་རྒྱས་འཆར་འགོད་ལག་བསྟར་གཏིང་ཟབ”དགོས་པ་གསལ་བོར་བསྟན་པར་མ་ཟད། ན་གཞོན་འཕེལ་རྒྱས་གྱི་ཁྱབ་ཁོངས་མང་པོར་འཆར་འགོད་རབ་དང་རིམ་པ་བཟོས་པ་ནི་ན་གཞོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བསམ་བློའི་མཚོན་རྟགས་ཤིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “རྒྱུ་སྤུས་མཐོ་ཤོས་ཀྱི་འཕེལ་རྒྱས་ནི་འབོད་སྐད་ཙམ་གྱིས་མི་ཆོག་ལ། དཔལ་འབྱོར་ཁྱབ་ཁོངས་ཙམ་ལས་བརྒལ་མི་རུང་བ་ཞིག་དེ་ལས་མ་ཡིན། ”རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ཞིང་འཐུས་ཚང་མིན་པའི་འཕེལ་རྒྱས་བར་གྱི་འགལ་བར་འགྱུར་བའི་བབ་དང་བསྟུན་ནས། སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་ཕྱོགས་སོ་སོར་བཏོན་པའི་སྤྱིའི་བླང་བྱ་རུ་གྱུར་བ་རེད། ན་གཞོན་འཕེལ་རྒྱས་འཆར་འགོད་དེ“ལོ་ལྔའི་འཆར་གཞི་བཅུ་བཞི”པའི་འཆར་འགོད་ནང་འཇོག་དོན་ཡང་ཏག་ཏག་ལྟ་དགོངས་དེའི་རྒྱུན་འཛིན་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་འདི་གཉིས་ལེགས་པོར་སྤེལ་ཆེད་རེད་ལ། ལམ་ལུགས་ཀྱི་དགེ་མཚན་ལ་བརྟེན་ནས་ན་གཞོན་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཉེན་ཁ་ཆེན་པོར་འགྲན་བཟོད་ཐུབ་ཅིང་། འགོག་ཟོན་ནན་མོ་དང་ཐག་གཅོད་ཡག་པོ་ཐུབ་དགོས་པའི་བརྗོད་བྱའི་སྙིང་པོ་ཡང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་སློབ་སྟོན་དང་སྐུལ་འདེད་བྱས་པ་ལ་བརྟེན་ནས2017ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ན་གཞོན་འཕེལ་རྒྱས་ཀྱི་འཕྲལ་ཕུགས་འཆར་འགོད(2016—2025ལོའི་བར)》བཏོན་ཏེ། “ཏང་གིས་ན་གཞོན་ལ་བདག་བྱེད་དགོས་པའི་རྩ་དོན་རྒྱུན་འཁྱོངས”དགོས་པ་གསལ་སྟོན་དང་། “ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་དགོས་ན་ཐོག་མར་ན་གཞོན་འཕེལ་རྒྱས་གཏང་དགོས”ཞེས་ནན་གྱིས་བསྟན་ཡོད་པ་རེད། ད་སྔའི་བར་དུ་ཞིང་ཆེན་རིམ་པའི་ན་གཞོན་འཕེལ་རྒྱས་འཆར་འགོད་ཡོངས་སུ་བཟོས་ཚར་ལ། ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པའི་ན་གཞོན་ལས་དོན་མཉམ་བཞུགས་གྲོས་ཚོགས་ཀྱི་ནང་རྐྱེན་ལམ་ལུགས་ཁྱབ་གདལ་ལ་བརྟེན་ནས་ན་གཞོན་འཕེལ་རྒྱས་འཆར་འགོད་ཀྱི་ལམ་ལུགས་ནུས་པ་ཐོན་བཞིན་ཡོད། 

ན་གཞོན་སྔོན་ལ་འཕེལ་རྒྱས་གཏོང་དགོས་པ་དེ་རིམ་བཞིན་ས་གནས་ཀྱིས་དོ་སྣང་བྱེད་སར་གྱུར་བ།


ན་གཞོན་འཕེལ་རྒྱས་ནི་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་ལ་འབྲེལ་བ་དམ་པོ་ཡོད་པ་མ་ཟད། དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་ངར་ཤུགས་སློང་བྱེད་དང་། ས་གནས་ཀྱི་རྒྱུན་མཐུད་འཕེལ་རྒྱས་རྒྱུན་སྐྱོང་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་རིང་། རང་རྒྱལ་གྱི་མི་འབོར་རིམ་བཞིན་ཇེ་ཉུང་དང་ན་གཞོན་མི་འབོར་གྱི་སྡུར་ཚད་ལུགས་མཐུན་ཡོང་བའི་འཐབ་ཇུས་དོན་སྙིང་མངོན་གསལ་ཡིན་པས། རིག་པ་མྱུར་བའི་ས་གནས་སྲིད་གཞུང་འགས་ན་གཞོན་གྱི་མི་འབོར་བསྡུར་ཚད་དེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལྟེ་བའི་དམིགས་ཚད་དུ་འཛིན་འགོ་བརྩམས། ཀོང་ཀྲོའུ་དང་། ཧྲན་ཀྲེན། ཉིན་པའོ། ཁྲེང་ཏུའུ། ཙི་པའོ་སོགས་གྲོང་ཁྱེར་གྱིས་སྔ་རྗེས་སུ་ན་གཞོན་འཕེལ་རྒྱས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་བླང་བྱ་གཙིགས་སུ་བཟུང་ནས་ན་གཞོན་སྔོན་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཆར་རྗེས་ཀྱི་ཤ་མོ་བཞིན་བྱུང་བ་དང་། “གྲོང་ཁྱེར་ནི་ན་གཞོན་འཕེལ་རྒྱས་ལ་འཚམ་ཞིང་།ན་གཞོན་གྱིས་གྲོང་ཁྱེར་འཕེལ་རྒྱས་ལ་ནུས་པ་འདོན་ཐུབ”པ་དེ་གྲོང་ཁྱེར་མང་པོ་ཞིག་གི་འབད་བྱའི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད་པ་རེད།

སླར་ཡང་ཕུགས་རྒྱང་གི་འཆར་ཇུས་ཆེན་པོ་བཟོ་བའི“འཆད་འགོད་ཀྱི་དུས་ཚིགས”ལ་སླེབས་པ་དང་བསྟུན་ནས། ས་གནས་ཁག་གིས་ན་གཞོན་འཕེལ་རྒྱས་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་སྤྱིའི་འཆར་འགོད་གཉིས་འཕྲལ་མྱུར་ཟུང་དུ་སྦྲེལ་དེ་སྐུལ་འདེད་བཏང་། རགས་རྩིས་ལྟར་ན། ད་སྔ་ཞིང་ཆེན་རིམ་པའི་ན་གཞོན་འཕེལ་རྒྱས་ས་ཚིགས8དང་ས་གནས་དང་གྲོང་ཁྱེར་རིམ་པའི་ས་ཚིགས27།རྫོང་རིམ་པའི་ས་ཚིགས121བཅས“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”ན་གཞོན་འཕེལ་རྒྱས་ཆེད་སྒྲུབ་ས་ཚིགས་བཙུགས་ཏེ། ཞིང་ཆེན་རིམ་པའི་འཆར་འགོད་ཁག་བདུན་གྱིས་ན་གཞོན་འཕེལ་རྒྱས་ལ་ཆེད་དུ་ཐུན་མོང་ཐོག་གསལ་འགྲེལ་རྒྱག་རྒྱུ་དང་། ཞིང་ཆེན་རིམ་པའི་སྲིད་གཞུང་བྱ་བའི་སྙན་ཞུ་བཞི་ཡི་ནང་ན་གཞོན་འཕེལ་རྒྱས་བྱ་བ་ཆེད་དུ་བཀོད་སྒྲིག་བྱས་ཡོད་པས། རང་རྒྱལ་གྱི་ན་གཞོན་འཕེལ་རྒྱས་འཆར་འགོད་མ་ལག་ཅིག་ཐོག་མར་ཆགས་ནས་ན་གཞོན་འཕེལ་རྒྱས་ཁྱབ་ཁོངས་སུ་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་འཁྲིད་པའི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་གང་ལེགས་མངོན་པར་བྱས་ཡོད།

བརྗེད་དཀའ་བའི“ལོ་ལྔའི་འཆར་་གཞི་བཅུ་གསུམ”ཕར་བསྐྱལ་ཞིང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”དང2035ཡི་ཕུགས་རྒྱང་རིང་བོའི་དམིགས་འབེན་གྱིས་མཚོན་པའི་མ་འོང་བ་དེ་ང་ཚོ་དང་ཐག་ཇེ་ཉེ་རེད། ང་ཚོར《རྩ་གནད》ཀྱི་མདུན་སྐྱོད་ཆེན་པོའི་སློབ་སྟོན་འོག ཀྲུང་གོའི་ན་གཞོན་གྱི་སྤུས་ལེགས་པའི་འཕེལ་རྒྱས་མདུན་ལམ་དེ་ཇེ་ཆེ་ནས་ཇེ་ཡངས་སུ་འགྱུར་ངེས་པ་ང་ཚོར་ཡིད་ཆེས་ཡོད། །

ཁོན་ཐར་འཚོས་བསྒྱུར།