2021ལོའི་དྲག་ཆས་ཉེན་རྟོག་རུ་ཁག་གིས་ལས་ཞུཊ་མི་སྣ་བསྡུ་བའི་བརྡ་ཐོ།

རང་རེའི་དྲ་བའི་འཕྲིན། 《དངོས་ཞབས་དམག་དཔོན་དོ་དམ་གྱི་གནས་སྐབས་སྲོལ་ཡིག》དང《དངོས་ཞབས་དམག་དཔོན་འདེམས་སྒྲུག་ཁ་གསབ་ཀྱི་གནས་སྐབས་ལག་བསྟར་གཏན་འབེབས》སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་སྟེ་དམག་ཡོངས་གཅིག་གྱུར་བཀོད་སྒྲིག་ལྟར། 2021ལོའི་དྲག་ཆས་ཉེན་རྟོག་རུ་ཁག་གིས་ཐད་ཀར་ད་ལོའི་མཐར་ཕྱིན་སློབ་ཆེན་སློབ་མ་འདེམས་སྒྲུག་སྒོས་བསྡུ་ལེན་བྱེད་པར་འབྲེལ་བའི་དོན་ཚན་བཀོད་པ་གཤམ་གསལ་ལྟར།

གཅིག ལས་བྱེད་མི་སྣ་བསྡུ་བའི་ཁྱབ་ཁོངས།

དར་མའི་སློབ་གསོ། དྲ་རྒྱའི་སློབ་གསོ། སྒོ་འབྱེད་སློབ་གསོ། ལས་རིགས་ལག་རྩལ་སློབ་གྲྭ་བཅས་ཀྱི་མཐར་ཕྱིན་སློབ་མ། དེ་མིན་དམག་གི་སློབ་གྲྭའི་ས་གནས་ནས་གསོ་སྐྱོང་བྱས་པའི་མཐར་ཕྱིན་སློབ་མ་དང་མཐོ་རིམ་སློབ་གྲྭས་བསྡུས་པའི་ངེས་གཏན་གྱི་ལས་ཞུགས་མཐར་ཕྱིན་སློབ་མ་བཅས་འདུ།

གཉིས། ཆ་རྐྱེན།

1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་དགོས་ཤིང་། ཆབ་སྲིད་ཀྱི་བྱ་སྤྱོད་ལེགས་པོ་ལྡན་པ་དང་ཉེན་རྟོག་པའི་ལས་འགན་འཁུར་པའི་གཞི་རྩའི་ཆ་རྐྱེན་དང་མཐུན་དགོས།

2.ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་ཡན་གྱི་བསླབ་གནས་ལྡན་དགོས།

3.དངོས་གཞི་དང་ཞིབ་འཇུག་སློབ་མ། འབུམ་རམས་པ་བཅས་ཀྱི་ལོ་ཚད་སོ་སོར་ལོ24དང་ལོ29། ལོ34བཅས་ཡིན་དགོས། དེའི་ཁྲོད། ལས་གནས་སྟེང་མྱུར་དུ་མཁོ་བའི་འབུམ་རམས་པ་དང་གྲངས་ཉུང་མི་རིགས། དེ་སྔ་དམག་ལ་ཞུགས་མྱོང་པའི་མཐར་ཕྱིན་སློབ་མའི་ལོ་ཚད་ལོ1གིས་ཇེ་མཐོར་བཏང་ཆོག

4.ལུས་པོ་བདེ་ཐང་ཡིན་དགོས།

5.རིམ་པ་འདྲ་བའི་ཆ་རྐྱེན་འོག དཀའ་སྡུག་ཆེ་བའི་མཐའ་ཁོབས་ཀྱི་ས་ཆ་དང་བོད་ལྗོངས་སོགས་ཀྱི་དྲག་ཆས་དམག་དཔུང་རུ་ཁག་ནས་བྱ་བ་སྒྲུབ་མྱོང་མཁན་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན། སློབ་མའི་ལས་བྱེད་པ་དང་ལུས་རྩལ་རུ་ཁག་གི་རྐང་འཛིན་པའི་འགན་འཁུར་མྱོང་མཁན། དེ་སྔ་དམག་ལ་ཞུགས་མྱོང་པ་བཅས་ཀྱི་ཆ་རྐྱེན་ལྡན་ཚེ་དམིགས་བསལ་གྱིས་ལས་བསྡུ་བྱ་རྒྱུ།

6.བཅས་ཁྲིམས་ཁྲིམས་སྲོལ་གྱིས་གཏེན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་དང་མཐུན་དགོས།

གསུམ། མིང་ཐོ་འགོད་པའི་དུས་ཚོད་སོགས།

1.མིང་ཐོ་འགོད་པའི་དུས་ཚོད། ཟླ3པའི་ཚེས25ནས་ཟླ4པའི་ཚེས5བར།

2.མིང་ཐོ་འགོད་སའི་དྲ་ཚིགས། (http://81rc.81.cnཡང་ནhttp://www.81rc.mil.cn)

3.ཐོབ་ཐང་ཞིབ་བཤེར་དང་ཐོག་མའི་འདེམས་སྒྲུག(ཟླ4པའི་ཚེས10སྔོན།)

4.ཡུལ་དངོས་རྟོག་ཞིབ་དང་ཡོངས་སུ་འདེམས་སྒྲུག་བྱེད་པ།(ཟླ4པའི་ཚེས20སྔོན།)

5.ལུས་པོ་བརྟག་དཔྱད་དང་ཆབ་སྲིད་དཔྱད་ཞིབ། (ཟླ4པའི་ཚེས25སྔོན།)

6.ཆེད་ལས་དཔྱད་ཞིབ་དང་གཅིག་བསྡུས་འདེམས་སྒྲུག (ཟླ5པའི་ཚེས20སྔོན།)

7.གཅིག་གྱུར་བཀོད་འདོམས་དང་ཞིབ་བཤེར་གཏན་འབེབས། (ཟླ5པའི་ཟླ་མཇུག་སྔོན།)

8.མཇུག་མཐར་ལས་མི་གཏན་འབེབས་དང་ལས་ཞུགས་ཀྱི་འགྲོ་ལུགས་སྒྲུབ་པ།

ལོ་ཙཱ་པ། ལྷ་ཆེན་རྒྱལ།