མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་བའི་བྲེལ་མྱུར་བརྡ་ཐོ།

མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་བའི་བྲེལ་མྱུར་བརྡ་ཐོ།

རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་རྣམས་ལ་ཞུ་རྒྱུར།

མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བའི་སྟེང་ཟླ3པའི་ཚེས16ཉིན2021ལོའི་གཞུང་ཞབས་པའི་རྒྱུགས་གཞི་སོགས་ཡིག་རྒྱུགས་བཞིའི་གསལ་བརྡ་སྤེལ་ཏེ། རྒྱུགས་ཞུགས་སློབ་མས་རྒྱུགས་ལ་མ་ཞུགས་སྔོན་གྱི་ཉིན14རིང་གི་ལུས་ཕུང་གི་ཚ་གྲང་ལྟ་ཞིབ་ཚད་ལེན་བྱ་དགོས་པར་མ་ཟད། ཡིད་རྟོན་བདེ་ཐང་ཨང་བཤེར“信康码”བརྒྱུད་ནས“ལུས་དྲོད་ཉིན་རེར་བརྟག་ཐེངས་རེ་དང་རྒྱུན་ལྡན་མིན་ཚེ་དུས་ལྟར་ཡར་ཞུ་བྱེད་དགོས”ཅེས་པའི་རིམས་ནད་ཡར་ཞུའི་ལམ་ལུགས་ལྟར་ཉིན་རེར་རང་ཉིད་ཀྱི་བདེ་ཐང་རྩ་གཉིས་ཨང་བཤེར་ལེན་དགོས་ཞེས་བཏོན་ཡོད། ད་སྔའི་བར་དུ་རྒྱུགས་ཞུགས་སློབ་མ་ཁག་ཅིག་གིས་ཡིད་རྟོན་མཚོ་སྔོན“信用青海”ཞེས་པའི་མ་ལག་ལ་དོ་ཁུར་བྱས་ཀྱང་། ཉིན་རེའི་བདེ་ཐང་རྩ་གཉིས་ཨང་བཤེར་བླངས་མེད་པ་དང་། ད་དུང་རྒྱུགས་ཞུགས་སློབ་མ21500ལྷག་གིས“ཡིད་རྟོན་མཚོ་སྔོན”ཞེས་པའི་མ་ལག་ལ་དོ་ཁུར་ཀྱང་བྱས་མེད་པས། གོང་དུ་བཏོན་པའི་རྒྱུགས་ཞུགས་སློབ་མ་རྣམས་ཀྱིས་མྱུར་དུ་དུས་ཚོད་དམ་འཛིན་སྒོས་དོ་ཁུར་བྱས་ཏེ་ཉིན་རེར་བདེ་ཐང་རྩ་གཉིས་ཨང་བཤེར་ལེན་དགོས། དེ་ལྟར་མ་བྱས་ན་རྒྱུགས་ལེན་ཉིན་མོར་རྒྱུགས་རའི་ནང་འགྲོ་བར་ཤུགས་རྐྱེན་ཐེབས་ངེས་པས་རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་རྣམས་ཀྱིས་ཤེས་པར་འཚལ།

མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས།

2021ལོའི་ཟླ3པའི་ཚེས22ཉིན།

ལོ་ཙཱ་པ། ལྷ་ཆེན་རྒྱལ།