ཁྲག་ཤེད་མཐོ་བ་དང་ཁྲག་ཚིལ་མཐོ་བ། ཁྲག་མངར་མཐོ་བ་ལས་ཡང་བསྐྱར“མཐོ་བ་གསུམ”གླེང་པ། (2)

གནད་དོན་དང་པོ། ཚོན་པོ། ཚད་བརྒལ་གྱི་རྒུན་འབྲུམ་མངར་ཆ་དེ་ཚིལ་ཞག་དུ་བསྒྱུར་ནས་གསོག་འཇོག་བརྒྱུད་ཚིལ་ཞག་ཕྲ་ཕུང་ཁྲོད་འཛུལ་པས་ལུས་པོ་ཚོན་པོ་གྱུར།

གནད་དོན་གཉིས་པ། གཤེར་ཕུང་གི་འགོག་ནུས་ཞན་པ། སྣུམ་རྒྱུའི་གསོག་འཇོག་ཁང་ཁ་བཀང་བའི་སྐབས། རྒུན་འབྲུམ་མངར་ཆ་ཚིལ་ཞག་ཕྲ་ཕུང་དུ་འཛུལ་བའི་དཀའ་ཁག་སྔར་ལས་ཆེས་ཆེར་སོང་ལ། ཕྲ་ཕུང་གཞན་དག་ལ་འཛུལ་བའི་དཀའ་ཁག་ཡང་རིམ་བཞིན་ཇེ་མཐོར་སོང་ཡོད། གཤེར་མའི་ཕུང་རྩིས་རྒུན་འབྲུམ་ཐག་གཅོད་བྱེད་པའི་མྱུར་ཚད་ཡང་སྔར་ལས་ཇེ་དམའ་རུ་སོང་ནས་བབ་བསྟུན་གྱི་བྱེད་ནུས་འདོན་ཐབས་བྲལ། དེའི་རྐྱེན་གྱིས་རྒུན་འབྲུམ་མངར་ཆ་དག་ཁྲག་རྩའི་ནང་གསོག་འཇོག་བྱས་པ་རེད། སྟབས་བདེའི་ངང་ནས་བཤད་ན། གཤེར་མའི་ཕུང་རྩི་ཡི་སྐྱེ་དངོས་རིག་པའི་བྱེད་ནུས་དེས་ཤ་གནད་ཁྲོད་བྱེད་ནུས་འདོན་སྤེལ་མ་ཐུབ་པའམ་ཡང་ན་གཤེར་མའི་ཕུང་རྩི་ཡི་སྐྱེ་ཁམས་བྱེད་ནུས་ཉམ་ཞན་དུ་འགྲོ་བར་གོ་བ་བླངས་ཆོག དེའི་རྐྱེན་གྱིས་གཤེར་ཕུང་འགོག་ནུས་ཀྱི་རྐྱེན་གྱིས་གྲངས་ཚད་འདྲ་བའི་གཤེར་མའི་ཕུང་རྩི་ཡིས་དེར་བསྟུན་གྱི་བྱེད་ནུས་ཐོན་མི་ཐུབ་ལ། ལུས་སྟེང་དུ་ཟགས་ཐོན་བྱུང་བའི་གཤེར་མའི་ཕུང་རྩི་མང་པོས་གཤེར་མའི་ཕུང་རྩི་ཡི་ཁྲག་ནད་འབྱུང་དུ་འཇུག་སྲིད། གཤེར་མའི་ཕུང་རྩི་ཡི་འགོག་ནུས་ཞན་པ་ནི་གཤེར་ཕུང་མཐོ་བའི་ཁྲག་ནད་ཀྱི་མཇུག་འབྲས་ཡིན།

གནད་དོན་གསུམ་པ། ཁྲག་མངར་མཐོ་བའི་གྲུབ་ཚུལ། གཤེར་མའི་ཕུང་རྩི་ཡི་འགོག་ནུས་དེ་ཚད་ངེས་ཅན་ཞིག་ལ་སླེབས་དུས་གཤེར་མའི་ཕུང་རྩི་ཡིས་རྒུན་འབྲུམ་གྱི་མངར་ཆ་ཐག་གཅོད་བྱེད་པའི་མྱུར་ཚད་དེ་སྔར་ལས་ཇེ་དམའ་རུ་སོང་ཡོད་ལ། ཁྲག་རྩའི་ནང་གི་མངར་ཆ་ཡང་རྒྱུན་ལྡན་འོག་ཐག་གཅོད་བྱེད་ཐབས་བྲལ་པས་ད་བཟོད་གཅིན་སྙི་ཟ་ཁུའི་ནད་བྱུང་བ་རེད།

གནད་དོན་བཞི་པ། ཁྲག་ཚིལ་མཐོན་པོའི་གྲུབ་ཚུལ། གཤེར་མའི་ཕུང་རྩིས་རྒུན་འབྲུམ་གྱི་མངར་ཆ་ཐག་གཅོད་བྱེད་པའི་མྱུར་ཚད་ཇེ་དམའ་རུ་སོང་བ་དང་བསྟུན་ནས་དེར་བསྟུན་གྱི་བྱེད་ནུས་ཐོན་ཐབས་བྲལ་པས། ལུས་སྟེང་དུ་གཤེར་མའི་ཕུང་རྩི་མོད་པོ་ཞིག་ཟགས་ཐོན་བྱུང་། གཤེར་མའི་ཕུང་རྩི་མོད་པོ་དེས་མཆིན་པར་ཟུག་གཟེར་ཐེབས་ནས་སྟུག་ཚད་དམའ་བའི་ཚིལ་འདུས་སྤྲི་དཀརLDLམང་པོ་བྱུང་སྲིད། ཁྲག་རྩའི་ཁྲོད་ཡོད་པའི་ཚད་ལས་བརྒལ་བའི་སྟུག་ཚད་དམའ་བའི་ཚིལ་ཞག་སྤྲི་དཀརLDLདེ་ཟད་གྲོན་བྱེད་ཐབས་བྲལ་པས་ཁྲག་ཚིལ་མཐོ་བ་དེ་གྲུབ།

གནད་དོན་ལྔ་བ། ཁྲག་ཤེད་མཐོན་པོའི་གྲུབ་ཚུལ། ཟུངས་ཁྲག་ནི་ཁྲག་རྩའི་ཁྲོད་འཁོར་རྒྱུག་བྱེད་སྐབས། ཁྲག་རྩའི་ངོས་ལ་ཐེབས་པའི་གནོན་ཤུགས་དེར་ཁྲག་ཤེད་ཟེར། གལ་ཏེ་གནོན་ཤུགས་དེ་ཆེ་དྲགས་ན་ཁྲག་ཤེད་མཐོན་པོ་གྲུབ་ངེས། ང་ཚོས་སྙིང་དང་ཁྲག་རྩ་ནི་གནོན་ཤུགས་འཁོར་སྐྱོད་མ་ལག་གི་དཔེར་དྲངས་ན། སྙིང་གིས་གནོན་བཙུར་ལ་བརྟེན་ནས་ཁྲག་རྩ་རུ་ཟུངས་ཁྲག་འདྲེན་བཞིན་ཡོད། རྒྱུན་ལྡན་གྱི་ཁྲག་རྩའི་ནང་ངོས་ནི་སྙོམས་ཞིང་འཇམ་པོ་ཞིག་ཡིན། གལ་ཏེ་ཁྲག་ཚིལ་མཐོ་བའི་དབང་དུ་བཏང་ན། ཁྲག་རྩའི་ནང་ངོས་ལ་ཁྲག་རྡོག་སེར་པོ་དུམ་བུ་རེ་བྱུང་སྲིད། ཁྲག་རྩ་འགག་པ་དང་ཁྲག་རྩའི་ནང་ངོས་ཀྱི་ལྡེམ་ཤུགས་ཇེ་ཞན་དུ་འགྲོ་ངེས། གལ་ཏེ་དུས་ཡུན་རིང་བོར་སྨན་བཅོས་མ་བྱས་པའི་དབང་དུ་བཏང་ན། ཁྲག་འབུད་པ་དང་ཁྲག་རྩ་ཇེ་ཆུང་དུ་འགྲོ་བ། ཁྲག་གི་འཁོར་རྒྱུག་མྱུར་ཚད་ཇེ་ཞན་དུ་འགྲོ་བ་སོགས་ཀྱིས་ཁྲག་ཤེད་ཡང་རིམ་བཞིན་ཇེ་མཐོ་རུ་འགྲོ་བ་རེད།

ང་ཚོས་འདི་ལྟར་བློས་བསླངས་ཤིག་བྱས་ཆོག་ལ། གལ་ཏེ་ལག་པའི་མཐེབ་བོང་གི་ཆུ་སྒོ་བཅད་པ་ན་ཆུ་སྦུགས་ནང་གི་གནོན་ཤུགས་ཡང་ཇེ་ཆེར་འགྲོ་བ་མ་ཡིན་ནམ། འདི་ནི་མཐོ་བ་གསུམ་གྱི་ནད་ཀྱི་འབྲེལ་བ་རེད། སྤྱིའི་ཆ་ནས་བཤད་ན་མཐོ་བ་གསུམ་དང་ཐཱན་ཆུ་འདུས་འདྲེས་དངོས་པོ་མཐོན་པོ་གཏོང་བ། འགུལ་སྐྱོད་ཉུང་བ། གཤེར་མའི་ཕུང་རྩི་ཡི་འགོག་སྲུང་ཞན་པ། ཚབ་བརྗེས་འཁྲུག་པ་སོགས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད། གོང་གི་ངོ་སྤྲོད་བརྒྱུད་ཚང་མས་མཐོ་གསུམ་བར་གྱི་ནོར་འཁྲུལ་ཕྱོགས་བསྡུས་བར་གྱི་འབྲེལ་བ་དང་དེར་གོ་བ་ངེས་ཅན་ཞིག་ལེན་ཐུབ་པར་ཡིད་ཆེས་ཡོད། དེས་ན་མཐོ་བ་གསུམ་གྱི་ནད་ཀྱི་རྒྱུ་རྐྱེན་ལ་གང་དག་ཡོད་དམ།

རྒྱུ་རྐྱེན་དང་པོ། རྒྱུད་འཛིན་རྒྱུ་རྐྱེན། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད། ཁྲག་ཚལ་མཐོ་བའི་ནད་རྟགས་ཚང་མར་རྒྱུད་འཛིན་གྱི་ཁ་ཕྱོགས་ངེས་ཅན་ཞིག་ཡོད། ཁྲག་ཤེད་མཐོན་པོར་ཁྱིམ་རྒྱུད་ཀྱི་རྒྱུད་འཛིན་རང་བཞིན་ངེས་ཅན་ཡང་ཡོད་ལ། ཁྲག་ཤེད་མཐོ་བའི་ནད་པ60%ལ་ཁྲག་ཤེད་མཐོ་བའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ཡོད། དེའི་མི་ཚད། གལ་ཏེ་ཕ་མ་གཉིས་ཀར་ཁྲག་ཤེད་མཐོ་ན་བུ་བུ་མོར་ཁྲག་ཤེད་མཐོ་བའི་ནད་འབྱུང་ཚད་ནི46%ཡིན། གཅིན་སྙི་ཟ་ཁུའི་ནད་ལ་ཡང་ཁྱིམ་རྒྱུད་ཀྱི་ནད་འཕར་བའི་ཁ་ཕྱོགས་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན14%ནས12%བར་གྱི་གཅིན་སྙི་ཟ་ཁུའི་ནད་པ་ལ་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ཡོད། ནད་ཐོག་ནད་པ་ལ་ཉུང་མཐར་ཡང་རིགས་མི་འདྲ་བ་དྲུག་བཅུའི་ཡན་གྱི་རྒྱུད་འཛིན་ཕྱོགས་བསྡུས་ནད་ནི་གཅིན་སྙི་ཟ་ཁུའི་ནད་དང་འགྲོགས་ཡོད།

རྒྱུད་འཛིན་ནད་ནི་རྒྱུད་འཛིན་བྱ་དངོས་ཀྱི་འགྱུར་ལྡོག་གི་རྐྱེན་གྱིས་བྱུང་བ་སྟེ། དེའི་ཁོངས་སུ་ཚོན་འགྱུར་གཟུགས་ཀྱི་ངོ་བོ་འགྱུར་བ་དང་གཞི་རྟེན་གློ་བུར་དུ་འགྱུར་བ་ལས་བྱུང་བའི་རིམས་ནད་ཡིན། ནད་དེ་འབྱུང་བའི་རྒྱུ་རྐྱེན་ཧ་ཅང་གསལ་ཞིང་ཡོད་ཚད་ནི་རྒྱུད་འཛིན་རྒྱུ་རྐྱེན་གྱིས་ཐག་གཅོད་བྱེད་བཞིན་ཡོད། གཞི་རྒྱུ་གཞན་པའི་ཤུགས་རྐྱེན་ཅི་ཡང་ཐེབས་མི་སྲིད།

རྒྱུ་རྐྱེན་གཉིས་པ། རྣམ་རིག་དང་སྙིང་ཁམས་ཀྱི་རྒྱུ་རྐྱེན། དུས་ཡུན་རིང་བོར་རྣམ་རིག་ལ་ཛ་དྲག་བྱུང་བ་དེ་ཡང་རིམས་ནད་སྣ་ཚོགས་འབྱུང་བའི་རྒྱུ་རྐྱེན་ཡིན་ལ། ནང་སྒོས་སུ་ཁྲག་ཤེད་མཐོ་བའི་ནད་འབྱུང་ངེས། རང་རྒྱལ་དུ་རྒྱུགས་ཆེ་བའི་ནད་རིགས་པའི་ཞིབ་འཇུག་ལས་ཤེས་པ་རེད། རྣམ་རིག་ཛ་དྲག་ཚད་མཐོན་པོ་ཅན་གྱི་ལས་རིགས་དང་ཀླད་ཤུགས་ངལ་རོལ་པའི་ལས་ཀ་བྱེད་མཁན་ལ་ཁྲག་ཤེད་མཐོ་བའི་ནད་འབྱུང་བའི་ཚད་གཞི་ཧ་ཅང་མཐོ། རྣམ་རིག་ཚད་མཐོན་པོའི་སྒོ་ནས་ཛ་དྲག་དང་སེམས་ཁམས་རྣམ་རིག་གི་རྒྱུ་རྐྱེན་སོགས་ཀྱིས་ཁྲག་ཤེད་མཐོ་བའི་ནད་ཀྱི་འཕར་ཚད་ཁྲོད་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད།

རྒྱུ་རྐྱེན་གསུམ་པ། བཟང་བཏུང་གི་གོམས་སྲོལ། བཟའ་བཏུང་གི་གོམས་སྲོལ་དེས་མཐོ་བ་གསུམ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད། བཟའ་བཏུང་ཁྲོད་ཚྭ་དང་ནཱ་མང་པོ། ཚིལ་ཞག་མོད་པོར་རོལ་བ་སོགས་ཚང་མ་ནི་མཐོ་བ་གསུམ་གྱི་ནད་འབྱུང་བའི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ཡིན། ཚ་འདུས་མོད་པོ་ཚད་ལས་བརྒལ་བ་ཟོས་ན་ཚོན་པོ་ཆགས་སྲིད་ལ་དེ་ཡང་མཐོ་བ་གསུམ་གྱི་ནད་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ལུས་ཚོན་པོ་ཅན་ལ་མཐོ་བ་གསུམ་གྱི་རྒྱུད་འཛིན་འགོས་སླ་བའི་ལུས་པོར་ནད་འབྱུང་སླ་བས། རིམས་ནད་ཚབས་ཆེན་འཕར་བའི་ཚད་གཞི་ཡང་ཆེས་ཆེར་འགྲོ་སྲིད། ལུས་པོའི་ལྗིད་ཚད་དང་ཁྲག་ཤེད་བར་ལ་ཚད་མཐོ་བའི་འབྲེལ་ཡོད་རང་བཞིན་ལྡན་པས། ལུས་པོའི་ལྗིད་ཚད་བརྒལ་བ་དང་ཚོན་པོ་ཆགས་པ་དེས་མི་ལུས་ཀྱི་གཤེར་མའི་ཕུང་རྩི་ཉམ་ཞན་དུ་འགྲོ་སྲིད། དེ་མིན་ཁྲག་མངར་གྱི་འདུས་ཚད་ཡང་ཇེ་མཐོར་སོང་འདུག མི་ཚོན་པོས་ལུས་པོ་ནི་ཆེས་ཆེ་བའི་ཚིལ་ཞག་མཛོད་ཞིག་སྟེ་ཁྲག་ཚིལ་ཡང་རིམ་འཕར་འབྱུང་སླ་ངེས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།