ཁྲག་ཤེད་མཐོ་བ་དང་ཁྲག་ཚིལ་མཐོ་བ། ཁྲག་མངར་མཐོ་བ་ལས་ཡང་བསྐྱར“མཐོ་བ་གསུམ”གླེང་པ། (1)

འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་འཚོ་བའི་རམ་བཀྲོལ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། འབྱོར་ལྡན་པའི་ནད་དུ་འབོད་པའི་མཐོ་བ་གསུམ་གྱི་ནད་རྟགས་དེ་རིམ་བཞིན་རྒྱུན་ལྡན་མང་ཚོགས་ཀྱི་ཁྱིམ་དུ་འཛུལ་ཞིང་། དེའི་མི་ཚད་ནད་དེ་ཕོགས་མཁན་ཡང་ལོ་གཞོན་ཅན་གྱི་འཁོར་ཕྱོགས་སུ་གྱུར་ཡོད། འབྲས་ལེགས་ཕྱེ་དཀར། ཉ་ཤ་ཕག་ཤ་སོགས་འབྱོར་ལྡན་པའི་བཟའ་བཏུང། རླངས་འཁོར་གྱིས་གོམ་ཚབ་ལེན་པ། བག་ཕེབས་སྤྲོ་སྣང་གི་ལོངས་སྤྱོད་རང་བཞིན་གྱི་འཚོ་བ་སྟེ། ལྟོས་ཚོད་ཀྱིས་འབྱོར་ལྡན་པའི་བག་ཕེབས་ཀྱི་འཚོ་བའི་རྣམ་པ་འདི་དག་གིས་ཚད་ངེས་ཅན་ཞིག་གི་སྒོ་ནས་མཐོ་བ་གསུམ་གྱི་ནད་རྟགས་དེ་ད་ལྟའི་གནས་བབ་ཀྱི་སྤྱི་ཚོགས་འདིའི་འབྱོར་ལྡན་པའི་ནད་ལ་འགྱུར་དུ་འཇུག་བཞིན་ཡོད།

འབྱོར་ལྡན་ནད་ཀྱི་མཐོ་བ་གསུམ་གྱི་ནད་རྟགས།

མཐོ་བ་གསུམ་གྱི་སྐོར་ནི་མི་མང་པོ་ཞིག་ལ་མཚོན་ན་ཆ་རྒྱུས་མེད་པ་ཞིག་མིན་མོད། འོན་ཀྱང་མཐོ་བ་གསུམ་གྱི་ཉེན་ཁ་ལ་ང་ཚོས་སྣང་ཆུང་གཏན་ནས་བྱེད་མི་རུང་། མཐོ་བ་གསུམ་གྱི་ནད་རྟགས་ནི་ཁྲག་ཤེད་མཐོ་བ་དང་ཁྲག་མངར་མཐོ་བ། ཁྲག་ཚིལ་མཐོ་བ་ཡིན། ཕལ་ཆེར་སྣ་གཅིག་ཡོད་པ་ཡང་ཡོད་ལ་ཕན་ཚུན་འབྲེལ་བ་ཡང་ཡོད། དཔེར་ན་གཅིན་སྙི་ཟ་ཁུའི་ནད་པ་ལ་དུས་མཉམ་དུ་ཁྲག་ཤེད་མཐོ་བ་དང་ཁྲག་ཚིལ་མཐོ་བའི་ནད་རྟགས་འབྱུང་སླ། དེའི་མི་ཚད་ཁྲག་ཚིལ་མཐོ་བ་དེ་ནི་དབང་རྩ་འགག་པའམ་དེ་གྲུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། དབང་རྩ་འགག་པའི་ནད་པའི་ཁྲག་གི་དབང་རྩ་ལ་ལྡེམ་ཤུགས་ཞན་པ་དང་དེའི་ཁར་ཁྲག་ཤེད་གློ་བུར་དུ་ཇེ་མཐོར་འགྲོ་སྲིད། དེའི་རྐྱེན་གྱིས་རིམས་ནད་འདི་གསུམ་པོའི་ཁྲོད་ཀྱི་གང་རུང་ཞིག་བྱུང་པ་ན། གལ་ཏེ་སྔོན་འགོག་མ་བྱས་ཚེ་རྗེས་སུ་ཕལ་ཆེར་མཐོ་བ་གསུམ་གྱི་ནད་རྟགས་ལ་འགྱུར་བའི་ཉེན་ཁ་ཡོད།

ཏ་ཀཱང་ནི་མཐོ་བ་གསུམ་གྱི་ནད་རྟགས་ཡོད་པའི་དཔེར་མཚོན་ཞིག་ཡིན་ལ། ལོ་ན་ཆུང་དུས་རྒྱས་ཟ་རྒྱས་འཐུང་དང་བཟའ་བཏུང་ལ་ཆོས་ཉིད་མེད། དེའི་མི་ཚད་ལུས་པོ་སྦྱོང་བརྡར་ཡང་མི་བྱེད་པས། ལོ་བཞི་བཅུར་སླེབས་དུས་ལུས་པོ་རིམ་བཞིན་རྒྱགས་པོ་ཆགས། དུས་ངེས་མེད་དུ་ནམ་རྒྱུན་མགོ་ཡུ་འཁོར་བ་དང་མགོ་བོ་ན་བ། དུས་ཡུན་རིང་བོར་བདེ་ཐང་མིན་པའི་འཚོ་བའི་གོམས་གཤིས་ཀྱིས་ཁོ་རང་དར་མའི་དུས་ལ་སླེབས་དུས་ལུས་པོ་རྒྱུན་ལྡན་མིན་པའི་ཚོར་བ་ཞིག་སྟེར་སྲིད། སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་མཐར། ཏ་ཀཱང་གིས་ད་བཟོད་རང་ཉིད་ལ་མཐོ་བ་གསུམ་གྱི་ནད་ཕོགས་ཡོད་པ་ཤེས། མཐོ་བ་གསུམ་གྱི་ནད་རྟགས་དེས་ཏ་ཀཱང་གི་འཚོ་བ་དཀའ་ཁག་མི་ཉུང་བ་ཞིག་ལ་གཏད་པ་རེད།

མཐོ་བ་གསུམ་གྱི་ནད་རྟགས་བྱུང་བ་ན་ཚེ་གང་བོར་རྒྱས་ཟ་རྒྱས་འཐུང་བྱེད་རྒྱུ་བློ་ཡུལ་དུའང་དྲན་མི་རུང་། མཐོ་བ་གསུམ་གྱི་ནད་རྟགས་བྱུང་བ་ན་སྙིང་རྩ་འགག་པ་དང་ཀླད་རྩ་འགག་པའི་ནད་རྟགས་དུས་ངེས་མེད་དུ་འབྱུང་སྲིད་པས། ཚེ་སྲོག་ལ་ཉེན་ཁ་ཧ་ཅང་ཆེ་ངེས། མཐོ་བ་གསུམ་གྱི་ནད་རྟགས་ནི་མཚེ་གསུམ་གྱི་ཕུ་ནུ་ལྟར་གལ་ཏེ་མཐོ་བའི་ནད་རྟགས་རིགས་གཅིག་ཡོད་ན་དུས་ལྟར་སྔོན་འགོག་མ་བྱས་ཚེ་དེར་མཐུད་ནས་མཐོ་བའི་ནད་རྟགས་རིགས་གཉིས་པ་དང་གསུམ་པ་ཡང་འབྱུང་སླ། དོན་དངོས་ཐོག་ཁྲག་ཚིལ་མཐོ་བ་དང་ཁྲག་མངར་མཐོ་བ། ཁྲག་ཤེད་མཐོ་བ་གསུམ་གྱི་བར་དུ་འབྲེལ་བ་ཅི་ཞིག་ཡོད་དམ།

མཐོ་བ་ཚང་གི་མཚེ་གསུམ་ཕུ་ནུ་དག་མཉམ་འགྲོ་མཉམ་འདུག་བྱེད་རྒྱུར་དགའ་ལ། དེའི་མི་ཚད་ནམ་རྒྱུན་ཚོན་པོ་དག་གི་ལུས་སྟེང་དུ་འབྱུང་སྲིད། དེའི་རྒྱུ་རྐྱེན་མཐོ་བ་གསུམ་ཚང་མ་ཚབ་བརྗེས་ཕྱོགས་བསྡུས་ནད་རྟགས་ཀྱི་ཁོངས་སུ་གཏོགས་ཤིང་། ལུས་སྟེང་གི་གཤེར་མའི་ཕུང་རྩི་ཡི་འགོག་སྲུང་དང་འབྲེལ་བ་དམ་པོ་ཡོད། དེས་ན་གཤེར་མའི་ཕུང་རྩི་ཡི་འགོག་སྲུང་དེ་དོན་ངོ་མས་ཅི་ཞིག་ཡིན་ནམ། དེར་རྒྱུས་ལོན་བྱེད་འདོད་ན་ཐོག་མར་ལུས་སྟེང་གི་ནུས་ཁུངས་ཟད་གྲོན་གྱི་བརྒྱུད་རིམ་ལ་ཅིག་བལྟའོ།

ང་ཚོས་ལུས་པོ་ནི་བཟོ་གྲྭ་ཞིག་ཡིན་པའི་དབང་དུ་བཏང་ན། བཟོ་གྲྭ་དེ་འཁོར་སྐྱོད་བྱེད་པར་ནུས་ཁུངས་མང་པོ་ཞིག་མཚམས་མི་ཆད་པར་ཟད་གྲོན་དུ་གཏོང་དགོས་ལ། ནུས་ཁུངས་དེ་དག་ནི་ཟས་རིགས་ཁྲོད་བསྡུ་ལེན་བྱས་པ་ཡིན། གྲུ་ཁ་དེར་ནམ་རྒྱུན་ཉིན་རེ་རེར་ནུས་ཁུངས་ཀྱི་འཁོར་གྲུ་གསུམ་རེ་སླེབས་བཞིན་ཡོད། ནུས་ཁུངས་ཐོན་རྗེས་འགྲིམ་འགྲུལ་དྲ་རྒྱ་ལ་བརྟེན་ནས་སྡེ་ཁག་སོ་སོར་སྐྱེལ་འདྲེན་བྱ་དགོས། ནུས་ཁུངས་གཙོ་བོ་ཐཱན་ཆུ་འདྲེས་འགྱུར་རྫས་དེ་རྒུན་འབྲུམ་མངར་ཆ་ལ་ལས་སྣོན་རིགས་བཀར་བྱས་རྗེས། ད་བཟོད་འགྲིམ་འགྲུལ་དྲ་ཚིགས་སུ་ཐག་གཅོད་བྱ་རྒྱུར་སྒུག་ཡོད། ལུས་སྟེང་གི་འགྲིམ་འགྲིལ་དྲ་རྒྱ་ནི་ཁྲག་གི་འཁོར་རྒྱུག་མ་ལག་ཡིན་ལ། རྒུན་འབྲུམ་མངར་ཆ་ནི་ཁྲག་རྩིའི་ཁྲོད་ཀྱི་ཉེན་ཁ་ཆེ་བའི་ཐོན་རྫས་སུ་གཏོགས། དེའི་རྐྱེན་གྱིས་བཟོ་གྲྭས་ཆེད་དུ་གཤེར་ཕུངβཕྲ་ཕུང་འགོ་ཁྲིད་དང་། གཤེར་མའི་ཕུང་རྩི་ལས་བཟོ་པ་ཡིན་པའི་བདེ་སྲུང་སྡེ་ཁག་རྩ་འཛུགས་སྒོས་ཁྲག་རྩའི་ནང་གི་རྒུན་འབྲུམ་མངར་ཆའི་ལྷག་རོ་དེ་དག་ཐག་གཅོད་བྱེད་དགོས། ནམ་རྒྱུན་རྒུན་འབྲུམ་མངར་ཆ་ཇི་ལྟར་མང་ན་གཤེར་ཕུངβཡིས་གཤེར་མའི་ཕུང་རྩི་ཡི་ལས་ལས་བཟོ་པ་མང་པོ་མངགས་ནས་ལས་ཀ་བྱེད་དུ་འཇུག་བཞིན་ཡོད།

གཤེར་མའི་ཕུང་རྩི་ལ་བཀའ་ཡིག་འབྱོར་རྗེས། ཐོག་མར་རྒུན་འབྲུམ་མངར་ཆ་དེ་དག་ནུས་ཁུངས་རིམ་པ་དང་མཆིན་པའི་མངར་གསོག་མཛོད་དུ་སྐྱེལ་སྲིད། བང་མཛོད་བཀང་རྗེས་དེའི་འཕྲོར་ཚིལ་ཞག་ཕྲ་ཕུང་ཁྲོད་སྐྱེལ་ངེས། དེ་མིན་གཤེར་མའི་ཕུང་རྩི་ཡིས་ད་དུང་སྣུམ་བཙོ་བཟོ་གྲྭ་ལ་མཆིན་པའི་རྒུན་འབྲུམ་གྱི་མངར་ཆ་ཕྱེད་ཀ་ལས་སྣོན་བྱས་ཏེ་དམིགས་གསལ་སྣུམ་རྒྱུ་རུ་བཏང་ནས། ཀླད་ཆེན་དང་ཕྲ་ཕུང་སྐྱི་ལྤགས་ལ་མཁོ་འདོན་བྱས་ནས་བེད་སྤྱོད་བྱེད་དུ་འཇུག་ངེས། འདི་ལྟ་བུའི་དམིགས་གསལ་སྣུམ་རྒྱུའི་ཁྲོད་རིགས་གཅིག་ནི་གཙོ་བོ་མཁྲིས་རྒྱུ་གཤེར་རྩི་སྐྱེལ་འདྲེན་བྱེད་མཁན་ཡིན། སྟུག་ཚད་དམའ་བའི་ཚིལ་ཞག་སྤྲི་དཀརLDLལ་གཤེར་མའི་ཕུང་རྩི་དེ་ལས་མོད་པ་དང་དེ་ལས་བྱུང་བའི་ཐོན་ཚད་ཡང་ཧ་ཅང་མོད། ཚད་ལས་བརྒལ་བའི་སྟུག་ཚད་དམའ་བའི་ཚིལ་ཞག་སྤྲི་དཀརLDLཡིས་ཁྲག་གི་དབང་རྩ་ལ་གནོད་པ་ངེས་ཅན་ཞིག་ཐེབས་སྲིད། དེའི་རྐྱེན་གྱིས་མཆིན་པས་སྟུག་ཚད་མཐོ་པའི་ཚིལ་ཞག་སྤྲི་དཀརLDLལྟ་སྐུལ་བ་རུ་མངགས་ནས། ཁྲག་རྩའི་ཁྲོད་བེད་སྤྱོད་བྱས་ཚར་མེད་པའི་མཁྲིས་རྒྱུ་བཤེར་རྩི་ཕྱིར་མཆིན་པའི་ནང་བཀོལ་ནས་ཐག་གཅོད་བྱེད་ངེས།

རྒྱུན་ལྡན་གྱི་གནས་ཚུལ་འོག་སྟུག་ཚད་མཐོ་བའི་སྤྲི་དཀར་གྱིས་མཁྲིས་རྒྱུ་བཤེར་རྩི་ལྷག་མ་མཆིན་པའི་ནང་སྐྱེལ་བ་དང་དེའི་འཕྲོར་ལུས་པོའི་ཕྱིར་འདོན་ངེས། ཡིན་ཡང་རྒུན་འབྲུམ་མངར་ཆ་འབོར་ཆེན་ཐག་གཅོད་བྱེད་སྐབས་མཆིན་པར་ལས་བྲེལ་ཆེ་བས། ལྟ་སྐུལ་བ་ཡང་མངགས་ཐབས་བྲལ་པས། གཤེར་མའི་ཕུང་རྩི་ཇི་ལྟར་མཐོ་ན་སྟུག་ཚད་མཐོ་བའི་ཚིལ་འདུལ་སྤྲི་དཀར་དེ་ལྟར་ཉུང་ངེས།

སྟུག་ཚད་མཐོ་བའི་ཚིལ་འདུས་སྤྲི་དཀར་ལ་ཁྲག་རྩ་གཙང་སེལ་བྱེད་མཁན་ཡང་ཟེར་ཞིང་ཁྲག་རྩའི་མ་ལག་ལ་སྲུང་སྐྱོབ་ཀྱི་བྱེད་ནུས་ལྡན། སྟུག་ཚད་མཐོ་བའི་ཚིལ་འདུས་སྤྲི་དཀར་གྱིས་རྩ་བའི་ཆ་ནས་ཚིལ་རྒྱུའི་ཚབ་བརྗེས་དོ་མཉམ་དང་ཁྲག་རྡོག་ཆུང་ཆུང་མེད་པར་བཟོས་ནས། ཁྲག་རྩའི་འདྲེན་སྦུགས་ནང་ངོས་ལ་ཞིག་གསོ་བྱས་ཏེ། ཁྲག་རྩ་འགག་པ་སྔོན་འགོག་དང་སྨན་བཅོས་བྱེད་པ་རེད།

འཁོར་གྲུའི་དངོས་ཟོག་ཕོགས་ཚར་རྗེས་གཤེར་མའི་ཕུང་རྩིས་ངལ་གསོ་བྱས་ཡོད། སྐབས་དེར་མངར་ཆ་གསོག་འཇོག་ཁང་སོ་སོའི་ཐོག་མར་མཁོ་སྤྲོད་བྱེད་ངེས། ཟད་གྲོན་ཡོངས་སུ་ཚར་རྗེས་གསོག་འཇོག་གི་རིམ་པ་སོ་སོར་གནས་པའི་ཚིལ་ཞག་ཡང་གང་སར་རྒྱུགས་ནས། མཆིན་པས་མངགས་པའི་སྟུག་ཚད་མཐོ་བའི་ཚིལ་འདུས་སྤྲི་དཀརHDLཕྱིར་ཁྱེར་ནས་རྙིང་ཚབ་མཁོ་འདོན་བྱེད་སྲིད། གལ་ཏེ་འགུལ་སྐྱོད་ཀྱིས་མ་འདང་པ་དང་ནུས་ཁུངས་ཀྱི་ཟད་གྲོན་གྱི་མ་འདང་ཚེ། ནང་འདྲེན་གྲངས་འབོར་དུས་ཡུན་རིང་བོར་ཚད་བརྒལ་བྱུང་ཡོད་པས་གནད་དོན་རབས་དང་རིམ་པ་ཞིག་བྱུང་ངེས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།