མཚོ་སྔོན་ཞིང་ཆེན་རྒྱུགས་ལེན་ལྟེ་བའི་བློ་འདྲི་ཁ་པར་གྱི་སྣེ་ལེན་དུས་ཚོད་ལ་བཟོ་བཅོས་བརྒྱབ་པའི་བརྡ་སྦྱོར།

རང་རེའི་དྲ་བའི་འཕྲིན། དོ་དམ་བྱ་བ་སྔར་ལས་ཚད་ལྡན་དང་རྒྱུགས་ཞུགས་སློབ་མར་ཞབས་ཞུ་ལེགས་པོ་བྱ་ཆེད། མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས་ཀྱི་བློ་འདྲི་ཞབས་ཞུའི་ཁ་པར་ཨང་གྲངས0971-8258589དང0971-8258591གཏན་འཁེལ་བྱས་ཡོད།

བློ་འདྲིའི་ཁ་པར0971-8258589བརྒྱུད་ནས། གཞུང་ཞབས་པའི་རྒྱུགས་གཞི་དང་དོན་ལས་ལས་ཁུངས་ཀྱི་རྒྱུགས་གཞི། ཆེད་ལས་ལག་རྩལ་མི་སྣའི་དཔང་ཡིག་ལེན་པའི་རྒྱུགས་གཞི་དང་རྒྱུགས་གཞི་གཞན་དག་གི་མིང་ཐོ་འགོད་སྟངས་དང་རྒྱུགས་ལེན་འཛིན་ཡིག རྒྱུགས་ར་དང་སྐར་གྲངས་བསྐྱར་ཞིབ་སོགས་ཀྱི་འབྲེལ་ཡོད་གནད་དོན་རྒྱུས་ལོན་བྱས་ཆོག

བློ་འདྲིའི་ཁ་པར0971-8258591བརྒྱུད་ནས། ཆེད་ལས་ལག་རྩལ་མི་སྣའི་དཔང་ཡིག་སྤྲོད་པ་དང་དཔང་ཡིག་གསབ་སྒྲུབ་སོགས་ཀྱི་འབྲེལ་ཡོད་གནད་དོན་རྒྱུས་ལོན་བྱས་ཆོག

བློ་འདྲི་ཞབས་ཞུའི་ཁ་པར་སྣེ་ལེན་དུས་ཚོད། ལས་སྒྲུབ་ཉིན་གྱི་སྔ་དྲོའི་ཆུ་ཚོད08:40ནས11:50དང་། ཕྱི་དྲོའི་ཆུ་ཚོད14:40ནས17:50བཀོད་སྒྲིག་བྱས་ཡོད་ཅིང་། དུས་ཚོད་དེ་དག་ལས་ཡོལ་ཚེ་ཁ་པར་སྣེ་ལེན་བྱེད་མཁན་མེད། རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་རྣམས་ཀྱིས་གཏན་འཁེལ་བྱས་པའི་དུས་ཚོད་ནང་བློ་འདྲི་བྱས་ཏེ་རམ་འདེགས་བྱེད་པར་ཐུགས་རྗེ་ཆེ་ཞུ།

མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས།

2021ལོའི་ཟླ3པའི་ཚེས19ཉིན།

ལོ་ཙཱ་པ། ལྷ་ཆེན་རྒྱལ།