ཡོངས་འཛིན་ཆ་འཕྲིན་ལྟེ་གནས་ཀྱིས་ལས་བྱེད་མི་སྣ་བསྡུ་བའི་བརྡ་ཐོ།

རང་རེའི་དྲ་བའི་འཕྲིན། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལྟེ་གནས་ཀྱིས་ཡོངས་འཛིན་འཚོལ་བཤེར་མ་ལག་གི་གཞི་གྲངས་ཐོན་ཁུངས་སྔར་ལས་ཕུན་སུམ་ཇེ་ཚོགས་དང་། འཚོལ་བཤེར་གྱི་ནུས་པ་དང་ཡང་དག་རང་བཞིན་ཇེ་མཐོར་གཏོང་བ། གཞི་གྲངས་འཛུགས་མཁན་གྱི་འཇོན་མིའི་འགན་སྲུང་ལ་ཤུགས་སྣོན་བཅས་བྱ་ཆེད་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་ལས་བྱེད་མི་སྣ4བསྡུ་རྒྱུ་རེད།

གཅིག ཆ་རྐྱེན།

1.ཆབ་སྲིད་ཀྱི་ཀུན་སྤྱོད་དང་ལས་རིགས་ཀྱི་བྱ་སྤྱོད་ལེགས་པོ་ལྡན་དགོས།

2.རྩ་འཛུགས་ཀྱི་བཀོད་སྒྲིག་ལ་ཉན་ཞིང་། སྒྲིག་ཁྲིམས་བརྩི་སྲུང་དང་ལས་འགན་ནན་གྱིས་ལག་བསྟར་བྱ་དགོས།

3.ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཞིབ་འཇུག་སློབ་མའི་བསླབ་གནས་དང་། བོད་སྐད་ཡིག་གི་འབྲེལ་ཡོད་ཆེད་ལས་ལྡན་དགོས།

4.རྩོམ་སྒྲིག་གི་ནུས་པ་ཅུང་ལྡན་ཞིང་ཧི་མ་ལ་ཡའི་ཡི་གེ་གཏགས་ཐབས་ལ་བྱང་ཆ་ལྡན་དགོས།

གཉིས། མིང་ཐོ་འགོད་པའི་དུས་ཚོད་དང་བླང་བྱ།

1.མིང་ཐོ་འགོད་པའི་དུས་ཚོད། 2021ལོའི་ཟླ3པའི་ཚེས18ནས26བར་ཡིན།

2.སྒེར་གྱི་ངོ་སྤྲོད་མདོར་བསྡུས་དང་མཐར་ཕྱིན་འཛིན་ཡིག བསླབ་གནས་དཔང་ཡིག ཐོབ་ཐང་ལག་འཁྱེར་བཅས་ཀྱི་མ་ཡིག་དང་བསྐྱར་དཔར་རེ་རེ་གྲ་སྒྲིག་བྱ་དགོས།

3.མིང་ཐོ་འགོད་སའི་ས་གནས། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས།

གསུམ། གསོལ་ཐང་།

1.ཚོད་ལྟའི་དུས་ཡུན་ཟླ་གཅིག་འགོར་རྗེས་ལས་ཞུགས་གན་རྒྱ་ཉུང་མཐའ་ཡང་ལོ་གཅིག་ལ་འཇོག་དགོས། དེ་ནས་སྒེར་གྱི་བྱ་བའི་ལས་ཆོད་ལ་གཞིགས་ནས་མུ་མཐུད་དུ་གན་རྒྱ་བཞག་ཆོག

2.ཟླ་ཕོགས་ལས་ཁུངས་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཟ་མ་དང་སྡོད་གནས་རང་གིས་འགན་དུ་འཁུར་དགོས།

བཞི། འབྲེལ་གཏུག་བྱ་ཡུལ།

འབྲེལ་གཏུག་མི་སྣ། སྨན་བླ་ཐར།

འབྲེལ་གཏུག་ཨང་གྲངས། 0974-8532667

ལས་ཁུངས་ཀྱི་སྡོད་གནས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་མཁར་བྱང་གསར་ཁུལ་གྱི་མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས།


ལོ་ཙཱ་པ། ལྷ་ཆེན་རྒྱལ།