མཚོ་སྔོན་གྱི་སྐབས་བརྗེ་འདེམས་བསྐོའི་བྱ་བ་ཞུ་གཏུགས་བྱེད་སྟངས།

རང་རེའི་དྲ་བའི་འཕྲིན། གྲོང་ཁྱེར་དང་རྫོང་ཡུལ་ཚོ་བཅས་ཀྱི་སྐབས་བརྗེ་འདེམས་བསྐོ་བྱ་བ་དྲང་བདེན་དང་གོ་རིམ་ལྡན་པའི་ངང་བསྒྲུབ་པར་ཁག་ཐེག་ཡོང་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་སྐབས་བརྗེ་འདེམས་བསྐོའི“གཏན་འགོག་བཅུ”ཞེས་པའི་སྒྲིག་ལམ་གཟབ་ནན་སྒོས་ལག་བསྟར་བྱས་ཏེ། སྒྲིག་འགལ་གྱི་སྐབས་བརྗེ་འདེམས་བསྐོའི་གནད་དོན་གཟབ་ནན་སྒོས་ཞིབ་བཤེར་བྱ་རྒྱུ་དང་། གསུག་དངུལ་སྤྲད་ནས་འདེམས་ཤོག་འཐེན་པ་དང་དཔོན་གནས་ཉོ་འཚོང་བྱེད་པ། དཔོན་གནས་སློང་བ། དཔོན་པོར་ངོ་སྤྲོད་བྱེད་པ་སོགས་ཀྱི་གནད་དོན་མཐོང་ཐོས་བྱུང་ཚེ། དུས་ལྟར་གོང་རིམ་རྩ་འཛུགས་ལ་སྙན་ཞུ་བྱེད་པའམ་འཕྲིན་ཡིག་ལམ་ནས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ལ་ཡར་ཞུ་བྱ་དགོས།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞུ་གཏུགས་ཁ་པར་ཨང་གྲངས། (0971)12388

ཞུ་གཏུགས་དྲ་ཚིགས། http://qinghai.12388.gov.cn

ས་གནས། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་བདུན་གཅིག་ལམ་གྱི་ཨང་རྟགས348པ།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཞུ་གཏུགས་ཁ་པར་ཨང་གྲངས། (0971)12380

ཞུ་གཏུགས་དྲ་ཚིགས། http://www.qh12380.gov.cn

ལག་ཁྱེར་ཁ་པར་གྱི་འཕྲིན་ཡིག་ལམ་ནས་ཞུ་གཏུགས་བྱེད་སའི་ཨང་གྲངས། 13909712380

ས་གནས། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་བདུན་གཅིག་ལམ་གྱི་ཨང་རྟགས346པ།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ།

2021ལོའི་ཟླ3པའི་ཚེས14ཉིན།

ལོ་ཙཱ་པ། ལྷ་ཆེན་རྒྱལ།