ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སྐུལ་སློང་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས10ཉིན་གྱི་ཕྱི་དྲོ། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སྐུལ་སློང་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་སྐུལ་སློང་གྲོས་ཚོགས་ལ་ཞུགས་པར་བསྐྱར་ཞིབ་དང་མཚོ་སྔོན་འཐུས་ཚབ་ཚོགས་པས་གྲོས་མོལ་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གཞིར་བཟུང་ནས་ཐིན་ཡོངས་ཀྱིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པར་སྐུལ་སློང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུའུ་ཚུན་ལི་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་།

ཡུའུ་ཚུན་ལི་ཡིས་བསྟན་དོན། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་རྒྱུ་དེ་ནི་ད་ལྟ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ཆབ་སྲིད་བྱ་བའི་འགན་ཁུར་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་ནི་ཏང་གི་ཆབ་སྲིད་ལས་ཁུངས་དང་ལག་བསྟར་ལས་ཁུངས། ཞིང་ཆེན་ཏང་ཨུའི་ཕྱོགས་བསྡུས་ལས་ཁུངས་ཞིག་ཡིན་པའི་ཆ་ནས། ཚད་མཐོན་པོའི་སྒོ་ནས་ཆབ་སྲིད་ཀྱི་རང་རྟོག་དམ་འཛིན་ངང་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་དམ་འཛིན་དང་། སློབ་སྦྱོང་གི་སློབ་གསོ་དང་ཞིབ་འཇུག་གཏིང་ཟབ་སད་རྟོག་གི་སྣེ་ཁྲིད་བསམ་བློར་ཟུང་འབྲེལ། དམིགས་འབེན་དང་རེ་འདུན་ཟུང་འབྲེལ། ཞབས་ཞུ་ལྟེ་བར་འཛིན་པའི་མཇུག་འབྲས་ལ་ཟུང་འབྲེལ་སྒོས་གཏམ་བཤད་སྦྱོང་རྒྱུ་དང་བསམ་བློར་སད་རྟོགས་ཐུབ་པའི་ངང་ལག་བསྟར་དངོས་འབེབས་དམ་འཛིན་སྒོས་མདུན་བསྐྱོད་ཐུབ་པའི་ལེའུ་གསར་པ་ཞིག་འབྲི་བཞེངས་བྱ་དགོས།

ཡུའུ་ཚུན་ལི་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་ནི་ཞིང་ཆེན་ཏང་ཨུའི་མདུན་གྱི་སོ་སྲུང་དང་རྒྱབ་ཀྱི་ར་སྐོར་བརྟན་སྲུང་བྱེད་མཁན་ཞིག་ཡིན་པའི་ཆ་ནས། གྲུབ་འབྲས་རིམ་སྒྱུར་གྱི་དོ་སྣང་ལ་སྐུལ་འདེད་དང་ཞབས་ཞུའི་འགན་སྒྲུབ་ལ་དོ་སྣང་སྒོས་ལག་བསྟར་དངོས་འབེབས་དམ་འཛིན་བྱས། ཤུགས་དྲག་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་། སེམས་ནས་འགན་འཁྲི་མི་འབོར་བ་དང་འགན་འཁྲི་ཕྲག་ཏུ་ཁུར་ཏེ། བྱ་སྤྱོད་ཐད་འགན་འཁྲི་ལག་བསྟར་བྱ་དགོས། གོམ་གང་མདུན་སྤོས་ཀྱིས་འགན་འཁྲི་དང་ལེན་དང་གཅིག་གྱུར་ཟུང་འབྲེལ་གྱིས་ལས་བརྩོན་མངོན་འབྲས་སྨིན་པ་བྱ་དགོས་ལ། དོན་དངོས་ཐོག་ཏང་གི་ལས་དོན་བྱ་བའི་གྲུབ་འབྲས་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་གསར་སྐྲུན་བྱ་དགོས།

ཡུའུ་ཚུན་ལི་ཡིས་ཀྲུང་དབྱང་གི“འཕེལ་རྒྱས་དྲུག་གི”བཀོད་སྒྲིག་གལ་ཆེན་གཞིར་བཟུང་སྟེ། སྤུས་ཚད་མཐོན་པོའི་སྒོ་ནས་ཞིང་ཆེན་ཏང་ཨུ་ཡིས་བཏོན་པའི“ཆེད་སྤྱོད་ལས་གཞི་དྲུག”སོགས་གཏན་འབེབས་མཐོན་པོར་སྒྲུབ་པ། ཚད་གཞི་མཐོན་པོའི་ཇུས་འགོད་ལག་བསྟར་དངོས་འབེབས་ཀྱིས་གཞུང་སྒྲུབ་ཁང་གི་གཏན་འབེབས་བྱས་པའི་ལོ་བརྒྱ་ཅན་དྲུག་གི་རང་འདེམས་ལས་འགུལ་སྒྲུབ་དགོས། ཏན་ཏན་ཏིག་ཏིག་ངང་ཏང་གི་ལོ་རྒྱུས་ལོ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱ་བ་ལེགས་པོར་སྤེལ་ཏེ། ཏང་བཙུགས་ནས་ལོ་འཁོར100ལོན་པར་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་རྟེན་འབྲེལ་ཞུ་དགོས་པའི་རེ་བ་བཏོན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།