མཚོ་སྔོན་གྱིས་ལས་ཁག་བཞི་བཙུགས་ཏེ་ཀྲུང་ཧྭའི་ཆུ་མཛོད་བསྲུང་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་པ་ལྟར་ན། གཙང་གསུམ་འགོ་ཁུངས་དང་ཀྲུང་ཧྭའི་ཆུ་མཛོད་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་ཤར་རྒྱུད་གྲུབ་ཚུལ་དེང་རབས་ཆུ་ཡི་དྲ་བ་དང་ནུབ་རྒྱུད་སྤུས་ལེགས་ཐོན་ཁུངས་སྒྲིག་གཞི། མཚོ་སྐོར་མ་ལག་བཅོས་སྐྱོང་ལ་ཤུགས་སྣོན་པ། འགོ་ཁུངས་སྤུས་ལེགས་སྲུང་སྐྱོབ་སྐྱེ་ཁམས། སྐྱེ་ཁམས་བྱེད་ནུས་ས་ཁུལ། ཙོང་ཁའི་གྲོག་རོང་། ཚྭ་འདམ་གཞོངས་ས། མཚོ་སྔོན་པོ་བསྐོར་བའི་ས་ཁུལ་བཅས་ལས་ཁག་མི་འདྲ་བ་བཞི་རུ་དབྱེ་ནས། སྤུས་ལེགས་ཕན་ཚུན་ཁ་གསབ་དང་ཁྱབ་ཁོངས་མཉམ་སྐྱོད་ཀྱིས་གོམ་གང་མདུན་སྤོས་ངང་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་བྱས།

●ཆུ་བོའི་འགོ་ཁུངས་ཀྱི་སྐྱེ་ཁམས་བྱེད་ནུས་ས་ཁུལ་གཙོ་བོ། འགོ་ཁུངས་ཀྱི་འགན་འཁྲི་དང་ལེན་གྱིས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པ། མངའ་ཁོངས་གང་དེའི་རི་ཆུ་ནགས་ཞིང་། མཚེའུ་དང་རྩྭ་ཐང་གི་ལས་འཕྲོའི་ཐུན་མོང་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྔོན་འགོག་སྲུང་སྐྱོབ་དང་རང་བྱུང་སླར་གསོ་གཙོ་བོ་ཡིན་པའི་བྱེད་ཐབས་ཀྱིས་ཆུའི་སྐྱེ་ཁམས་ཀྱི་བར་སྟོང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། མིའི་རིགས་ཀྱི་བྱེད་སྒོ་ཚོད་འཛིན་ངང་དགོས་ངེས་སྐབས་སུ་ཆུར་གནས་སྲུང་སྐྱོབ་དང་སླར་གསོའི་རིམ་པ་སྐོར་ཞིག་ལག་བསྟར་བྱས། ཆུའི་འགོ་ཁུངས་ཀྱི་གསོ་སྐྱོང་བཟོ་སྐྲུན་གལ་ཆེན་གྱིས་ས་ཆུ་ཤོར་བའི་འགོག་ཟོན་ལ་ཤུགས་སྣོན་དང་ཆུའི་འགོ་ཁུངས་ཀྱི་འཚོ་བཅུད་གསོ་སྐྱོང་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་རེད།

●ཙོང་ཆུའི་གྲོག་རོང་ནས་དེང་རབས་ཆུའི་དྲ་རྒྱ་འཛུགས་སྐྲུན་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས། སྤྱི་ཚོགས་དཔལ་འབྱོར་ལ་སྐུལ་འདེད་སྒོས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་བཏང་། ཆུའི་གྲོན་ཆུང་གི་སྤུས་ལེགས་གཙོ་བོར་ཤུགས་བསྣན་ནས་ཡུར་འདྲེན་ས་ཁུལ་འབྲིང་རིམ་དང་ཆུ་ལ་གྲོན་ཆུང་བྱེད་པའི་བཅོས་སྐྱོང་རྨང་གཞི་ལག་བསྟར་བྱེད་པའི་སྐབས་སུ། ཙོང་ཆུའི་བྱང་རྒྱུད་ཡུར་ཆུའི་དབུལ་སྐྱོར་ཡུར་འདྲེན་དུས་རིམ་གཉིས་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་། ཙོང་ཆུ་ནུབ་ཏུ་འདྲེན་པའི་ཡུར་བ་སོགས་བཟོ་སྐྲུན་གལ་ཆེན་གྱིས་རྨ་ཆུ་ནང་འདྲེན་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ཆུ་བེད་བཟོ་སྐྲུན་འགོ་ཚུགས་པའི་བཟོ་སྐྲུན་སྤེལ་རྒྱུ། དེ་མིན་མངའ་ཁོངས་གང་དེའི་ཆུ་འགོ་ཆེ་མ་ཆུང་གསུམ་ཚང་མའི་སྒྲིག་ཆས་བཟོ་སྐྲུན་གྱིས་འགོ་ཁུངས་མང་པོར་ཕན་ཚུན་ཁ་གསབ་སྒྲིག་གཞིའི་ཐད་ལ་ནུས་ཤུགས་གང་ཡོད་བཏོན་ཞིང་། མཁར་གྲོང་གཅིག་གྱུར་འཆར་འགོད་དང་གནད་འཁེལ་སྙོམས་སྒྲིག་ཚོད་འཛིན་གྱིས་འཕྲེད་གསུམ་གཞུང་གཉིས་ཡན་ལག་མང་པོའི་ཙོང་ཁའི་འབབ་ཁོངས་ཀྱི་དེང་རབས་ཆུ་བོའི་དྲ་རྒྱ་གྲུབ། འདམ་ཆུ་བཞུར་བའི་བཅོས་སྐྱོང་ལ་ཤུགས་སྣོན་ངང་མངའ་ཁོངས་ཀྱི་ཆུ་འདོན་བདེ་འཇགས་མཐོར་འདེགས་དང་ཆུ་ལོག་སྔོན་འགོག་བདེ་འཇགས་ཀྱིས་ཙོང་ཆུའི་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་བཏང་།

●ཚྭ་འདམ་གཤོང་ནས་གཙོ་བོ་ལེན་ཀི་ལི་ཆུ་བོ་དང་ཞི་ཅིས་འགག ཤངས་སྡེ་སོགས་ཀྱི་ཆུ་འགོ་གཙོ་གྲས་དང་དེའི་སྒྲིག་ཆས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཆུ་བོ་ནང་འདྲེན་བྱེད་པའི་སྔོན་འགྲོའི་ཞིབ་འཇུག་བྱ་བའི་སྐུལ་འདེད་གཏོང་ཚད་ཇེ་མགྱོགས་སུ་བཏང་ནས། སྒྲིག་གཞི་ལུགས་མཐུན་དང་ཆུ་འདྲེན་ཟུང་འབྲེལ། འགོ་ཁུངས་མང་པོར་ཕན་ཚུན་ཁ་གསབ། སྐམ་བརླན་སྙོམས་སྒྲིག དཔལ་འབྱོར་ལུགས་མཐུན། འཕྲེད་གསུམ་གཞུང་གསུམ་བཅས་ཀྱི་ཆུའི་ཐོན་ཁུངས་སྒྲིག་འཛུགས་མ་ལག་སྒྲིག་འཛུགས་སྒོས་ཆུའི་ཐོན་ཁུངས་ཀྱི་འཁུར་འདེགས་ནུས་པའི་ཕན་འབྲས་མཐོར་འདེགས་སུ་བཏང་ཡོད།

●མཚོ་སྔོན་པོའི་མཐའ་འཁོར་ས་ཁུ་གྱི་མ་ལག་བཅོས་སྐྱོང་གི་གཙོ་གནད་ལ་ཤུགས་བསྣན་ནས། མངའ་ཁོངས་ཀྱི་ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་བཏང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་རེ་འདུན་དང་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཁོངས་བར་སྟོང་གསར་སྤེལ་བྱེད་ནུས་གཏན་ཁེལ་གཞིར་བཟུང་ནས། ཆུ་འགོའི་གསོ་སྤེལ་ཚད་ལེན་གྱིས་ཆུར་གནས་སྐྱེ་ཁམས་བར་སྟོང་ཁྱབ་ཁོངས་སུ་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་བྱ་བར་ཤུགས་སྣོན་བྱས་ཏེ། རི་ཆུ་ནགས་ཞིང་། མཚེའུ་དང་རྩྭ་ཐང་གི་མ་ལག་ལ་མུ་མཐུད་དུ་བཅོས་སྐྱོང་བྱས། གསེར་ཆེན་གཞོང་ས་དང་དེའི་མཐའ་འཁོར་ཆུའི་ཐོན་ཁུངས་ཀྱི་སྒྲིག་གཞིའི་བཟོ་སྐྲུན་ལ་སྐུལ་འདེད་བཏང་ནས། རྩྭ་ས་ཞན་འགྱུར་དང་བྱེ་འགྱུར་སྔོན་འགོག རྩྭ་ཕྱུགས་དོ་མཉམ་ལ་སྐུལ་འདེད་བཅས་ཀྱི་སྒོ་ནས་སྐྱེ་ཁམས་ཡུལ་སྐོར་ལ་རྒྱབ་རྟེན་བཅོལ་ནས་དེང་རབས་ཕྱུགས་ལས་འཕེལ་རྒྱས་ཀྱི་དཔེར་སྟོན་ས་ཁུལ་འཛུགས་སྐྲུན་བྱས་ཏེ་གཙང་སེལ་ནུས་ཁུངས་ཀྱི་ལུགས་མཐུན་རང་བཞིན་གསར་སྤེལ་སྔོག་འདོན་བྱ་རྒྱུ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།