2021ལོའི་མཚོ་སྔོན་གུང་གཞོན་ཚོགས་པས་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་དེ་ལམ་ལུགས་ཅན་དང་རྒྱུན་ལྡན་ཅན་དི་གཏང་ཆེད། ཧུར་བརྩོན་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱས། ཟླ3པའི་ཚེས5ཉིན་རྒྱལ་ཡོངས་སྐབས58པའི་ལའེ་ཧྥུན་གྱི་རྗེས་དྲན་ཉིན་མོ་དང་བསྟུན་ནས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་ན་གཞོན་དང་བླངས་མཁན་མཐུན་ཚོགས་ཀྱིས་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་དུ“ལའེ་ཧྥུན་གྱི་སྙིང་སྟོབས་རྒྱུན་འཛིན་དང་། ཏང་བཙུགས་ནས་ལོ་འཁོར100ལོན་པར་དགའ་བསུ་བྱེད”ཞེས་པ་བརྗོད་དོན་ཡིན་པའི“3·5”ཡི་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་ཞིང་ཆེན་རིམ་པའི་དཔེར་སྟོན་བྱ་འགུལ་སྤེལ།

བྱ་འགུལ་གྱི་སྐབས་སུ་ན་གཞོན་དང་བླངས་པ་ཚོས་མང་ཚོགས་ཀྱི་དང་ལེན་དང་དང་ལེན་བྱེད་སླ་བའི་བྱེད་ཐབས་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ལ་ཞིང་ཆེན་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། རང་རྒྱལ་འཕེལ་རྒྱས་གསར་པའི་དུས་རིམ་དུ་ཞུགས་པ་གསོན་ཉམས་ལྡན་པའི་ངང་ནས་རྒྱས་བཤད་བྱས། འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་མཐར་ཕྱིན་དུ་སྤེལ་ནས་འཕེལ་རྒྱས་གསར་པའི་སྒྲིག་གཞི་གསར་འཛུགས་ཐད་ལ་དོན་སྙིང་གལ་ཆེན་བསྐྲུན། མཚོ་སྔོན་གསར་པའི་འཛུགས་སྐྲུན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དེ་གཅིག་བསྡུས་ཀྱིས་མངོན་དུ་བཅུག་ཡོད་ལ། 2035ལོའི་རྒྱང་རིང་དམིགས་འབེན་དང་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་ཀྱི་མཚོ་སྔོན་ས་ཆའི་འཕེལ་རྒྱས་ཐད་ལ་བསམ་བློའི་མཛུབ་སྟོན་བྱས་ནས། དམིགས་འབེན་གཙོ་བོ་དང་གཙོ་གནད་འགན་འཁྲི་ལ་དབྱེ་ཞིབ་གསལ་བོ་བྱས།

བྱ་འགུལ་གྱི་ཡུལ་དངོས་སུ་རྒྱ་ཆེའི་ན་གཞོན་དང་བླངས་པ་རྣམས་ཀྱིས་དང་བླངས་ཞབས་ཞུའི་བྱ་འགུལ་མང་པོ་ཞིག་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་རོགས་རམ་དུ་བསྒྱུར། བཅའ་ཁྲིམས་དང་བླངས་ཞབས་ཞུའི་རུ་ཁག་གིས་ཧུར་ཐག་སྒོས་མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱ་དང་ན་གཞོན་དག་གི་ཁྲིམས་འགལ་ནག་ཉེས་ཀྱི་རྒྱུན་མཐོང་དཔེ་གཞི་འཆད་ཁྲིད། བཅའ་ཁྲིམས་ལག་དེབ་ཆུང་ཆུང་འགྲེམས་སྤེལ་སོགས་དང་བླངས་ཞབས་ཞུ་དང་དྲིལ་སྒྲོག་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ཡུལ་དངོས་ལྟད་མོ་པ་དག་ལ་གློག་འཕྲིན་དང་དངུལ་རྩའི་བསླུ་བྲིད་འགོག་སྲུང་སོགས་ཀྱི་ཤེས་བྱ་ཡང་དྲིལ་སྒྲོག་བྱས། སྨན་བཅོས་དང་བླངས་ཞབས་ཞུའི་རུ་ཁག་གིས་ཡུལ་དངོས་མང་ཚོགས་ལ་བརྩེ་སེམས་སྨན་བཅོས་མཁོ་སྤྲོད་བྱས་ཤིང་། བདེ་ཐང་ལ་བརྟག་དཔྱད་བཏང་ནས་བདེ་ཐང་གི་བཟའ་བཏུང་ལ་མཛུབ་སྟོན་བྱས། སྐྱེ་ཁམས་ཁོར་སྲུང་དང་བླངས་ཞབས་ཞུའི་རུ་ཁག་གིས་གད་སྙིགས་རིགས་བཀར་ཉུང་འཕྲིའི་ཤེས་བྱ་དྲིལ་སྒྲོག་སོགས་ན་གཞོན་དང་བླངས་གི་ཞབས་ཞུའི་བྱ་འགུལ་སྤེལ། རིག་གནས་དང་བླངས་ཞབས་ཞུའི་རུ་ཁག་གིས་ཡུལ་དངོས་མང་ཚོགས་ལ་ངོ་མཚར་ཡིད་དུ་འོངས་བའི་རིག་རྩལ་འཁྲབ་སྟོན་བྱས། བྱ་འགུལ་སྐབས་སུ་ཁྱོན་བསྡོམས་པས་རིགས་མི་འདྲ་བའི་དྲིལ་སྒྲོག་དཔྱད་གཞིའི་ཡིག་ཆ5000ལྷག་བཀྲམ་པ་དང་འཚོ་བའི་ཡོ་བྱད་མི་འདྲ་བ3000 མི500ལ་རིན་མེད་སྨན་བཅོས་བྱས།

ཉིན་དེར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8གྱི་རྫོང་དང་ཆུས45ཡིས་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།