ཚོགས་ཆེན་གཉིས་ཀྱི་མཐོང་སྣེ།

རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཤ་བོ་སྒྲོལ་མ་དང་ཁུང་ཆིན་ཅིས་གཉིས་ཀྱིས་ཡུལ་དངོས་སུ་ནན་ཏན་སྒོས་བསམ་བློ་བརྗེ་རེས་བྱེད་བཞིན་པ།

ཨུ་ཡོན་ཀྲང་ཀྲོའུ་ཕེན་གྱིས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་ལས་མི་དམངས་སྲིད་གྲོས་ཚགས་པར་གྱི་གསར་འགོད་པའི་བཅའ་འདྲི་དང་ལེན་བྱེད་བཞིན་པ།

ཟླ3པའི་ཚེས6ཉིན། རྒྱལ་ཡོངས་སྐབས་བཅུ་གསུམ་པའི་དམངས་འཐུས་གྲོས་ཚོགས་ཐེངས་བཞི་པར་ཞུགས་མཁན་མཚོ་སྔོན་འཐུས་ཚབ་ཚོགས་པས་འཐུས་མི་ཡོངས་ཀྱི་གྲོས་ཚོགས་བསྡུས་ནས། སྲིད་གཞུང་བྱ་བའི་སྙན་ཞུ་ལ་མུ་མཐུད་དུ་གྲོས་ཞིབ་བྱས་ཤིང་། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་དང2035ལོའི་རྒྱང་རིང་གི་དམིགས་འབེན་རྩ་དོན་གྱི་མ་ཟིན་ལ་ཞིབ་བཤེར་བྱས། རང་ཞིང་གི་རྒྱལ་ཡོངས་མི་དམངས་འཐུས་མི་མེང་ཧའེ་ཡིས་ཡུལ་དངོས་བརྙན་ཡོལ་བརྒྱུད་དེ་བསམ་འཆར་བཏོན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།