རང་ཞིང་གིས་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའི་སྐུལ་འདེད་དཔྱད་འདེམས་བྱ་བ་སྤེལ་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ནས་རྒྱུས་ལོན་པ་ལྟར་ན། 《ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་གཞུང་སྒྲུབ་ཐིན་གྱིས2021ལོའི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་བཟོ་པའི་སྔོན་ཐོན་དཔྱད་འདེམས་འོས་སྦྱོར་གྱི་བརྡ་སྦྱོར》གཞིར་བཟུང་ནས། རང་ཞིང་གི2021ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་གཟེངས་རྟགས། རྒྱལ་ཡོངས་བཟོ་པ་སྔོན་ཐོན་པ་འོས་སྦྱོར་དཔྱད་འདེམས་ཀྱི་བྱ་བ་སྤེལ་འགོ་བརྩམས།

རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའི་ཁོངས་སུ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་འདུས་ལ། ད་ལོ་རྒྱལ་ཡོངས་གཟེངས་བསྟོད་ཀྱིས་རྒྱུན་ལྡན་གཟེངས་བསྟོད་དང་འགྲན་སྡུར་གཟེངས་བསྟོད་ཀྱི་བྱེད་ཐབས་གཉིས་བཏོན་ཡོད། རྒྱུན་ལྡན་གཟེངས་བསྟོད་ཀྱིས་ཉེ་བའི་ལོ་འདི་དག་རིང་གི་གཞི་ཁྱོན་དང་བྱེད་ཐབས་རྒྱུན་བསྲིངས་ནས། རང་ཞིང་གི་དཔྱད་འདེམས་འོས་སྦྱོར་བྱུང་བའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ2དང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས10 རྒྱལ་ཡོངས་ལས་བཟོ་པ་སྔོན་ཐོན་ཅན11བཅས་སོ་སོར་བགོ་རྒྱུ་རེད། འགྲན་སྡུར་གཟེངས་བསྟོད་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་སྣེ་ཁྲིད་རང་བཞིན་ལྡན་པའི་ངལ་རྩོལ་དང་རྩལ་ནུས་འགྲན་སྡུར་ཁྲོད་འབུར་དུ་ཐོན་་པའི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་ཡིན་ལ། རང་ཞིང་གི་འགྲན་སྡུར་གཟེངས་བསྟོད་ཁ་གྲངས་ལ་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ2དང་རྒྱལ་ཡོངས་ལྔ་གཅིག་གཟེངས་རྟགས3 རྒྱལ་ཡོངས་ལས་བཟོ་པའི་སྔོན་ཐོན་ཅན3ལ་བགོས་ནས་སྤྲོད་རྒྱུ་ཡིན་པ་རེད།

རྒྱལ་ཡོངས་སྔོན་ཐོན་བཟོ་པའི་རྟགས་ཅན་གྱི་སྔོན་ཐོན་ཐོན་ཐུན་མོང་གིས་གཙོ་བོ་མཚོ་སྔོན་མཐོ་སྒང་བཟོ་པའི་སྔོན་ཐོན་རྟགས་ཅན་ཁྲོད་འོས་སྦྱོར་བྱས་ཤིང་། ཁེ་ལས་འཛིན་གྲྭ་དང་རྩ་འཛུགས70%ལས་ཉུང་མི་ཆོག་ལ། གཞུང་སྒེར་མ་ཡིན་པའི་ཁེ་ལས་དང་དེ་མིན་བཟོ་པ་དག་གིས་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ། རྒྱལ་ཡོངས་བཟོ་པའི་སྔོན་ཐོན་རྟགས་ཅན་ཁྲོད་ཀྱི་སྡུར་ཚད་སོགས་ཆ་སྙོམས་སྒོས35%ལས་དམའ་མི་རུང་། དམིགས་གསལ་འོས་སྦྱོར་མཁན་ནི་བཟོ་སྐྲུན་སྙིང་སྟོབས་ཀྱི་རྩལ་ནུས་མཐོན་པོ་ལྡན་པའི་འཇོན་ཐང་ཅན་དང་ཕུལ་བྱུང་ལག་རྩལ་བཟོ་པ་ཡིན་ལ། ངལ་རྩོལ་དང་རྩལ་ནུས་འགྲན་སྡུར་ཁྲོད་འབུར་དུ་ཐོན་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་བཟོ་པ་འོས་སྦྱོར་བྱ་རྒྱུ་གཙོ་བོར་འཛིན་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།