དམངས་སྲིད་སྡེ་ཁག་གིས་བྱེད་ཐབས་མང་པོ་བཏོན་ནས་རྒན་པའི་འཚོ་བར་སྔར་ལས་སྟབས་བདེ་བསྐྲུན་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྒན་པ་ཚོས་འདྲི་རྟོག་བྱ་རྒྱུའི་ཁ་པར་ལ་ཉན་པ་དང་ཡུལ་བསྐྱུར་ལོ་ལོན་ཁེར་འདུག་ལ་འཚམས་འདྲི་བྱེད་དུ་འགྲོ་བ། རྒན་པར་དམིགས་གསལ་སྒོས་རོགས་སྒྲུབ་ཞབས་ཞུའི་འགྲོ་ལུགས་སྒྲུབ་རྒྱུ་སོགས་འདུས་ཡོད། ཟླ3པའི་ཚེས4ཉིན། ཞིང་ཆེན་དམངས་སྲིད་ཐིན་ནས་འབྱོར་བའི་གནས་ཚུལ། དེ་ཡང་རང་ཞིང་གིས་རིག་ནུས་ལག་རྩལ་བེད་སྤྱད་དེ་ལོ་ལོན་དག་གི་དཀའ་ཁག་ཐག་གཅོད་བྱེད་པའི་སྐོར་གྱི་འབྲེལ་ཡོད་བརྡ་སྦྱོར་བཀྲམ་པ་ནས་བཟུང་། རང་ཞིང་གི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་བྱེད་ཐབས་མང་པོ་བཏོན་ནས། ལྷག་བསམ་རྣམ་དག་གིས་རྒན་པར་སྔར་ལས་འཐུས་ཚང་དང་སྔར་ལས་སེམས་ཁུར། སྔར་ལས་སྟབས་བདེ་ཅན་གྱི་ཞབས་ཞུ་མཁོ་སྤྲོད་བྱས་ཡོད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀོད་སྒྲིག་དང་ཟུང་འབྲེལ་སྒོས་དུས་སྔོན་མའི་བྱ་བའི་རྨང་གཞིའི་སྟེང་། རང་ཞིང་གི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་མཁར་གྲོང་གཞིས་ཁུལ་གྱི་སྣེ་ཁྲིད་ལ་རྩ་འཛུགས་བྱས། ལས་ཁུངས་དང་རིམ་པ་སོ་སོའི་སྤྱི་ཚོགས་སྟེང་གི་སྟོབས་ཤུགས་གཞིས་ཁུལ་དུ་སྐྱེལ་བ་དང་ཁྱིམ་ཚང་དུ་སྐྱེལ་བ། ས་བབ་ཡུལ་བསྟུན་གྱིས་རིམས་འགོག་ཚོད་འཛིན་ཁྲོད་ཀྱི་ཡུལ་སྡོད་རྒན་རྒོན་རྣམས་ལ་སྒོ་ཁར་སོང་ནས་ཞབས་ཞུ་མཁོ་སྤྲོད་བྱས་ཤིང་། གཞི་རྩའི་འཚོ་བའི་དགོས་མཁོ་ཡང་བསྐངས། རྒན་གསོ་ཞབས་ཞུའི་ལས་རིགས་ཀྱི་སྐུད་ལམ་དོན་གཅོད་རྩད་གཅོད་དག་ཐེར་བྱ་བ་ལེགས་པོར་སྤེལ། ལོ་ལོན་དག་འགན་སྲུང་དམའ་བའི་ཁྲོད་ཞུགས་པའི་རེ་འདུན་སྙན་ཞུ་དང་གནས་སྐབས་རོགས་སྐྱོར། ལོ་ན་མཐོ་བའི་ཁ་གསབ་སོགས་དོན་ཚན་གཞིར་བཟུང་སྟེ་དམིགས་གསལ་སྣེ་ལེན་དང་སྐུད་ལམ་རོགས་སྒྲུབ་འགྲོ་ལུགས་སྒྲུབ། དེ་ཡང་འགྲོ་འདུག་སྟབས་བདེ་མིན་པའི་ལོ་ལོན་དག་ལ་གཞིས་ཁུལ་གྱི་ལས་བྱེད་མི་སྣ་ཁྱིམ་དུ་འོངས་ནས་ཞབས་ཞུ་སྒྲུབ་པ་ལག་བསྟར་དང་ཡང་ན་གཉེན་ཉེ་ལ་ཞབས་ཞུ་ཚབ་སྒྲུབ་བྱེད་དུ་བཅུག་ཤིང་། ལས་བྱེད་མི་སྣ་དང་གཉེན་ཉེ་བརྒྱུད་དེ་ཁ་པར་སྟེང་ནས་རིག་གནས་འགྲོ་ལུགས་དག་ལ་ཞིབ་བཤེར་བྱས།

ཟི་ལིང་གྲོང་ཁྱེར་རྒན་གསོ་ཞབས་ཞུའི་འབོད་བརྡའི་སྟེགས་བུས་ཁ་པར་བརྒྱུད་དེ་དཀའ་ཁག་ཆེ་བའི་ལོ་ལོན་ཁེར་འདུག་མི་གྲངས1600ལ་ཐུགས་ཁུར་འཚམས་འདྲི་ལེགས་འགྲུབ་བྱུང་། ལོ་ལོན་བརྡ་འཕྲིན་ཅན་དང་རིག་ནུས་གསབ་སྦྱོང་འཛིན་གྲྭ། སྐད་འཕྲིན་བེད་སྤྱོད་བྱེད་ཚུལ་ཁྲིད་པ། གཤེར་རིས་ལས་སྒོར་མོ་སྤྲོད་པ། གློག་འཕྲིན་གྱི་མགོ་སྐོར་སྔོན་འགོག་བྱེད་པ་སོགས་ཀྱི་འབྲེལ་ཡོད་སློབ་ཁྲིད་གསབ་སྦྱོང་བྱས། ཟི་ལིང་གྲོང་ཁྱེར་གྱི་གཞིས་སྡོད་དང་གཞིས་ཁུལ་རྒན་གསོའི་ཞབས་ཞུའི་འགྲོ་ལུགས་ཆུང་ཆུང་ཇུས་འགོད་གསར་སྤེལ་བྱས་ཏེ། ལོ་ལོན་མི་གྲངས2400ཡིས་འགྲོ་ལུགས་ཆུང་ཆུང་གི་གཉེན་ཆས་དེར་སློབ་སྦྱོང་བྱེད་པ་ལེགས་འགྲུབ་བྱུང་པ་དང་གཞིས་སྡོད་ཞབས་ཞུ་སྔོན་ལ་འབོད་པ་དང་ཚོང་ཐོ་འབྲི་པ། དཔྱད་བརྗོད་སོགས་ཀྱི་བྱ་བ་སྤེལ། རྒན་གསོ་ཞབས་ཞུའི་ལས་ཁུངས་དག་གིས་ལོ་ལོན་དག་ལ་རིག་ནུས་ཁ་པར་སློབ་སྦྱོང་བྱེད་རྒྱུར་རོགས་རམ་དང་བརྡ་འཕྲིན་སྟེགས་བུ་བེད་སྤྱོད་སོགས་ལག་རྩལ་གསར་པ་དེ་དག་བཀོལ་མི་ཤེས་པ་དང་བཀོལ་མི་ཕོད་པའི་དཀའ་ཁག་ཁྱད་གསོད་བྱས། མཚོ་ཤར་གྲོང་ཁྱེར་གྱིས་མིའི་རྩོལ་བའི་ཞབས་ཞུའི་སྐུད་ལམ་གཅིག་གྱུར་ཤར་གཏོང་བྱས་ཏེ། ལོ་ལོན་དག་ལ་སྲིད་ཇུས་འགྲེལ་བརྗོད། སྒྲིག་ཆས་དང་ཞབས་ཞུ་འཚོལ་བཤེར་སོགས་བྱས་ཏེ་ཁྱོན་བསྡོམས་པས་མི་གྲངས4596ལྷག་གི་ཁ་པར་ལ་ཉན་པ་རེད།

ཞིང་ཆེན་དམངས་སྲིད་ཐིན་གྱིས་ད་རུང་ཀུན་ཕན་སྙིང་རྗེ་སྨན་ཁང་གི་ཁ་པར་དང་དྲ་རྒྱ། ཡུལ་དངོས་སོགས་ལ་ཐོ་འགོད་བྱེད་པའི་ཐད་ལ་མཛུབ་སྟོན་བྱས་པ་དང་། ཁྱིམ་མི་དང་གཉེན་ཉེ་སོགས་ཀྱིས་ལོ་ལོན་གྱི་ཚབ་ཏུ་ཐོ་འགོད་བྱེད་ཚུལ་ཡང་བཙུགས་ཡོད། བསྡུར་ཚད་ངེས་ཅན་ལྡན་པའི་ཡུལ་དངོས་ཐོ་འགོད་ཐོན་ཁུངས་མཁོ་སྤྲོད་བྱས་ནས་ཐོ་འགོད་ཨང་གྲངས་འཇོག་པ་དང་རིན་དངུལ་སྤྲོད་པ། རྫས་བཤེར་བརྟག་དཔྱད་མཇུག་འབྲས་པར་འདེབས་སོགས་མིས་རྩོལ་བའི་ཞབས་ཞུའི་སྒེའུ་ཁུང་མཁོ་སྤྲོད་བྱས་ཡོད། དེ་དང་ཆབས་ཅིག སྒྲིག་ཆས་དང་མཛུབ་སྟོན་སྨན་པ། དང་བླངས་པ། སྤྱི་ཚོགས་འགན་སྲུང་ལས་བཟོ་པ་སོགས་ཀྱིས་ཡུལ་དངོས་ནས་ལོ་ལོན་དག་ལ་སྨན་བཅོས་མཛུབ་སྟོན་ཞབས་ཞུ་མཁོ་སྤྲོད་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།