མཚོ་སྔོན་ཞིང་ཆེན་གྱི2021ལོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་གཞོགས་འདེགས་མི་སྣ(གཞུང་ཞབས་པ)བསྡུ་བའི་བརྡ་སྦྱོར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས》དང་།《མི་དམངས་ཁྲིམས་ཁང་གི་རྩ་འཛུགས་བཅའ་ཁྲིམས》《མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས》《གཞུང་ཞབས་པ་བསྡུ་བའི་གཏན་འབེབས》《མཚོ་སྔོན་ཞིང་ཆེན་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་གཞོགས་འདེགས་མི་སྣ་བསྡུ་ལེན་བྱ་ཐབས》དང་དེ་བཞིན་རང་ཞིང་གི་གཞུང་ཞབས་པ་བསྡུ་བའི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་གྱི2021ལོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན། དེ་བཞིན་རིམ་པ་དེ་མཚུངས་ཀྱི་ཁྲིམས་འཛིན་གཞོགས་འདེགས་མི་སྣའི(གཞུང་ཞབས་པ)བསྡུ་བའི་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།

(གཅིག)རྒྱུགས་བསྡུའི་མི་གྲངས། 2021ལོའི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་རིམ་པ་དང་པོའི་ཀྲུའུ་རེན་ཁའོ་ཡོན་དང་དེའི་མན་གྱི་། ད་དུང་རིམ་པ་དེ་མཚུངས་ཀྱི་ཁྲིམས་འཛིན་གཞོགས་འདེགས་མི་སྣ(གཞུང་ཞབས་པ)62བསྡུ་རྒྱུ་རེད། རྒྱུགས་བསྡུའི་ལས་གནས་འཆར་གཞི་ཞིབ་ཕྲ་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་རྒྱའི(www.qhpta.com)སྟེང་གཟིགས་རོགས།

(གཉིས)རྒྱུགས་བསྡུའི་གོ་རིམ།

རྒྱུགསབསྡུའི་གོ་རིམ་ནི་མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར་བྱེད་པ། ཡིག་རྒྱུགས་ལེན་པ། ཐོབ་ཐང་བསྐྱར་ཞིབ་བྱེད་པ། ཁ་རྒྱུགས་ལེན་པ། ལུས་པོར་བརྟག་དཔྱད། ཞིབ་བཤེར་ཆོག་མཆན་འགོད་པ་དང་བསྡུ་བ་སོགས་ཀྱི་གོ་རིམ་ལྟར་རིམ་པ་བཞིན་བསྒྲུབ་དགོས།

གཉིས།མིང་ཐོ་འགོད་པའི་དུས་ཚོད།

2021ལོའི་ཟླ3པའི་ཚེས5ཉིན་གྱི་ཆུ་ཚོད9:00ནས་ཟླ3པའི་ཚེས9ཉིན་གྱི་ཆུ་ཚོད18:00བར། གྲོན་དངུལ་འཇལ་བའི་དུས་ཚོད།

2021ལོའི་ཟླ3པའི་ཚེས5ཉིན་གྱི་ཆུ་ཚོད9:00ནས་ཟླ3པའི་ཚེས11ཉིན་གྱི་ཆུ་ཚོད23:30བར།

ཡིག་རྒྱུགས་ལེན་པའི་དུས་ཚོད། 2021ལོའི་ཟླ3པའི་ཚེས27ཉིན་ཡིན།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།

མཚོ་སྔོན་ཞིང་ཆེན་གཞུང་ཞབས་པ་ཅུའུ།

2021ལོའི་ཟླ3པའི་ཚེས4ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།