ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཡིག་ཆ།

མཚོ་སྔོན་ཞིང་ཆེན་གྱི2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ།

———2021ལོའི་ཟླ1པོའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།

ཞིང་ཆེན་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར། མཚོ་སྔོན་ཞིང་ཆེན་གྱི2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གྲོས་ཞིབ་གནང་བར་ཕུལ་བ་དང་། སྲིད་གྲོས་ཨུ་ཡོན་ལྷན་རྒྱས་དང་ཟུར་ཞུགས་བློ་མཐུན་རྣམ་པས་ཀྱང་བསམ་འཆར་གནང་རོགས་ཞུ།

གཅིག 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ།

2020ལོ་ནི་རང་ཞིང་གི་འཕེལ་རྒྱས་གོ་རིམ་ཁྲོད་ཀྱི་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན། རྒྱལ་ཁབ་ཕྱི་ནང་གི་སྣེ་མང་སྙོག་འཛིང་ལྡན་པའི་གནས་བབ་དང་། ལྷག་པར་དུ་པྲོག་གསར་གློ་ཚད་ཀྱི་རྡབ་རྡེག་ཚབས་ཆེན་ལ་གདོང་གཏད་དེ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་མཐིལ་ཕྱིན་བྱས་ཤིང་། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་དང། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱི་ལྟ་སྐུལ་དང་རྒྱབ་སྐྱོར་འོག་ཏུ། ཞིང་ཆེན་གྱི་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་ཞིབ་བཤེར་ཆོག་མཆན་ཐོབ་པའི་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་། 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་སྟེང་གྲོས་ཞིབ་གནང་སྟེ་ཆོག་མཆན་ཐོབ་པའི་2020ལོའི་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱ་བའི་ལས་འགན་དང“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རྩ་གནད་ལས་དམིགས་འབེན་ཁག་ཅིག་གི་སྙན་ཞུ་བཅས་ལག་བསྟར་ནན་མོ་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་འཆར་དོན་འཁྱོལ་དང་། རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་སྐུལ་སྤེལ་བྱས་ཤིང་། “བརྟན་འཇགས་དྲུག”གི་བྱ་བ་ཏན་ཏིག་གིས་ལེགས་པར་བསྒྲུབས་པ་དང“འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དེ་བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ཁྲོད་ཇེ་ལེགས་སུ་ཕྱིན་ཡོད། ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར1.5%འཕར་བ་དང་། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དམིགས་འབེན་ལས་འགན་དུས་ཐོག་ཏུ་མངོན་འགྱུར་བྱས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གཡུལ་འཐབ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་གསར་བ་བདེ་བླག་ངང་མགོ་རྩོམ་པར་རྨང་གཞི་བརྟན་པོ་བཏིངས།

(གཅིག) རིམས་བབ་འགོག་སྡོམ་ལ་ནུས་ཤུགས་ལྡན་ཞིང་ཕན་འབྲས་ཆེ་བ་སྟེ། ཀུན་གྱི་སྔ་བ་བྱས་ནས་ནད་པ་གཙང་སེལ་བྱས། མི་དམངས་གཙིགས་སུ་འཛིན་པ་དང་ཚེ་སྲོག་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་འཚུབ་ཟློག་རིམ་པ་དང་པོ་མྱུར་དུ་ལག་བསྟར་བྱས་ཤིང་། རིམ་པ་ལྔ་ཡི་འགོག་སྡོམ་མ་ལག་བཙུགས་པ་དང་། “སྔ་བ་བཞིའི”བྱེད་ཐབས་དང“གཅིག་བསྡུས་བཞི”དོན་འཁྱོལ་ནན་མོ་བྱས་ཏེ། སྨན་བཅོས་ཀྱི་ཐོན་ཁུངས་ལེགས་པོ་བསྡུ་རུབ་བྱས་ཤིང་ནུས་ཤུགས་ཡོད་རྒུས་ཚན་རིག་དང་མཐུན་པར་སྲོག་སྐྱོབ་སྨན་བཅོས་བྱས། ངོས་འཛིན་བྱས་པའི་ནད་པ18པོ་ཚང་མ་ཟླ་གཅིག་གི་ནང་དུ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ལས་བུད། ཟླ་གཉིས་ཀྱི་ནང་དུ་རྒྱུན་ལྡན་རང་བཞིན་གྱི་འགོག་སྡོམ་རིམ་པར་སྒྱུར་བ་དང་། རྒྱལ་ཡོངས་ཀྱི་སྔོན་མ་བྱས་ཏེ་རིམས་ནད་དང་། འབྲེལ་ཐུག་དམ་ཟབ་བྱུང་མཁན་ལོགས་སུ་བཀག་ནས་ལྟ་ཞིབ་བྱེད་པ། རིམས་གནས་སུ་དུག་སེལ་བྱེད་པ། གཙོ་གནད་འགོག་སྡོམ་ཁུལ་དང་གཙོ་གནད་མ་ཡིན་པའི་འགོག་སྡོམ་ཁུལ་བཅས་གཙང་སེལ་བྱས་པ་སྟེ“གཙང་སེལ་ལྔ”མངོན་འགྱུར་བྱས་ཤིང་། ཉེན་ཁ་ཆུང་བའི་ས་ཁུལ་གྱི་འགན་འཁྲི་ཁག་འཁུར་གྱིས་རྒྱལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་སྤྱི་ཡོངས་ལ་བྱས་རྗེས་བཞག རིམས་འགོག་དངོས་རྫས་ཀྱི་དགོས་མཁོར་འགན་སྲུང་གང་ལེགས་བྱས་ཏེ། བསྡོམས་པས་ཁ་ཐུམ་ཁྲི4894ཐོན་སྐྱེད་བྱས་པ་དང་། དུག་སེལ་གཤེར་ཁུ་དང་སྨན་བཀོལ་ཆང་བཅུད་ཏུན་སྟོང་ལ་ཉེ་བ་མཁོ་སྤྲོད་བྱས། འཇོན་ཐང་ཅན་གྱི་སྨན་བཅོས་སྟོབས་ཤུགས་དང་དངོས་རྫས་རྩ་ཆེན་གཅིག་བསྡུས་བྱས་ཏེ་ཧུའུ་པའེ་ཡི་རིམས་འགོག་ལ་རོགས་སྐྱོར་བྱས་པ་དང་། སྨན་བཅོས་སྲོག་སྐྱོབ་དང་ནག་གཡོག་ལས་འགན་ཡོངས་སུ་ལེགས་འགྲུབ་བྱས་པས། རྒྱལ་ཁབ་དང་ཧུའུ་པའེ་ཞིང་ཆེན་གྱིས་གདེང་འཇོག་གང་ལེགས་གནང་། “ཕྱི་ནས་ནང་ལ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་ལོག་རྒྱག་པ་འགོག་པའི”བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱས་ཤིང་། འཚུབ་ཟློག་འགོག་སྡོམ་གྱི་རིམ་པ་ནས་རྒྱུན་ལྡན་ཅན་གྱི་འགོག་སྡོམ་རིམ་པར་སྒྱུར་བར་སྐུལ་འདེད་དང་། མཉམ་འགོག་མཉམ་སྡོམ་དང་མང་འགོག་མང་སྡོམ་རྒྱུན་འཁྱོངས་བྱས། ཉེན་ཁ་མཐོ་འབྲིང་ས་ཁུལ་ལ་དམ་དུ་དམིགས་ནས། གཙོ་གནད་མི་ཚོགས་དང་ལྷུ་ཚིགས་གལ་ཆེན་གྱི་འགོག་སྡོམ་ཇེ་དྲག་ཏུ་བཏང་བ་དང་། སྟོན་དགུན་གྱི་འགོག་སྡོམ་འགན་འཁྲི་སྔར་བས་ནན་དཀྲི་བྱས་ཤིང་། ནང་འདྲེན་བྱས་པའི་འཁྱག་སྦྲེལ་ཟས་རིགས་ཀྱི་ཁུངས་འདེད་པ་མངོན་འགྱུར་བྱས་ཏེ། གསར་དུ་ངོས་འཛིན་བྱས་པའི་ས་གནས་ཀྱི་ནད་པ་གཅིག་ཀྱང་མ་བྱུང་བར། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱས།

(གཉིས) ལས་ཐོན་བསྐྱར་ཚུགས་བྱས་པ་མགྱོགས་ཤིང་གནད་དུ་ཁེལ་ལ། རྒྱལ་ཡོངས་ཀྱི་མདུན་གྲས་སུ་སྐྱོད་ཡོད། རིམས་བབ་ཀྱི་འཕེལ་རིམ་ལ་ཚན་རིག་དང་མཐུན་པར་ཞིབ་འཇུག་དང་བརྡར་ཤ་བཅད་དེ། “དྲུག་ཅན་གཉིས”ཀྱི་དམིགས་འབེན་སྔ་མོ་ནས་བཏོན་ཏེ། ཕྱོགས་གཉིས་ནས་གཡུལ་འཐབ་དང་ཕྱོགས་གཉིས་ཀྱི་སྟོབས་ཤུགས་བཏོན་པ་དང་། རྒྱུན་ལྡན་ལས་བརྒལ་བའི་བྱེད་ཐབས་ལ་བརྟེན་ནས་འགོར་འགྱངས་བྱས་པའི་དུས་ཚོད་ཁ་གསབ་བྱས། རྒྱལ་ཡོངས་ཀྱི་སྔོན་མ་བྱས་ཏེ་ལས་ཀ་དང་ཐོན་སྐྱེད། ཁྲོམ་ར། སློབ་གྲྭ་བཅས་སླར་གསོ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་རྟོག་ཞིབ་ཚན་ཆུང་གིས“སྔ་བ། ཚང་བ། དག་པ། གསལ་བ། བདེན་པ། མགྱོགས་པ།”ཞེས་པའི་གདེང་འཇོག་ཚད་མཐོན་པོ་གནང་། གནད་ཁེལ་ཇུས་བསྟར་སྒོས་ཁེ་ལས་ཀྱི་དཀའ་ཁག་སེལ་བ་རྒྱུན་འཁྱོངས་དང་། “འགན་སྲུང་དྲུག”དམ་འཛིན་དང“བརྟན་འཇགས་དྲུག”ལ་སྐུལ་སྤེལ་བྱེད་པའི་བྱེད་ཐབས་མང་པོ་བཏོན་ནས། ལས་ཐོན་བསྐྱར་ཚུགས་ཀྱི་སྲིད་ཇུས་དང་བྱེད་ཐབས27དང་ཁ་གསབ་གཏན་འབེབས22བཟོས་ཤིང་། དུས་ལྟར་ནོར་ཁྲལ་དང་དངུལ་རྩ། དབུལ་སྐྱོར། ལས་ཞུགས་སོགས་ཀྱི་ཆ་སྒྲིག་སྲིད་ཇུས་སྐོར་ཞིག་ལག་བསྟར་བྱས་ཏེ། ཁྲོམ་རའི་བྱེད་པོའི་ཁུར་བོ་སྒོར་དུང་ཕྱུར85ཇེ་ཡང་ཏུ་བཏང་། འབེན་ལ་དམིགས་ཏེ་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ནས། ཁྲོམ་རའི་བྱེད་པོའི་རིམས་འགོག་དཀའ་བ་དང་། སྒོ་ཕྱེ་དཀའ་བ། སྒོ་ཕྱེས་རྗེས་ལྷག་ཏུ་དཀའ་བའི་གནད་དོན་ལ་དམིགས་ནས། ཆེད་སྦྲེལ་ཁ་པར་དང་ཆེད་དྲ། ཆེད་སྤྱོད་འཕྲིན་སྟེགས། ཆེད་འཁོར། ཆེད་སྤྱོད་ཡིད་རྟོན་བདེ་ཐང་བཤེར་རིས་བཅས་སྒྲིག་བཀོད་བྱས་ཏེ། “ཆེད་སྤྱོད་ལྔའི”ཞབས་ཕྱི་མ་ལག་མགྱོགས་མྱུར་གྱིས་བསྐྲུན་ཅིང་། རེ་ཞུ་བྱས་པའི་དོན་དག་ཁྲི1.3བསྒྲུབས་ཚར། “གཅིག་བསྡུས་བཞི”ཡི་ཞབས་ཕྱིའི་རྣམ་པ་གསར་དུ་བསྐྲུན་ནས། ལས་ཐོན་བསྐྱར་ཚུགས་སྲིད་ཇུས་དོན་ཐོག་ཏུ་འབབ་པའི་ཚོགས་འདུ་བསྡུས་པ་དང་། ལས་གཞི་གལ་ཆེན་ལ་གཅིག་བསྡུས་ཀྱིས་ཆོག་མཆན་འགོད་པ་དང་མིང་རྟགས་འགོད་པའི་བྱ་འགུལ་སྤེལ། “དངུལ་བསྡུ་ཆེད་སྤྱོད་དངུལ་བུན”ལས་སྒོ་སྤེལ་ཏེ། ལས་གཞི་གལ་ཆེན111ལ་གཅིག་བསྡུས་ཀྱིས་ཞིབ་བཤེར་ཆོག་མཆན་གནང་བ་དང་། གཅིག་བསྡུས་ཀྱིས་ཡིད་རྟོན་དབུལ་བུན་གྱི་གྲོས་ཆིངས44ལ་མིང་རྟགས་བཀོད་ཅིང་། མིང་རྟགས་བཀོད་པའི་དངུལ་གྲངས་སྒོར་དུང་ཕྱུར563ལ་སླེབས་ཡོད། སྲིད་ཇུས་རབ་དང་རིམ་པའི“མཉམ་སྡེབ་ཁུ་ཚུར་གྱི”གཞོགས་འདེགས་སྐུལ་འདེད་བྱས་འོག རང་ཞིང་གི་ལས་ཀ་དང་ཐོན་སྐྱེད་སླར་གསོ་མཚོན་གྲངས་རྒྱལ་ཡོངས་ཀྱི་སྔོན་དུ་སྐྱོད་ཡོད་ལ། ཁྲོམ་རའི་བྱེད་པོ་སྣ་ཚོགས་འཕར་སྣོན་བྱུང་སྟེ། བསྡོམས་རྩིས་བྱས་ན་ཚོང་གཉེར་ཁང་ཁྲི49.8ལ་སླེབས་ཤིང11.6%འཕར་ཡོད།

(གསུམ) ཐོན་ལས་འཕེལ་རྒྱས་རིམ་གྱིས་བརྟན་པོར་གྱུར་བ་དང་། སླར་གསོའི་གོམས་སྟབས་ཇེ་མགྱོགས་སུ་ཕྱིན། རིམས་བབ་ཀྱིས་ཐོན་ལས་མི་འདྲ་བར་ཐེབས་པའི་ཤུགས་རྐྱེན་ལ་དམིགས་ནས། ཐོན་ལས་མི་འདྲ་བ་དང་དུས་སྐབས་མི་འདྲ་བར་དམིགས་ནས་སྲིད་ཇུས་ལག་ཏུ་བསྟར་བ་རྒྱུན་འཁྱོངས་སྒོས། ཐོན་ལས་བརྟན་པོས་དཔལ་འབྱོར་བརྟན་པོ་ཡོང་བར་འདེགས་སྐྱོར་བྱས། ཞིང་ལས་ཀྱི་རྨང་གཞིའི་གོ་གནས་སྲ་བརྟན་ཡིན་ལ། སྔོན་རྩིས་ལྟར་ན4.5%ཡས་མས་འཕར་ཡོད། འབྲུ་རིགས་བཏབ་པའི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི435ཡིན་ལ། སྤྱིའི་ཐོན་ཚད་བསྟུད་མར་ལོ13ལ་ཏུན་ཁྲི100ཡན་ལ་སླེབས་ཡོད་པ་དང་། ས་གནས་ཀྱི་འབྲུ་རིགས་གསོག་ཉར་གྱི་གཞི་ཁྱོན་ཏུན་ཁྲི51ལ་སླེབས་པས། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱས་ཡོད། “ཚོད་སླེ”ཐོན་སྐྱེད་ཀྱི་མཁོ་སྤྲོད་བརྟན་པོ་ཡིན་ལ། སྔོ་ཚལ་གྱི་ཐོན་ཚད་ཏུན་ཁྲི150.9ལ་སླེབས་པ་དང་། ནོར་ལུག་ཁྲི963གསོ་ཁ་ལས་བུད་པ་དང། གསོ་ཕག་གི་ཐོན་སྐྱེད་སླར་གསོའི་གོམས་སྟབས་ཇེ་མགྱོགས་སུ་བཏང་ནས་གསོ་ཕག་ཁྲི45གསོ་ཁ་ལས་བུད། བཟོ་ལས་ཁྱབ་ཁོངས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་མཉམ་དུ་འཕེལ་རྒྱས་གཏོང་བ་ལག་བསྟར་བྱས་ཏེ། གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱིས་ལས་མགོ་བརྩམས་ཚད 99.8%ལ་སླེབས་ཡོད་པ་དང་། གོང་འོག་འབྲེལ་མཐུད་བྱས་པ་སྒོར་དུང་ཕྱུར283.5ཡིན་ལ། ཐོན་སྐྱེད་དང་ཕྱིར་འཚོང་གི་བསྡུར་ཚད 97.9%ལ་སླེབས་ཡོད། བཟོ་ལས་ཀྱིས་གློག་བཀོལ་ཚད་དང་ལྕགས་ལམ་གྱིས་ཟོང་འགྲུལ་གྱི་ཚད་སོ་སོར 2.9%དང 7.2% འཕར་ཡོད་ལ། བཟོ་ལས་གཞི་རྩའི་ཆ་ནས་བརྟན་བརླིང་ཡིན། འཕར་གནས་གསར་བ་མགྱོགས་མྱུར་གྱིས་ཆགས་པ་དང་། དུས་རབས་ཀྱི་ནུས་ཁུངས་གསར་བའི་སྒུལ་ཤུགས་དང་གསོག་ནུས་ལིས་ལྡན་གློག་རྫས་སྐབས་གཉིས་པ་དང་པིས་ཡ་ཏིསPACKཐོན་སྐྱེད་བྱེད་ས་བཙུགས་ནས་ཐོན་སྐྱེད་བྱེད་བཞིན་ཡོད། ཀྲུང་ཧུའུ་ཧྲིན་ཡུན་ཐཱན་ཚི་སྣའི་ཐོན་སྐྱེད་སྒྲུབ་རིམ་ཚོད་ལྟ་བྱས་ཏེ་ལེགས་འགྲུབ་བྱུང་། ཞབས་ཕྱིའི་ལས་རིགས་བརྟན་པོའི་ངང་སླར་གསོ་བྱུང་བ་དང་། མར་འབབ་པའི་ཚད་དུས་ཚིགས་རེ་རེ་བཞིན་ཇེ་ཆུང་དུ་སོང་བ་དང་། ལོ་ཧྲིལ་བོར0.1%འཕར་ཏེ་ལྡོག་མ་ནས་དངོས་མར་བསྒྱུར་ཐུབ་ཡོད། ཆ་འཕྲིན་སྐྱེལ་བ་སོགས་ཁེ་གཉེར་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་མགྱོགས་མྱུར་གྱིས་འཕར་བ་དང་། གློག་འཕྲིན་དང་སྦྲག་སྲིད་ཀྱི་ལས་སྒོའི་གྲངས་ཚད 29. 9%དང19.2% འཕར། འགྲིམ་འགྲུལ་གྱི་འགྲུལ་བ་སྐྱེལ་ཚད་མར་འབབ་པ་བསྟུད་མར་ཇེ་ཆུང་དུ་ཕྱིན་པ་དང་། ཚོང་ཟོག་འཁོར་རྒྱུགས་བྱས་ཚད4.3%འཕར། གྲོང་གསེབ་ཡུལ་སྐོར་དང་སྒེར་འཁོར་ཡུལ་སྐོར། སྐྱེ་ཁམས་ཡུལ་སྐོར་སོགས་ལས་རྣམ་གསར་བས་ཡུལ་སྐོར་ལས་རིགས་བསྐྱར་འཕར་འབྱུང་བར་སྣེ་ཁྲིད་བྱས་ཡོད། ཏུང་ཐའེ་ཅི་ནེར་མཚེའུ་སོགས་མཛེས་ལྗོངས་ནི་དྲ་གྲགས་ཆེ་བའི་གནས་སུ་གྱུར་ཡོད་པ་དང་། ཨ་མྱེས་སྟོང་སོ་ཡུལ་སྐོར་ལྗོངས་གནས་ནི་རྒྱལ་ཁབ་ཀྱིA5རིམ་པའི་ལྗོངས་ཁུལ་དུ་བསྐྲུན་ཡོད་ལ། རྐང་ཚ་རྫོང་ནི་རྒྱལ་ཡོངས་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་ཁྲོད་དུ་བདམས་ཡོད།

(བཞི) གསར་དར་འགུལ་ནུས་མགྱོགས་མྱུར་གྱིས་གསོ་སྐྱོང་བྱས་ཏེ། སྣེ་ཁྲིད་ཀྱི་ནུས་པ་མངོན་པར་གསལ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཤིང་། འགྲན་རྩོད་ཀྱི་དགེ་མཚན་གསར་བ་མགྱོགས་མྱུར་གྱིས་གྲུབ་ཡོད། དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་སྤེལ་བྱས་ཏེ། མཚོ་ནུབ་དང་མཚོ་ལྷོའི་སྟོང་ཝ་བྱེ་བ་ཅན་གྱི་དྭངས་གཙང་ནུས་ཁུངས་རྟེན་གཞི་གཉིས་ཐོག་མའི་ཆ་ནས་བཙུགས་པ་དང་། དྭངས་གཙང་ནུས་ཁུངས་སྒྲིག་སྦྱོར་བྱས་པའི་བསྡུར་ཚད90.2%ཡིན་པས། རྒྱལ་ཡོངས་ཀྱི་ནུས་ཁུངས་གསར་བ་སྒྲིག་སྦྱོར་བྱས་པའི་བསྡུར་ཚད་ཆེས་མཐོ་བ་དང་གཅིག་བསྡུས་རྣམ་པའི་འོད་ནུས་གློག་འདོན་ཚད་ཆེས་ཆེ་བའི་ཞིང་ཆེན་ཡིན། འཛམ་གླིང་གི་བསྡུར་ཚད་མཐོ་བའི་དྭངས་གཙང་ནུས་ཁུངས་ཏེ་ཆེས་མཐོ་གནོན་གློག་གཏོང་བརྒྱུད་ལམ་ཆེན་མོ་ཐོག་མ・མཚོ་སྔོན་དང་ཧོ་ནན་ཐད་རྒྱུག་ལས་གྲྭ་ཆ་སྣེ་མཐོ་གྲས་འཁོར་སྐྱོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཕྱི་རུ་གློག་གཏོང་ཚད24% འཕར་ཡོད། “གཙང་གསུམ་འབྱུང་ཡུལ་གྱི་ཉིན་བརྒྱའི་ལྗང་གློག”དང་ཞིང་ཆེན་ཡོངས་ཀྱི་ལྗང་གློག་ཉིན31གིས་ཡང་བསྐྱར་དྭངས་གཙང་ནུས་ཁུངས་གློག་གཏོང་གི་འཛམ་གླིང་ཟིན་ཐོ་བསྐྲུན། ལིན་ཧུའུ་གནམ་དཔྱད་བརྟག་འཇལ་རྟེན་གཞིའི་གནམ་དཔྱད་རྒྱང་ཤེལ་ཐོག་མ་དངོས་སུ་བཀོལ་སྤྱོད་བྱས་པ་དང་། སྭེལ་ལྷད་མེད་རྒྱུ་ཆའི་རྒྱལ་ཁབ་ཁེ་ལས་ལག་རྩལ་ལྟེ་གནས་ལ་ཆོག་མཆན་ཐོབ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཤིང་། རྫས་ལུད་དང་ཞིང་སྨན་བཀོལ་ཚད་སོ་སོ40%དང30%ཡན་ཇེ་ཉུང་དུ་བཏང་བ་དང་། ནས་དང་ནོར་གནག བོད་ལུག་སོགས“མཚོ་སྔོན་རྟགས་ཅན”གྱི་ཁྱད་ལྡན་ཚོང་རྟགས་ཀྱི་ཕན་ནུས་མངོན་ཡོད། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་མྱུར་ཞིང་བརྟན་པ་དང། ཀན་ཧི་བཟོ་ལས་གླིང་ཁུལ་ལ་རྒྱལ་ཁབ་ཀྱི་འཁོར་རྒྱུག་ཅན་གྱི་བསྒྱུར་བཀོད་ཀྱི་མཇུག་མཐའི་ཞིབ་བཤེར་རྩིས་ལེན་བྱས་ཤིང་། བཟོ་ལས་གླིང་ཁུལ་ཆེན་པོ་གསུམ་གྱི་འཁོར་རྒྱུག་དཔལ་འབྱོར་ཀྱི་བསྡུར་ཚད60%ཡན་ལ་སླེབས་ཡོད། གྲངས་འཛིན་དཔལ་འབྱོར་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། G5ཅན་གྱི་དྲ་རྒྱ་མགྱོགས་མྱུར་སྒོས་དོན་འཁྱོལ་བྱས་པ་དང་། ནུབ་བྱང་གི་གཞི་ཤེལ་བརྙན་ཞབས་ཕྱིའི་འཕྲུལ་ཆས་དྲ་ཐོག་ཏུ་འཁོར་སྐྱོད་བྱས་ཤིང་། ཟི་ལིང་གི་རྒྱལ་སྤྱིའི་འབྲེལ་དྲའི་གཞི་གྲངས་ཆེད་སྤྱོད་རྒྱུ་ལམ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་འཁོར་སྐྱོད་བྱས། ལས་སྟེགས་དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་ཕྱིན་ཏེ། ཐད་གཏོང་ལམ་ནས་དངོས་ཟོང་བཙོང་བ་སོགས་ལས་སྟེགས་ཀྱི་ནུས་པ་འབུར་དུ་ཐོན་ཞིང་། མཚོ་སྔོན་གྱི་ནས་དང་ནོར་ལུག་གི་ཤ་ཉོ་ཚོང་ལྟེ་གནས་ཀྱི་ཉོ་ཚོང་གི་གྲངས་ཀ་སྒོར་དུང་ཕྱུར31.8ལ་སླེབས་ཡོད།

(ལྔ) དངུལ་གཏོང་དང་འཛད་སྤྱོད་ལ་མཉམ་དུ་ཤུགས་བརྒྱབ་པ་དང་། འཛད་སྤྱོད་དགོས་མཁོ་སྐོང་བའི་ནུས་པ་བསྟུད་མར་ཇེ་ལེགས་སུ་ཕྱིན། རིམས་བབ་ཀྱིས་དགོས་མཁོའི་ཐད་བཟོས་པའི་ཕོག་ཐིག་ཚབས་ཆེན་བཟོས་པར་གདོང་གཏད་ནས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ཀྱི་གཞི་གནས་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་དང་། མ་དངུལ་གཏོང་བ་དང་འཛད་སྤྱོད་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས། ཐབས་མང་མཉམ་སྤྱོད་ཀྱིས་མ་དངུལ་གཏོང་བ་བརྟན་བཇགས་སུ་བཏང་བ་དང་། ཕྱོགས་སོ་སོའི་འགན་འཁྲི་ནན་དཀྲི་བྱས་ཤིང་། ལས་མགོ་རྩོམ་པར་སྐུལ་འདེད་དང་ལྟ་སྐུལ་བྱེད་པར་ཤུགས་བསྣན་ནས། གཙོ་གནད་ལས་གཞི190ཚང་མ་ལས་མགོ་ཚུགས་པ་དེ། སྤྱིའི་ཆ་ནས་ལོ་སྔོན་མ་དང་བསྡུར་ན་སྔ་ཞིང་བཟང་བ་རེད། མ་དངུལ་གཏོང་ཚད་སྒོར་དུང་ཕྱུར1191ཡོངས་འགྲུབ་བྱས། ན་གོར་མོ་ནས་ཁོར་ལི་བར་གྱི་ལྕགས་ལམ་ཡོངས་འཁོར་སྐྱོད་བྱེད་མགོ་བརྩམས་པ་དང་། ཟི་ལིང་ནས་ཁྲིན་ཏུ་བར་གྱི་ལྕགས་ལམ་དང་ཟི་ལིང་གནམ་ཐང་ལས་སྐབས་གསུམ་པ། ཀྲང་ཡེ་ནས་ཁྲི་ཚང་བར་གྱི་མྱུར་བགྲོད་གཞུང་ལམ་ལས་རེབ་གོང་ནས་གསེར་ལུང་བར་གྱི་དུམ་མཚམས་སོགས་ལས་གཞི་གལ་ཆེན་སྐོར་ཞིག་ལས་མགོ་བརྩམས་ཤིང་། ནཱ་ལེང་ཀུ་ལུ་ཆུ་བེད་ལྟེ་གནས་དང་ཡུས་ཧྲུའུ་གནམ་ཐང་རྒྱས་སྐྲུན་བསྐྱར་སྐྲུན་བྱེད་པ་སོགས་ལས་གྲྭའི་འཕེལ་རིམ་ལེགས། ཟི་ལིང་དང་ཚྭ་ཁ་གྲོང་ཁྱེར་བར་གྱི་ལྕགས་ལམ་སོགས་ལས་གཞིའི་དུས་སྔོན་ཞིབ་འཇུག་བྱ་བ་སྤེལ་བ་དང་། “གསར་བ་གཉིས་དང་གལ་ཆེན་གཅིག”གི་ལས་གཞི་གལ་ཆེན422འཆར་འགོད་བྱས་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར8295ཡིན། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར142.8དོན་འཁྱོལ་བྱས་པ་དང་། ས་གནས་སྲིད་གཞུང་གི་དངུལ་བུན་དང་རིམས་འགོག་གི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར415བརྩོན་ལེན་བྱས། བྱེད་ཐབས་གསར་གཏོད་ཀྱིས་འཛད་སྤྱོད་སླར་གསོ་བྱས་པ་དང་། དམངས་ལ་ཕན་ཞིང་ཁེ་ལས་ལ་གཟིགས་སྐྱོང་བྱེད་པའི་བདེ་ཐང་མཛད་སྤྱོད་བྱ་འགུལ་སྤེལ་ཅིང་། མི་ཐེངས་ཁྲི1200ཙམ་བྱ་འགུལ་ཁྲོད་ཞུགས་པ་དང་། བསྡོམས་པས་ཁེ་ཕན་སྒོར་དུང་ཕྱུར4སྤྲད་པ་དང་འཛད་སྤྱོད་སྒོར་དུང་ཕྱུར74ལ་སྐུལ་ཁྲིད་བྱས་ཤིང་། ཞིང་ཆེན་གྱི་གནས་ཚུལ་ལ་གཞི་ཚུགས་ཏེ་འཛད་སྤྱོད་ཆེ་རུ་གཏོང་བའི་ལམ་གསར་བ་ཞིག་འཚོབ་ཞིབ་བྱུང་། སྲིད་ཇུས་བཏོན་ནས་ཞོགས་པ་དང་མཚན་མོའི་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། བསྟུད་མར་ཟས་མཆོག་དུས་ཚིགས་དང་དུས་ཆེན་སྐབས་ཀྱི་ཉོ་སྒྲུབ། སྣུམ་དྲའི་སྟབས་བདེའི་ཉོ་སྒྲུབ་སོགས་འཛད་སྤྱོད་སྐུལ་འདེད་གཏོང་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། སྡེབ་འཚོང་དང་སིལ་འཚོང་ལས་རིགས་ཀྱི་ཚོང་རྫས་ཕྱིར་འཚོང་བྱས་ཚད6.3%འཕར་བ་དང་། ཟ་ཁང་དང་མགྲོན་ཁང་ལས་རིགས་ཕྱོགས་ཡོངས་ནས་ཇེ་བཟང་དུ་ཕྱིན། སྤོ་འགུལ་འབྲེལ་དྲའི་མཐུད་འཇུག་བཞུར་ཚད38.3%འཕར་བ་དང་། གཞི་ཁྱོན་ངེས་ཅན་ཡན་གྱི་ཁེ་ལས་ཀྱི་དྲ་ཐོག་སིལ་འཚོང་བྱས་ཚད་ལྡབ1.7འཕར་བ་དང་། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་འཚོང་བསྡོམས་འབོར་མར་ཆག་ཚད7.5%རུ་ཚོད་འཛིན་བྱས།

(དྲུག) སྐྱེ་ཁམས་ལ་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་ནས། ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་ཕྱིན་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་ལ་གོ་བ་གཏིང་ཟབ་བླངས་ཏེ། “རྒྱལ་ཁབ་ཀྱི་དོན་ཆེན”གྱི་མཐོ་ཚད་ནས་འགྲེངས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཆར་འགོད་དང་སྐུལ་སྤེལ་བྱས་ཤིང། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྟུད་མར་སྲ་བརྟན་དུ་བཏང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ཏན་ཏིག་གིས་སྐུལ་སྤེལ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་དང། མདོ་ལ་རི་བོ(མཚོ་སྔོན་དུམ་ཁུལ)སྒྲིག་སྲོལ་ཚོད་ལྟའི་གནས་ལ་དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཇུས་འགོད་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས་ཤིང་། རྒྱལ་ཡོངས་ཀྱི་སྔུན་མ་བྱས་ཏེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་བརྟག་དཔྱད་དཔྱད་དཔོག་ཡོངས་འགྲུབ་བྱས། ォརྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོདサསྒྲིག་བཟོ་བྱས་ཤིང་། “མ་ཡུམ་ཆུ་བོར་སྲུང་སྐྱོང་བྱས་ཏེ། བཅོས་སྐྱོང་ཆེན་མོར་སྐུལ་སྤེལ་བྱེད་པའི”ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོད་ལྟ་ཁང་བཙུགས་ཏེ་སྒོ་བྱང་བཀལ། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པའི་རྩ་གནད་དང་དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་པའི་ལག་བསྟར་བསམ་འཆར་བཏོན་པ་དང་། “ཐིག་གསུམ་ཐོ་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་ལྟ་སྡོམ་ལག་བསྟར་བྱས་ཤིང་། བཙོག་རིགས་འབུད་དབང་ཉོ་འཚོང་རྒྱུན་དུ་སྤེལ་བ་དང་། ཐཱན་འདུས་ཉོ་འཚོང་མེད་པའི་སྟོང་ཆ་བསྐངས། གཙང་གསུམ་འབྱུང་ཡུལ་ལས་སྐབས་གཉིས་པ་དང་། མདོ་ལ་རི་བོ་སོགས་སྐྱེ་ཁམས་ལས་གྲྭ་གཙོ་བོ་སྐོར་ཞིག་གཅིག་གྱུར་སྒོས་ལག་བསྟར་བྱས་པ་དང་། རྒྱལ་ཁོངས་ལྗང་སྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ཡོངས་སུ་ལེགས་གྲུབ་བྱུང་ཞིང། རྩྭ་ཐང་མུའུ་ཁྲི517ཉམས་གསོ་བཅོས་སྐྱོང་དང་སྡོང་འཛུགས་ནགས་སྐྲུན་མུའུ་ཁྲི327ཡོངས་སུ་གྲུབ། ཕིན་ཨན་ཆུས་དང་ཧི་ནན་རྫོང་ལ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཆུས(རྫོང)ཀྱི་མཚན་སྙན་ཐོབ། འགྲེང་གནས་མཐོན་པོས་མུ་རི་རྡོ་སོལ་གཏེར་ཁའི་ཁྲིམས་འགལ་སྔོག་འདོན་གནད་དོན་ཐག་གཅོད་བྱས་པ་དང་། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་དུམ་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལོ་གསུམ་འགུལ་སྐྱོད་ཕྱོགས་ཡོངས་ནས་ནན་མོ་དང་མགྱོགས་པོའི་སྒོ་ནས་མགོ་བརྩམས། གཏེར་ཁྲོན11གི་གཙོ་གཞི་བཅོས་སྐྱོང་ལས་གྲྭ་གཞི་རྩའི་ཆ་ནས་ཡོངས་སུ་གྲུབ་པ་དང་། ཟླ་གཉིས་རིང་ཐོག་མའི་རྣམ་པ་མངོན་ཞིང་རྨང་གཞིང་འདིང་བ་དང་ལོ་དེའི་ནང་སྒྲིག་འཛུགས་དང་འགན་སྲུང་ཇེ་དྲག་ཏུ་གཏོང་བའི་དམིགས་འབེན་སྤྱིའི་ཆ་ནས་མངོན་འགྱུར་བྱས། སྐོར་ཐེངས་གཉིས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁྲོད་བཏོན་པའི་གནད་དོན་དག་ཐེར་བྱེད་པར་གཅིག་གྱུར་གྱིས་སྐུལ་སྤེལ་བྱས་ཏེ། སྐོར་ཐེངས་དང་པོའི80%ཡན་གྱི་དག་ཐེར་ལས་འགན་ཡོངས་སུ་གྲུབ་པའམ་ཡང་ན་ལས་རིམ་གྱི་མྱུར་ཚད་སྟེང་སླེབས་ཡོད་ལ། རེས་སྐོར་གཉིས་པའི་དག་ཐེར་བྱེད་དགོས་པའི་ལས་འགན48ལ་ཏན་ཏིག་གིས་སྐུལ་སྤེལ་བྱས་པ་དང་མང་ཚོགས་ཀྱིས་ཐེར་འདོན་བྱས་པ་བསྒྲུབས་པའི་ཚད95%ལ་སླེབས་ཡོད། “གནམ་སྔོན་པོ། ཆུ་དྭངས་མོ། ས་གཙང་མ”སྲུང་སྐྱོབ་གཡུལ་འཐབ་ལེགས་པར་བརྒྱབ་སྟེ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་བར་བརྟན་པོའི་ངང་སྐུལ་སྤེལ་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་ཀྱི་དྭངས་གཙང་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟ་མགོ་བརྩམས། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད97.2%ལ་སླེབས་ཤིང་། ས་ངོས་ཀྱི་ཆུའི་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ཇེ་ལེགས་སུ་ཕྱིན་ཡོད། ཆུ་བོ་གསུམ་གྱི་གཞུང་རྒྱུན་གྱི་ཞིང་ཆེན་ཕྱི་རུ་བཞུར་བའི་བཅད་ངོས་ཀྱི་ཆུ་སྤུསIIཡན་དུ་བརྟན་པོའི་ངང་གནས་ཡོད། མཚོ་སྔོན་པོ་སོགས་མཚེའུ་དང་ཆུ་མཛོད་ཀྱི་ཆུ་སྤུས་བཟང་ཞིང་བརྟན་པ་དང་། དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཚད་བསྟུད་མར་ཇེ་ཉུང་དུ་སོང་ཡོད་ལ། འབག་བཙོག་འགོག་བཅོས་འགག་སྒྲོལ་གཡུལ་འཐབ་ལ་རྒྱལ་ཁབ་ཀྱིས་དཔྱད་ཞིབ་བྱས་ཏེ་ཕུལ་བྱུང་གི་གྲས་སུ་ཚུད་ཡོད།

(བདུན) བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་སྤེལ་གཏིང་ཟབ་བྱས་ཏེ། གསོན་ཤུགས་བསྟུད་མར་ཕྱིར་མངོན་ཡོད། ཀྲུང་དབྱང་གི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བགོ་སྒྲིག་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་མགྱོགས་མྱུར་སྒོས་འཐུས་ཚང་དུ་བཏང་སྟེ། ཁྲོམ་རའི་གསོན་ཤུགས་ལ་བསྟུད་མར་སྐུལ་སྤེལ་བྱས། “ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་ལོའི” བྱ་འགུལ་སྤེལ་བ་དང་། “གློད་སྡོམ་ཞབས་གསུམ”གྱི་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ། སྲིད་འཛིན་ཞིབ་མཆན་ཁག37མེད་པར་བཟོས་པའམ་ལེགས་སྒྲིག་བྱས་པ་དང་། སྲིད་དོན་ཞབས་ཕྱི་ཁག104དྲ་ཐོག་ནས་སྒྲུབ་པ་དང་། དོན་ཚན་ཁག75“ངོ་མ་འཕྲད་པ”དང“ཐེངས་གཅིག་ལའང་མ་རྒྱུགས་པར”སྒྲུབ་ཐུབ་པ་མངོན་འགྱུར་བྱས། ཁེ་ལས་འཛུགས་པའི་ཐོ་འགོད་དུས་ཚོད་ནི་ལས་ཀའི་ཉིན་གྲངས3ལ་སྐྱུངས་ཡོད་ལ། ལས་གཞིའི་ཞིབ་མཆན་ནི་ལས་ཀའི་ཉིན་གྲངས30ལ་སྐྱུངས་ཡོད། ཡིད་རྟོན་རྨང་གཞི་ཡིན་པའི་ལྟ་སྐུལ་དོ་དམ་གྱི་རྐྱེན་སྲོལ་གསར་བ་ཐོག་མའི་ཆ་ནས་བཙུགས་པ་དང་། “མཚོ་སྔོན་ཡིད་རྟོན་དངུལ་བསྡུ”ཁེ་ལས་ཕྲ་ཆུང་དངུལ་བསྡུ་ལས་སྟེགས་ཀྱི་ཐོག་མའི་དངུལ་བུན་དྲ་ཐོག་ནས་ཚོད་ལྟའི་འཁོར་སྐྱོད་བྱས། ཡན་ཧུའུ་ཀུང་སི་དང་མཚོ་སྔོན་དངུལ་གཏོང་ཀུང་སིའི་ཁྲིམས་འཛིན་བསྐྱར་སྒྲིག་བརྟན་པོའི་ངང་སྤེལ། “སྲོག་མེད་ཁེ་ལས”གཙང་འབུད་བྱས་ཚད92.7%ལ་སླེབས་ཡོད་པ་དང་། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་རྒྱུ་ནོར་གྱི་བུ་ལོན་ཟུག་ཚད10.7%མར་ཆག་ཡོད། དམངས་གཉེར་ཁེ་ལས་ཁྲོད་ཀྱི་ཁེ་ལས་ཆུང་ངུའི་རྩིས་ཁྲའི་གྲོན་དངུལ་གཙང་འཇལ་གྱི་ལས་འགན་ཡོངས་སུ་གྲུབ་པ་དང་། རྫོང་མངའ་ཁོངས་ཀྱི་ཞིང་ལས་ཡིད་རྟོན་དངུལ་ཁང་གི་མ་རྐང་ལམ་ལུགས་བཅོས་སྒྱུར་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་གུན་གསབ་ལམ་ལུགས་བཅོས་སྒྱུར་ལ་གོ་རིམ་ལྡན་པར་སྐུལ་སྤེལ་བྱས་པ་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་ཀྱི་མ་ལག་གཞི་རྩའི་ཆ་ནས་གྲུབ་ཅིང་། སྐྱེ་ཁམས་ཁོར་ཡུག་ལས་ཁུངས་ཀྱི་ཐད་ཀའི་དོ་དམ་ལམ་ལུགས་བཅོས་སྒྱུར་ཡོངས་སུ་གྲུབ། ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་། ཟི་ལིང་དང་མཚོ་ཤར་གྱི་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་སྤྱིའི་ཚོད་ལྟའི་ཁུལ་སོགས་སྒོ་འབྱེད་ལས་སྟེགས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་། ན་གོར་མོའི་ཟོང་འགྲུལ་ལྟེ་གནས་ནི་རྒྱལ་ཁབ་ཀྱི་གནད་སའི་སྐུལ་སྤེལ་མིང་ཐོའི་ནང་ཚུད། ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་མེ་འཁོར7དང་ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར2བཏང་ཞིང་། གན་རྒྱའི་དངུལ་གཏོང་གྲངས་འབོར་འཕར་ཚད25%དང་། ཚོང་འགུགས་དངུལ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར610དམིགས་སར་འབྱོར་ཡོད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་ལོ་ངོ་བཅུ་འཁོར་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཅིང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་སྔར་བས་འཐུས་ཚང་དུ་གྱུར་བ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར19.6དོན་འཁྱོལ་བྱས་ཤིང་། ལས་གཞི383ལག་བསྟར་བྱས།

(བརྒྱད) དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་བླངས་ཏེ། དམངས་འཚོའི་བསོད་སྐལ་ཆེ་རུ་ཕྱིན་ཡོད། ལོ་མགོར་ཁས་བླངས་པའི་དམངས་འཚོའི་དོན་དངོས་ཚང་མ་དོན་འཁྱོལ་བྱས་ཤིང་། དམངས་འཚོའི་ཐད་བཏང་བའི་ནོར་སྲིད་འགྲོ་སྒོའི་བསྡུར་ཚད་ནི75%སྲུང་འཛིན་བྱས་པ་དང་། རིམས་ནད་མཆེད་པའི་དཀའ་ཁག་གི་གནས་ཚུལ་འོག་ཏུ་དམངས་འཚོའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོར་སྲུང་ཡོད། ལྟོས་མེད་དབུལ་ཕོངས་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་གནད་དོན་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱས་ཏེ། ད་ལྟའི་ཚད་གཞིའི་འོག་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང(གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ལྷན།)42དང་དབུལ་ཕོངས་སྡེ་བ1622ཚང་མའི“དབུལ་ཕོངས་ཀྱི་ཞྭ་མོ་ཕུད”ཅིང་། དབུལ་ཕོངས་མི་འབོར་ཁྲི53.9ཚང་མ་དབུལ་བོ་ལས་ཐར། ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར59.4བཀོད་སྒྲིག་བྱས་ཏེ“རྗེས་མཐུད་བརྟན་སྲུང་འགུལ་སྐྱོད་ཆེན་པོ་དགུ”ལག་བསྟར་བྱས་ཤིང་། སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པའི“སྟོང་ཆ་བསྐངས”བ་དང་། གློག་རྡུལ་ཚོང་དོན་གྲོང་གསེབ་དུ་བསྐྱོད་པ་དབུལ་ཕོངས་རྫོང་ཁོངས་ཡོངས་སུ་ཁེབས་པ་དང་རྨང་གཞིའི་དངུལ་རྩའི་ཞབས་ཕྱི་སྡེ་བ་རིམ་པ་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། འཐེན་ཐུག་དང་མཚོ་སྔོན་འཚེམ་དྲུབ་སོགས་དབུལ་སྐྱོར་ཐོན་ལས་ཀྱི་གཞི་ཁྱོན་ངེས་ཅན་ཆགས་ཡོད་ལ། སྟོང་ཝ་ཁྲི72.2ཡི་དབུལ་སྐྱོར་འོད་ནུས་གློག་ཡོངས་སུ་གྲུབ། ཀྲུང་དབྱང་དབུལ་ཐར་འགག་སྒྲོལ་ཆེད་དོན་སྐོར་ཞིབ་ཀྱི“ཕྱིར་མིག་བལྟ་བ”དང་རྒྱལ་ཁབ་དཔྱད་ཞིབ་ཁྲོད་བཏོན་པའི་གནད་དོན་ཚང་མ་ཡོངས་སུ་དག་ཐེར་བྱས་པ་དང། དབུལ་ཐར་འགག་སྒྲོལ་གྱི་ཁྱབ་བཤེར་ཚད་ཐིག་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱས། ལས་ཞུགས་ཀྱི་ཚད་བརྟན་པོའི་ངང་འཕར་ཡོད། ལས་ཞུགས་བརྟན་འཇགས་གཏོང་བའི“སྐྱེལ་བཞི”བྱ་འགུལ་སྤེལ་བ་དང་། ལས་གནས་བརྟན་འཇགས་གཏོང་བའི་མ་དངུལ་སྒོར་དུང་ཕྱུར5.7སྤྲད་ལ། ཁ་གསབ་སྣ་ཚོགས་སྒོར་དུང་ཕྱུར6.1དོན་འཁྱོལ་བྱས་པ་དང་། ལས་རིགས་ལག་རྩལ་གསོ་སྦྱོང་མི་ཐེངས་ཁྲི11.6རྩ་འཛུགས་བྱས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི6.2གསར་དུ་འཕར་བ་དང་། རོང་འབྲོག་པ་ལས་ཞུགས་སྤོ་སྒྱུར་མི་ཐེངས་ཁྲི111.6བྱས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཚད89.4%ལ་སླེབས་ཤིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་ལས་ཤོར་ཀྱི་ཚད2.1%ནང་ཚོད་འཛིན་བྱས་ཡོད་པ་དང་། ཕྱོགས་བསྡུས་ཇུས་འདོན་བྱས་ཏེ་ལས་ཞུགས་ལ་སྐུལ་བའི་གནས་བབ་བརྟན་ཅིང་ལེགས་པ་སོགས་དཔེ་མཚོན་རང་བཞིན་གྱི་ཉམས་མྱོང་དང་བྱེད་ཐབས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་བསྒྲགས་སྤེལ་ཏེ་བསྔགས་བརྗོད་གནང་། སྤྱི་ཚོགས་བྱ་གཞག་བསྟུད་མར་འཕེལ་རྒྱས་སུ་ཕྱིན། འོས་འགན་སློབ་གསོའི་སློབ་གྲྭ137ལས་མགོ་བརྩམས་ཤིང་། འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་མཉམ་ཡིན་པ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་། ཉིང་སྐྱུར་བརྟག་བཤེར་ཚོད་ལྟ་ཁང་རྫོང(གྲོང་ཁྱེར་དང་ཆུས།)ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་པ་དང་། ཐུམ་འབུའི་ནད་སོགས་ས་གནས་ཀྱི་ནད་ཡམས་ཁྱབ་པ་གཞི་རྩའི་ཆ་ནས་བཀག་འགོག་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཁྱིམ་ཁུལ་གྱི་ཁང་པ་ཁྲི1.1བསྐྲུན་པ་དང་གཞིས་ཁུལ་རྙིང་བའི་ཁང་པ་ཁྲི5བསྒྱུར་བཀོད་བྱས་ཤིང། རོང་འབྲོག་པའི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱས་པ་ཁང་པ་ཁྲི3ཡོད། སྤྱི་ཚོགས་འགན་སྲུང་གི་ཐ་སྐྱོར་ནུས་པ་འབུར་དུ་ཐོན་ཡོད་ལ། སྤྱི་ཚོགས་སྐྱོབ་རོགས་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར26.6བྱིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་སོ་སོ10.3%དང11.6%འཕར་ཞིང། སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་སྒོ6.3%འཕར། གཞི་རིམ་གྱི“འགན་གསུམ”ལ་དངོས་གནས་འགན་སྲུང་བྱས་ཤིང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ5.6%འཕར་བ་དང་འགྲོ་སོང3.7%འཕར། གྲོང་ཁྱེར་དང་ཁུལ། རྫོང་གི་བཀོལ་ཆོག་པའི་ནོར་ཤུགས་སྒོར་དུང་ཕྱུར700ལས་བརྒལ་བ་དང་། རྫོང་དང་ཆུས་ཡོངས་ཀྱི་འཁོར་སྐྱོད་བརྟན་འཇགས་ཡིན། མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་འཇགས་བྱ་བ་ཏན་ཏིག་ནུས་ལྡན་ཡིན་ལ། སྔ་རྗེས་སུ་སྲིད་གཞུང་གིས་གསོག་ཉར་བྱས་པའི་ཤ་ཏུན4000ལ་ཉེ་བ་མར་སྤྲད་པ་དང་། གནས་སྐབས་ཀྱི་རིན་གོང་ཁ་གསབ་སྒོར་དུང་ཕྱུར2.6བྱིན། GPIའཕར་ཚད་བསྟུད་མར་མར་ཆག་པ་དང་ལོ་ཧྲིལ་བོར2.6%ནང་ཚོད་འཛིན་བྱས།

གཉིས། 2021ལོའི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་ཁོར་ཡུག་དང་དམིགས་འབེན་གཙོ་བོ།

2021ལོ་ནི་ཏང་བཙུགས་ནས་ལོ་ངོ100འཁོར་བའི་ལོ་དང་།“ལོ་ལྔའི་འཆར་འགོད་བཅུ་བཞི་བ”མགོ་རྩོམ་པའི་ལོ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་པའི་རྒྱང་སྐྱོད་གསར་བ་མགོ་རྩོམ་པའི་ལོ་བཅས་ཡིན་པས། ལོ་འདིའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སྣ་ཚོགས་ལེགས་པར་བསྒྲུབ་པར་དོན་སྙིང་ཆེ་ཞིང་འགན་འཁྲི་ཡང་ལྕི། དུས་ཡུན་རིང་བོའི་གསོག་འཇོག་བྱས་པ་བརྒྱུད། རང་ཞིང་ནི་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ཞིག་ཏུ་འགྲེང་ཡོད་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགག་སྒྲོལ་དུས་སྐབས་དང་རིགས་བསྒྱུར་རིམ་སྤར་གྱི་གནད་འགག་དུས་སྐབས། འགྲན་རྩོད་ཀྱི་དགེ་མཚན་བསྐྱར་སྐྲུན་བྱེད་པའི་དུས་སྐབས་དང་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་དུས་སྐབས་བཅས “དུས་སྐབས་བཞི་མཉམ་དུ་འཁེལ”བའི་ཁྱད་ཆོས་ཤིག་མངོན་ཡོད་མོད། འོན་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཅུང་དམའ་བའི་རིམ་པ་རུ་གནས་པའི་རང་ཞིང་གི་རྩ་བའི་གནས་ཚུལ་འགྱུར་མེད་པ་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་སྤྱིའི་རྣམ་པར་འགྱུར་ལྡོག་བྱུང་མེད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་གོ་སྐབས་མི་ཉུང་བ་ཞིག་དང་ཆ་རྐྱེན་ལེགས་པོ་ལྡན་ཡོད་དེ། གཅིག་ནི་རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་གོ་སྐབས་ཀྱི་དུས་སྐབས་སུ་གནས་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་མངའ་ཞིང་། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་འདེགས་སྐྱོར་ལྡན་པས། རང་རྒྱལ་དཔལ་འབྱོར་དུས་ཡུན་རིང་བོར་ལེགས་པའི་སྒོ་ནས་འཕེལ་བའི་འཕེལ་ཕྱོགས་འགྱུར་མེད་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་ཕྱིའི་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱས་ཡོད། གཉིས་ནི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པ་དང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་སྤེལ་བྱས་ཏེ་རྣམ་པ་གསར་བ་ཆགས་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱིས། ང་ཚོར་གོ་སྐབས་གལ་ཆེན་གསར་བ་ཞིག་སྤྲད་ཡོད་པ་དང་། ཀྲུང་དབྱང་གིས་ཞིང་ཆེན་བཞིའི་བོད་འབྲེལ་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་དང་། ཤར་ནུབ་རྒྱུད་རོགས་རེས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ། ལན་གྲུ་དང་ཟི་ལིང་གི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་སོགས་ལ་མུ་མཐུད་དུ་ཤུགས་བསྣན་པ་ལ་བརྟེན་ནས། རང་ཞིང་ལ་སྒུལ་ཤུགས་ཆེན་པོ་གསར་བ་བསྩལ་ཡོད། གསུམ་ནི་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་བྱེད་པ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་དང་སྤུས་ཀ་མཐོ་བའི་འཚོ་བ་བསྐྲུན་པ། སའི་གོ་ལའི“སྣེ་གསུམ་པར”མཉམ་དུ་སྲུང་སྐྱོང་བྱེད་པ།“དཔལ་འབྱོར་ཆགས་སྟངས་རིགས་བཞི”གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་བ། “དཔེ་སྟོན་ལྔའི་ཞིང་ཆེན”བསྐྲུན་པ་བཅས་ཀྱི་སྤྱིའི་བཀོད་སྒྲིག་ཀྱིས་ མཚོ་སྔོན་གསར་བའི་འཛུགས་སྐྲུན་གྱི་འཆར་འགོད་དཔེ་རིས་གསར་བ་གསལ་བོར་བྲིས་ཏེ། ང་ཚོ་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་བསྐྱོད་པ་དང་། གོང་སྤེལ་གྱི་འདུ་ཤེས་གསར་བ་ལག་ལེན་དུ་འདེབས་པ། གོང་སྤེལ་གཏོང་སྟངས་གསར་བའི་ནང་འདྲེས་པར་བྱེད་པ་བཅས་ལ་ཁ་ཕྱོགས་དང་བགྲོད་ལམ་གསལ་བར་བསྟན་ཡོད། བཞི་ནི “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་ཀྱི་འབད་ཐབས་བརྒྱུད། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གལ་ཆེན་བླངས་ཡོད་ལ། རང་ཞིང་གི་དཔལ་འབྱོར་སྟོབས་ཤུགས་དང་སྐྱེ་ཁམས་སྤུས་ཚད། རྨང་གཞིའི་ཆ་རྐྱེན་བཅས་མཐོར་འདེགས་ཆེན་པོ་བྱུང་ཡོད་པ་དང་། འཕེལ་རྒྱས་ཀྱི་བརྟན་འཇགས་རང་བཞིན་དང་འགྲན་རྩོད་བྱེད་ནུས། ཉེན་ཁ་འགོག་ནུས་བཅས་བསྟུད་མར་ཇེ་དྲག་ཏུ་ཕྱིན་ཡོད། སྐྱེ་ཁམས་སྲུང་ཡོལ་གྱི་དགེ་མཚན་དང་ལྗང་མདོག་འཕེལ་རྒྱས་ཀྱི་དགེ་མཚན། འབྲེལ་མཐུད་ས་ཁུལ་གྱི་དགེ་མཚན་བཅས་སྔར་བས་འབུར་དུ་ཐོན་ཡོད་ལ། བབ་བསྟུན་འཕྲལ་སྒྲུབ་ཀྱིས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པར་རྨང་རྡོ་གལ་ཆེན་བཏིང་ཡོད།

འོན་ཀྱང་དེ་དང་ཆབས་ཅིག་གསལ་བོར་ཤེས་དགོས་པ་ནི། དུས་ཡུན་རིང་བོའི་ངོས་ནས་བལྟས་ན་འཕེལ་རྒྱས་སུ་སོང་བ་མི་འདང་བ་ནི་རང་ཞིང་གི་དངོས་ཡོད་དཀལ་ངལ་ཡིན་པ་དང་། ས་ཁོངས་ཀྱི་བར་ཁྱད་ནི་སྔར་བཞིན་མཐུན་སྦྱོར་དཀའ་གནད་ཡིན་ལ། རིགས་སྒྱུར་རིམ་སྤར་དལ་བ་སྔར་བཞིན་འཕེལ་རྒྱས་ཀྱི་འགག་རྩ་ཡིན་པ་དང་། གསར་གཏོད་བྱས་པ་མི་འདང་བ་སྔར་བཞིན་ཚོད་འཛིན་ཆེ་ཤོས་ཡིན་ལ། སྤྱི་ཚོགས་བཅོས་སྐྱོང་ནི་སྔར་བཞིན་གནོན་ཤུགས་གནས་ས་ཡིན། ཡུན་རིང་གི་རང་བཞིན་དང་གྲུབ་ཚུལ་རང་བཞིན། ས་ཁོངས་རང་བཞིན་བཅས་ཀྱི་འགལ་བ་དུས་ཡུན་ཐུང་ངུའི་ནང་ཐག་གཅོད་བྱེད་དཀའ། 2021ལོར་སྤྱི་ཁོག་དཔལ་འབྱོར་ལ་འགྱུར་ལྡོག་མངོན་གསལ་དོད་པོ་ཞིག་འབྱུང་དཀའ་བའི་ཁོར་ཡུག་འོག་ཏུ། དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ཐད་ད་དུང་དཀའ་ཁག་མི་ཉུང་བ་ཞིག་གི་ཚོད་འཛིན་ཐེབས་ཡོད་དེ། གཅིག་ནི་ཐོན་ལས་རིགས་སྒྱུར་རིམ་སྤར་གྱི་ལས་འགན་ལྕི་ལ་ལམ་ཐག་རིང་། སྲོལ་རྒྱུན་ཐོན་ལས་ཀྱི་གཞི་ཁྱོན་ཆེ་ལ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དམའ་བ་དང། ཐོན་ཁུངས་ལ་རྒྱབ་རྟེན་བཅོལ་ཚད་མཐོ་བ། ཐོན་ལས་གྲུབ་ཚུལ་ཀྱི་ཞན་རྩིང་བསྐྱར་གསུམ་གྱི་གནད་དོན་དེ་རིམས་བབ་ཀྱི་གནོན་ཤུགས་འོག་སྔར་བས་འབུར་དུ་ཐོན་ཡོད། གསར་དར་ཐོན་ལས་ཀྱི་ཁེ་ལས་ཉུང་བ་དང་། གཞི་ཁྱོན་ཆུང་ལ་འགྲན་རྩོད་བྱེད་ཤུགས་ཉམས་ཆུང་ཞིང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཆེས་ཆེར་མར་ཆག་ཡོད། ཐོན་ལས་མང་ཆེ་བའི་ཐོག་མའི་རྒྱུ་ཆ་དང་ཐོན་རྫས་གྲུབ་མའི་ཁྲོམ་ར“གཉིས་ཀ་ཕྱི་རུ་ཡོད”ལ་སྲོལ་རྒྱུན་གྱི་ལྟོས་བཅོས་ཀྱི་དགེ་མཚན་དེ་འགྲན་རྩོད་དྲག་པོའི་ཁྲོད་རིམ་གྱིས་ཉམ་ཇེ་ཞན་དུ་འགྱུར་བཞིན་ཡོད། གཉིས་ནི་དངོས་གཞིའི་དཔལ་འབྱོར་གྱི་དཀའ་ངལ་ཅུང་ཆེ་བ། ཁྲོམ་རའི་ཕན་ནུས་ལྡན་པའི་དགོས་མཁོ་ཅུང་ཉམས་ཞན་དུ་གྱུར་ཡོད་ལ། བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱིས་བཟོ་གྲྭ་ནས་ཐོན་པའི་ཐོན་རྫས་ཀྱི་རིན་གོང་བསྟུད་མར་ཟླ12ལ་མར་ཆག་ཡོད། ཁེ་ལས་ཀྱི་ཁེ་སྤོགས་བར་སྟོང་ཇེ་དོག་ཏུ་ཕྱིན་པ་དང་། གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་གྱོང་གུན་བཅུ་ཆའི་བཞི་ཙམ་ཡིན་ལ། ཁེ་ལས་ཀྱིས་མ་རྩ་བསྡུ་དཀའ་བ་དང་མ་རྩ་བསྡུ་བའི་མ་གོང་མཐོ་བའི་གནད་དོན་ད་དུང་རྩ་བའི་ཆ་ནས་ཐག་གཅོད་བྱེད་ཐུབ་མེད། ཡུལ་སྐོར་དང་། མགྲོན་ཁང་དང་ཟ་ཁང་། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཀྱི་ལས་རིགས་སྔར་བཞིན་མར་ཆག་པའི་བར་མཚམས་སུ་གནས་ཡོད་ལ། ཞབས་ཕྱིའི་ལས་རིགས་སླར་སོས་པ་དལ་བ་རེད། གསུམ་ནི་འཛད་སྤྱོད་དགོས་མཁོ་སྔར་བཞིན་ཅུང་ཞན་པ། མ་དངུལ་གཏོང་བར་བསྟུད་མར་གནོན་ཤུགས་གནས་པ་དང་། ལས་གཞི་ཆེ་གྲས་རྒྱུན་མཐུད་མི་བདེ་བ། ཁེ་ལས་ཀྱི་མ་དངུལ་གཏོང་བའི་འདོད་བློ་ཤུགས་མི་དྲག་པ་དང་། གནད་སའི་ས་ཁུལ་གྱི་མ་དངུལ་གཏོང་ཚད་མར་ཆག་ཡོད། འཛད་སྤྱོད་བསྐྱར་འཕར་ཡོང་བ་དཀའ་ཁག་ལ་འཕྲད་ཡོད་པ་དང། སྡོད་དམངས་ཀྱི་གསོག་ཉར་བྱེད་འདོད་ཅུང་ཇེ་ཆེར་ཕྱིན་ཡོད་ལ། རྡོ་སྣུམ་དང་རླངས་འཁོར་སོགས་ཚོང་ཟོག་འབོར་ཆེན་རིགས་ཀྱི་འཛད་སྤྱོད་འདེགས་སྐྱོར་གྱིས་འདང་གི་མེད། ཕྱི་ཕྱོགས་ཉོ་ཚོང་གནས་ཚད་དམའ་སར་འགྲོ་འོང་བྱེད་པ་དང་། ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་གི་གྲུབ་ཚུལ་སྔར་བཞིན་རིམ་པ་ཅུང་དམའ་ཤོས་སུ་ཡོད་ལ། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱིས་ཕྱི་རོལ་གནོན་ཤུགས་ལ་ཁ་གཏོད་པ་དང་རྒྱལ་སྤྱིའི་འཁོར་སྐྱོད་ཁྲོད་ཞུགས་པའི་ནུས་པ་མི་འདང་བ་རེད། བཞི་ནི་གཞི་རྩའི་དམངས་འཚོར་འགན་སྲུང་བྱེད་པའི་ལས་འགན་དཀའ་ཁག་ཆེ་བ། ལས་ཞུགས་བསྡུར་ཚད་ཅུང་མཐོ་བའི་ཐོན་ལས་གསུམ་པ་ནི་སྔར་བཞིན་སླར་གསོའི་དུས་སྐབས་སུ་གནས་ལ། སྤྱི་ཡོངས་ནས་ལས་ཞུགས་བསྡུ་ལེན་བྱེད་ནུས་ཚད་ཡོད་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་པའི་གནོན་ཤུགས་ཅུང་ཆེ། སྤྱི་ཚོགས་ལས་དོན་ཁྱབ་ཁོངས་སུ་སྔར་བཞིན་ཞན་ཆ་མང་པོ་གནས་ཤིང་། དབུལ་ཐར་འགག་སྒྲོག་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བའི་ལས་འགན་ཅུང་ལྕི་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བའི་སྒུལ་ཤུགས་ཀྱིས་མི་འདང་བ་རེད། ནོར་སྲིད་ཡོང་སྒོ་འཕར་བའི་བར་སྟོང་ལ་ཚད་ཡོད་པ་དང་། གཞི་རིམ་གྱི“འགན་གསུམ”ཐད་ཀྱི་ངེས་པར་གཏོང་དགོས་པའི་འགྲོ་སོང་གི་དགོས་མཁོ་ཡར་འཕར་བ་ལས་མར་ཆག་གིན་མེད། གཞན། ཞིང་ཆེན་ཁོངས་གཏོགས་དངུལ་གཏོང་ཁེ་ལས་བར་གྱི“ར་གཏོར་སྒྲོག་གྲོལ”གྱི་དཀའ་ཁག་ཆེ་ལ། ཚུལ་མིན་དངུལ་བུན་བྱུང་ཚད་ཅུང་མཐོ་བ་དང་། རིམས་ནད་ཕྱི་ནས་ནང་ལ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་ལོག་རྒྱག་པ་འགོག་པའི་གནོན་ཤུགས་ཅུང་ཆེ། གནད་དོན་འདི་དག་ལ་མཐོང་ཆེན་ཚད་མཐོན་པོ་གནང་སྟེ། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ནན་ཏན་གྱིས་ཐག་གཅོད་རྒྱུ།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་བཀོད་སྒྲིག་ལྟར་ན། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་ཅིང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱེད་པ། བརྟན་ཐོག་ཡར་རྒྱས་ཀྱི་བྱ་བའི་སྤྱིའི་མདོ་དོན་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་གནས་བབ་གསར་བའི་ཁྲོད་ཧུར་ཐག་གི་འདྲེས་པར་བྱེད་པ། སྤུས་ཀ་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་བརྗོད་དོན་དུ་འཛིན་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་གཙོ་སྐུད་དུ་འཛིན་པ། བཅོས་སྒྱུར་གསར་གཏོད་ནི་རྩ་བའི་སྒུལ་ཤུགས་སུ་བྱེད་པ་དང་། ཉིན་རེར་འཕར་བཞིན་པའི་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐོང་བ་ནི་རྩ་བའི་དམིགས་འབེན་དུ་འཛིན་དགོས། རྒྱུད་ཁོངས་འདུ་ཤེས་རྒྱུན་འཁྱོངས་དང་། རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་སྟེ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་བས་གཅིག་གྱུར་འཆར་འགོད་བྱེད་པ་དང་། “བརྟན་འཇགས་དྲུག”གི་བྱ་བ་ཏན་ཏིག་གིས་ལེགས་པར་བསྒྲུབ་པ་དང“འགན་སྲུང་དྲུག”ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བས་སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ། “དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་བྱེད་པ་དང་། “དཔལ་འབྱོར་ཆགས་སྟངས་རིགས་བཞི”གསོ་སྐྱོང་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ཚུལ་མཐུན་གྱི་བར་མཚམས་སུ་སྲུང་འཛིན་གང་ཐུབ་བྱེད་པ་དང་། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་དགོས། ཚན་རྩལ་འཐབ་ཇུས་ཀྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”མགོ་ལེགས་པར་རྩོམ་པར་ཁག་ཐེག་བྱེད་དགོས་པ་དང་། གྲུབ་འབྲས་ཕུལ་ཏུ་བྱུང་བ་བླངས་ཏེ་ཏང་བཙུགས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་དགོས།

དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར6%འཕར་དགོས་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད6%ཡས་མས་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་ལ་བརྟག་དཔྱད་བྱས་ཚད5.5%ཡས་མས་སུ་ཚོད་འཛིན་བྱེད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་ཐོ་འགོད་བྱས་ཚད3.5%ནང་ཚུན་དུ་ཚོད་འཛིན་བྱེད་དགོས། སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཉིས་ཀ་གཞི་རྩའི་ཆ་ནས་འགྲོས་མཉམ་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་ཡིན་དགོས། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ལེགས་ཡིན་པའི་ཉིན་གྲངས་ཀྱི་བསྡུར་ཚད88%ཡན་དུ་སྲུང་འཛིན་བྱེད་པ་དང་། འབྲི་ཆུ་དང་། རྨ་ཆུའི་གཞུང་རྒྱུན། རྫ་ཆུ་བཅས་ཀྱི་ཆུ་སྤུས་རིགསIIཡན་དུ་སྲུང་འཛིན་བྱེད་དགོས་ཤིང་། ཙོང་ཆུ་ཞིང་ཆེན་ལས་བརྒལ་བའི་བཅད་ཁའི་ཆུ་སྤུས་རིགསIIIཚད་ལ་སླེབས་དགོས། ནུས་བསྲི་ཐཱན་ཉུང་དུ་གཏོང་ཚད་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དམིགས་ཚད་ནང་ཚུན་དུ་ཚོད་འཛིན་བྱེད་པ་དང་། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི107ཡན་དུ་སྲུང་འཛིན་བྱེད་དགོས།

གོང་གི་དམིགས་ཚད་ཀྱིས་རིམས་བབ་གནས་ཚུལ་དང་ཕྱིའི་ཁོར་ཡུག ནང་ཁུལ་གྱི་དཔལ་འབྱོར་སླར་གསོའི་གནས་ཚུལ་དང་ཁྲོམ་རའི་སྔོན་དཔག་བཅས་ཕྱོགས་ཀུན་ལ་བསམ་བློ་བཏང་ཡོད་པ་དང་། མཐའ་ཚད་བསམ་གཞིགས་མངོན་ཡོད་ལ། “ལོ་ལྔའི་འཆར་འགོད་བཅུ་བཞི་བ”དང་འབྲེལ་མཐུད་ཅུང་ལེགས་པོ་བྱས་ཡོད། དངོས་ཐོག་བདེན་འཚོལ་དང་ཆོས་ཉིད་ལ་བརྩི་སྲུང་བྱས་ཡོད་ལ། ཧུར་བརྩོན་ཡར་རྒྱས་དང་ཡིད་ཆེས་འཕེལ་བ་ཞིག་ཀྱང་ཡིན་པར་མ་ཟད། དགོས་མཁོ་དང་སྒྲུབ་ཐུབ་མིན་གཉིས་ཀར་ལྟ་རྟོག་བྱས་ཡོད། གནས་བབ་སྔར་བས་སྣེ་མང་རྙོག་འཛིང་ལྡན་ཞིང་ངེས་གཏན་མེད་པའི་རྒྱུ་རྐྱེན་སྔར་བཞིན་མི་ཉུང་བ་ཞིག་གནས་པའི་གནས་ཚུལ་འོག་ཏུ། གོང་གི་དམིགས་ཚད་མངོན་འགྱུར་བྱེད་དགོས་ན་དཀའ་སྤྱད་འབད་བརྩོན་བྱ་དགོས།

གསུམ། 2021ལོའི་རྒྱལ་དམངས་དཔལ་དང་སྤྱི་ཚོགས་གོང་སྤེལ་གྱི་ལས་འགན་དང་བྱེད་ཐབས་གཙོ་བོ།

2021ལོའི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་བླང་བྱ་མཐོ་བ་དང་། ལས་འགན་ལྕི་ལ་འགྲན་སློང་མང་བ་རེད། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས། ཐོག་མཐའ་ཀུན་ཏུ་རྒྱུན་ལྡན་རང་བཞིན་གྱི་རིམས་བབ་འགོག་སྡོམ་བྱ་བ་དམ་འཛིན་བྱེད་དགོས་ལ། “བརྟན་འཇགས་དྲུག”དང“འགན་སྲུང་དྲུག”ནུས་ཤུགས་ཡོད་རྒུས་འཛིན་དགོས་པ་དང་། དེ་ལས་ཀྱང་འཕེལ་རྒྱས་ཀྱི་གནས་བབ་གསར་བའི་ནང་འདྲེས་པའི་གོམ་པ་དང་པོ་དེ་ལེགས་པར་སྤོས་ནས་རྣམ་པ་གསར་བ་ཞིག་མངོན་ཐུབ་དགོས། དེ་ཡང་ཕྱོགས་བརྒྱད་ཀྱི་བྱ་བ་ཤུགས་ཆེན་པོས་ལེགས་པོར་བསྒྲུབ་དགོས།

(གཅིག) རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏང་དགོས། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འགྲོ་བ་གདམ་ག་དང་པོ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། “བཙན་ས་གསར་བ་བདུན”བསྐྲུན་པ་ཡིས་སྣེ་འཁྲིད་དེ། “སའི་གོ་ལའི་སྣེ་གསུམ་པར”སྲུང་སྐྱོང་བྱེད་པའི་ཆེས་ཆེ་བའི་འགན་འཁྲི་འཁུར་སེམས་དེ་མངོན་དགོས།

རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་དགོས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་མགྱོགས་མྱུར་སྒོས་འཛུགས་ཐུབ་པ་བརྩོན་ལེན་བྱ་དགོས་ཤིང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཇུས་འགོད་བྱེད་པར་ཏན་ཏིག་གིས་སྐུལ་སྤེལ་དང་། མཚོ་སྔོན་པོ་དང་ཁུ་ནུ་རི་བོ་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཡར་ཞུ་ཧུར་ཐག་གིས་རྒྱག་དགོས་ལ། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པ་ལེགས་པོར་བསྒྲུབ་དགོས། སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། རྒྱལ་ཁབ་སྤྱི་གླིང་གི་དོ་དམ་ལས་ཁུངས་དང་ས་གནས་སྲིད་གཞུང་གི་ལས་བགོས་ལུགས་མཐུན་ཡིན་ལ་འགན་དབང་གསལ་ཞིང་ཕན་ཚུན་ལ་འདེགས་སྐྱོར་བྱེད་པའི་ཡུན་ཕན་བྱ་བའི་རྐྱེན་སྲོལ་འཐུས་ཚང་འཛུགས་དགོས། སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་གནས་ལ་སྐུལ་སྤེལ་དང་། སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱེད་པའི་རྐྱེན་སྲོལ་འཚོལ་ཞིབ་དང་འཛུགས་སྐྲུན་བྱ་དགོས། རང་བྱུང་ཐོན་ཁུངས་ཀྱི་ས་ཆའི་བདག་དབང་གཅིག་གྱུར་གྱིས་གཏན་འཁེལ་ཐོ་འགོད་བྱེད་པའི་བྱ་བ་མུ་མཐུད་དུ་སྤེལ་བ་དང་། “ཐིག་གསུམ་ཐོ་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་འགོག་སྡོམ་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་ཏེ་བེད་སྤྱོད་པར་སྐུལ་འདེད་བྱ་དགོས། རང་བྱུང་སྲུང་སྐྱོང་ཁུལ་སྡེབ་སྒྲིག་ལེགས་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གཞི་གྲངས་ཆེན་མོའི་ལས་སྟེགས་འཛུགས་སྐྲུན་བྱེད་ཅིང་། “དཔེ་རིས་གཅིག”གི་དོ་དམ་མངོན་འགྱུར་བྱ་དགོས།

སྐྱེ་ཁམས་ལས་གྲྭ་གལ་ཆེན་ལ་སྐུལ་སྤེལ་བྱེད་པ། མཚོ་བོད་ཚན་རིག་བརྟག་དཔྱད་ཐེངས་གཉིས་པས་མཚོ་བོད་མཐོ་སྒང་གདོད་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་བརྟེན་ནས། དུས་ཚོད་དམ་འཛིན་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་འཆར་འགོད་སྒྲིག་བཟོ་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་སོགས་གནད་སའི་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་བསྟུད་མར་ལག་བསྟར་བྱ་དགོས་ཤིང་། ས་ཁོངས་སུ་ཞིང་ཆེན་དང་ལྗོངས་ཀྱི་མཉམ་ལས་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བྱ་དགོས། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོང་བྱེད་པའི་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ་དང་། གངས་རི་དང་འཁྱགས་ཀླུང་། ཆུ་མགོའི་འབབ་རྒྱུད། མཚེའུ་དང་བརླན་ས། རྩྭ་ཐང་དང་སྤངས་ལྗོངས། བྱེ་ཐང་སོགས་ཀྱི་སྐྱེ་ཁམས་ཉམས་གསོ་བྱེད་པར་ཤུགས་བསྣོན་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པར་ཤུགས་བསྣོན་དགོས། རྒྱལ་ཁོངས་ལྗང་སྒྱུར་སྲ་བརྟན་མཐོར་འདེགས་ལོ་གསུམ་འགུལ་སྐྱོད་སྤེལ་ཏེ། ཙོང་ཆུའི་གཞི་ཁྱོན་ཅན་གྱི་ནགས་ར་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁོངས་ལྗང་སྒྱུར་མུའུ་ཁྲི463.5ཡོངས་འགྲུབ་བྱ་དགོས། འབྲི་ཆུའི་འབབ་རྒྱུད་ལས་མཚོ་སྔོན་མཚམས་ཀྱི་ལོ་བཅུར་ཉ་འཛིན་པ་བཀག་འགོག་བྱེད་པ་དོན་འཁྱོལ་ནན་མོ་བྱེད་པ་དང་། མཚོ་སྔོན་པོའི་མཚོ་བཀག་ཉ་གསོ་རེབ་ཐེངས་དྲུག་པ་ལག་བསྟར་ལེགས་པོ་བྱེད་པ། ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་ལག་བསྟར་བཟང་བོ་བྱ་དགོས་ཤིང་། ནགས་དཔོན་ལམ་ལུགས་ཀྱི་ཚོད་ལྟ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱ་དགོས། “དྲུག་ལྔ་ཁོར་ཡུག་ཉིན་མོའི”རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ལེགས་པར་སྤེལ་བ་དང་། ཞིབ་འཇུག་བྱས་ཏེ་ཐཱན་འདུས་དང་ཆུ་དབང་ཉོ་ཚོང་ལྟེ་གནས་འཛུགས་དགོས། ཐཱན་འབུད་རྩེར་སོན་གྱི་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱ་བ་སྔོན་ལ་མངོན་འགྱུར་བྱེད་པ་དང་། ཐཱན་འབུད་རྩེར་སོན་འགུལ་སྐྱོད་ཀྱི་ཇུས་གཞི་འགོད་དགོས།

སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་དམ་འཛིན་བྱ་དགོས། མུ་རི་གཏེར་ཁུལ་དང་མདོ་ལ་རི་བའི་ལྷོ་རྒྱུད་ལས་མཚོ་སྔོན་དུམ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལོ་གསུམ་འགུལ་སྐྱོད་ཀྱི་ཇུས་གཞི་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ཉམས་གསོ་བྱ་བ་ཕྱོགས་ཡོངས་ནས་མགོ་རྩོམ་པ་དང་། ས་དོང་སྙོམས་པ་དང་འགྲམ་ལྡེབས་ཉམས་གསོ། རྩྭ་འདེབས་ལྗང་སྒྱུར། ར་བསྐོར་འགོག་གསོ། ས་ཆུ་སྲུང་འཛིན་སོགས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། ཁེ་ལས་དང་གཏེར་ལས་ཀྱི་ཁེ་དབང་སྡེབ་སྒྲིག་ལ་སྐུལ་སྤེལ་དང་། ལོ་གཉིས་ནང་ལྗང་མདོག་གི་རྣམ་པ་མངོན་ཐུབ་པར་ཁག་ཐེག་བྱ་དགོས། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་རེབ་ཐེངས་གཉིས་ནང་བཏོན་པའི་གནད་དོན་དག་ཐེར་བྱེད་པར་ཏན་ཏིག་གིས་སྐུལ་སྤེལ་བྱས་ཏེ། ལྟ་ཞིབ་དང་ལྟ་སྐུལ་བྱ་བར་ཤུགས་སྣོན་དང་དག་ཐེར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དུས་ཚོད་ལྟར་སྤུས་ཚད་མཐོན་པོས་ལེགས་འགྲུབ་བྱ་དགོས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་སྲུང་ཁྱབ་ཁོངས་ཀྱི་གནད་དོན་གྱི་གྲལ་བཤེར་ཆེན་པོ་དང་བཅོས་སྐྱོང་ཆེན་པོའི་བྱ་འགུལ་སྤེལ་ནས། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཁོར་སྲུང་གནད་དོན་སྐོར་ཞིག་ཐག་གཅོད་བྱེད་དགོས།

འབག་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་གཡུལ་འཐབ་ལེགས་པོར་རྒྱག་དགོས། རླུང་ཁམས་ཆེན་པོའི་ཁོར་ཡུག་གི་དྲ་བ་ཅན་གྱི་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་དང་མཉམ་འགོག་མཉམ་སྡོམ་ཇེ་དྲག་ཏུ་གཏོང་བ། འཐུང་ཆུའི་མགོ་ཁུངས་སྲུང་སྐྱོང་དང་འབག་བཙོག་དྲི་ངན་གྱི་ཆུ་བཅོས་སྐྱོང་བྱེད་པར་སྐུལ་སྤེལ་དང་། གྲོང་ཁྱེར་གྱི་འཐུང་ཆུའི་ཆུ་མགོ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱ་དགོས། ས་རྒྱུའི་འབག་བཙོག་འགོག་བཅོས་ཀྱི་བྱ་བ་དམ་འཛིན་བྱེད་པ།“སྙིགས་མེད”གྲོང་ཁྱེར་གྱི་ཚོད་ལྟར་བསྟུད་མར་སྐུལ་སྤེལ་བྱེད་ཅིང་། ས་གནས་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་བགར་བ་ཕྱོགས་ཡོངས་ནས་མགོ་རྩོམ་པ་དང། འགྱིག་ཤོག་འབག་བཙོག་གི་ཁྱོན་ཡོངས་བཅོས་སྐྱོང་ལ་ཤུགས་བསྣོན་བྱེད་པ། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”ནུས་སྲི་སྙིགས་འཕྲིའི་ཕྱོགས་བསྡུས་ལས་དོན་ཇུས་གཞི་དོན་འཁྱོལ་བྱེད་ཅིང་། ནུས་ཁུངས་འཛད་སྤྱོད་བསྡོམས་འབོར་དང་ཟད་གྲོན་གྱི་ཚད་ལ་ཚོད་འཛིན་བྱེད་པ་སྟེ“ཚོད་འཛིན་གཉིས”ལ་ཤུགས་བསྣོན་པ་དང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་དྭངས་གཙང་དྲོད་རླངས་མཁོ་འདོན་སྒྱུར་བཀོད་ཀྱི་ཚོད་ལྟའི་ཁྱབ་ཁོངས་རྒྱ་བསྐྱེད་གཏང་དགོས།

(གཉིས) ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏང་དགོས། “ཞིང་གསུམ”བྱ་བ་ནི་གལ་ཆེན་ནང་གི་དོན་ཆེན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པ་དང་། ས་བོན་དང་རྨོ་ཞིང་གི་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས་ཤིང་། ཞིང་ལས་ཀྱི་སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བ། གྲོང་གསེབ་གནས་ལ་འཚམ་ཞིང་ལས་ལ་འཚམ་པ། ཞིང་བ་ཕྱུག་པོར་འགྱུར་བ་བཅས་ལ་སྐུལ་སྤེལ་བྱེད་དགོས།

དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏང་དགོས། གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་། དབུལ་བོར་བསྐྱར་ལོག་བཀག་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་འཛུགས་དགོས། ལོ5ཡི་བར་བརྒལ་དུས་སྐབས་ཀྱི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པ་དང་། རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་སྲུང་འཛིན་བྱེད་དགོས་ཤིང་། མགོ་ཁྲིད་ཀྱི་སྒྲིག་གཞི་དང་བྱ་བའི་མ་ལག འཕེལ་རྒྱས་འཆར་འགོད། སྲིད་ཇུས་དང་བྱེད་ཐབས། དཔྱད་ཞིབ་རྐྱེན་སྲོལ་སོགས་འབྲེལ་མཐུད་གང་ལེགས་བྱེད་པ་དང་། རིགས་བགར་ཏེ་ལེགས་སྒྱུར་ལེགས་སྒྲིག་བྱེད་པ་དང་། ལེགས་སྒྲིག་གི་མྱུར་ཚད་དང་ཤུགས་ཚད། དུས་ཚད་བཅས་ལ་ལུགས་མཐུན་གྱིས་སྟངས་འཛིན་བྱེད་དགོས་ཤིང་། དབུལ་ཐར་གྱི་བརྟན་འཇགས་རང་བཞིན་ཇེ་དྲག་ཏུ་གཏང་དགོས། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ས་གཞན་གནས་སྤོའི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་དགོས་ཤིང་། ཆ་སྒྲིག་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱིའི་ཆ་རྐྱེན་འཐུས་ཚང་དུ་གཏོང་བ་དང་། དབུལ་སྐྱོར་ཐོན་ལས་ཀྱི་རིམ་པ་སྤར་བ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་ཤུགས་ཆེན་པོས་གོང་སྤེལ་གཏོང་དགོས། འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་སྤེལ་བྱས་ཏེ། པེ་ཅིང་དང་ཧྲང་ཧའེ། ཀྲི་ཅིང་སོགས་ཞིང་ཆེན་ཕྱི་ཡི་དབུལ་སྐྱོར་ཆེད་ཁང་དང་ཞིང་ཆེན་ནང་གི་འཛད་སྤྱོད་དབུལ་སྐྱོར་ཆེད་ཁུལ་འཛུགས་པ་དང་། དབུལ་སྐྱོར་ཆེད་སྒམ་འཛུགས་པར་ཤུགས་བསྣོན་དགོས། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཁྲོད་བཏོན་པའི་གནད་དོན་དག་ཐེར་བྱ་བ་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་ཏེ། གཞི་ཁྱོན་ལྡན་པའི་སྒོ་ནས་དབུལ་བོ་བསྐྱར་ལོག་མི་འབྱུང་བར་ཁག་ཐེག་བྱ་དགོས།

རོང་འབྲོག་ལས་ཀྱི་ཐོན་ལས་དང་ཡོང་སྒོ་འཕར་སྣོན་ལ་སྐུལ་སྤེལ་བྱ་དགོས། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་བྱེད་དགོས་ཤིང་། ད་དུང་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི30འཆར་འགོད་བྱས་ཏེ། ལོ་ཏོག་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི426ཡན་དུ་བརྟན་འཇགས་ཡོང་བར་ཁག་ཐེག་བྱ་དགོས། “ཚོད་སླེ”ལེགས་པར་བསྐྲུན་ནས། སྤྱིལ་ཁང་རྙིང་བ5000བསྒྱུར་བཀོད་བྱེད་རྒྱུ་དང་དྲོད་ཁང་ཕྱི་རུ་སྔོ་ཚལ་འདེབས་པར་ཁ་གསབ་བྱེད་པའི་ལས་གཞི་མུའུ་ཁྲི12ལག་བསྟར་བྱ་དགོས། ཕྱུགས་ལས་ཐོན་སྐྱེད་དམ་འཛིན་བྱས་ནས། ནོར་ལུག་གི་ཤའི་ཐོན་ནུས་བརྟན་འཇགས་ཡོང་བ་དང། གསོ་ཕག་གི་ཐོན་ནུས་སླར་གསོ་དང་མཐོར་འདེགས་གཏོང་དགོས་ཤིང་། སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་ལ་ཤུགས་སྣོན་བཅས་བྱེད་པ་དང་། སྤུས་ཚད་ལེགས་པོ་རིན་གོང་མཐོན་པོར་བཙོང་བར་ཤུགས་འདོན་དགོས། རྨོ་ཞིང“ཞིང་ལས་མིན་པར་བསྒྱུར་བར”མཐའ་གཅིག་ཏུ་བཀག་འགོག་དང། རྨོ་ཞིང“འབྲུ་ཞིང་མིན་པར་བསྒྱུར་བ”ནན་འགོག་བྱ་དགོས། དེང་རབས་འདེབས་འཛུགས་ལས་རིགས་མཐོར་འདེགས་ལས་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྒྱུད་འདྲེས་པད་ཁ་དང་ཞོག་ཁོག་སོགས་སོན་རིགས་གསར་བ་གསོ་སྐྱོང་བྱས་ཏེ། འདེབས་འཛུགས་འདེབས་གསོའི་ལག་རྩལ་ཇེ་བཟང་དུ་གཏོང་དགོས་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་གོ་རིམ་ཧྲིལ་བོ་ཁྱོན་ཡོངས་ནས་འཕྲུལ་ཆས་ཅན་དུ་བསྒྱུར་བར་ཤུགས་ཆེན་པོས་སྐུལ་སྤེལ་བྱ་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་པ་དང་། རྫས་ལུད་དང་ཞིང་སྨན་ཉུང་འཕྲི་ནུས་མཐོའི་འགུལ་སྐྱོད་ལ་སྐུལ་འདེད་བྱས་ཏེ་གྲངས་ཚད་གཙོར་འཛིན་པ་ནས་སྤུས་ཚད་གཙོར་འཛིན་པར་བསྒྱུར་དགོས་ལ། རྒྱ་ཁྱོན་མུའུ་ཁྲི300ཡན་དུ་བརྟན་འཇགས་ཡོང་དགོས་པ་དང་། ཞིང་ཕྱུགས་ཐོན་རྫས་ཁུངས་འདེད་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏང་དགོས། ཁྱིམ་ཚང་ཕྱུགས་ར་དང་རོང་འབྲོག་དམངས་མཉམ་ལས་ཁང་སོགས་གསར་དར་གཉེར་སྐྱོང་བྱེད་པོ་སྐོར་ཞིག་གསོ་སྐྱོང་བྱེད་དགོས་ལ། འབྲེལ་དྲ+ཡི་དེང་རབས་ཞིང་ལས་འགུལ་སྐྱོད་སྤེལ་དགོས།

གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་གཅིག་གྱུར་སྒོས་ལག་བསྟར་བྱ་དགོས། “གྲོང་གསེབ་བརྒྱ་སྟོང”གི་དཔེ་སྟོན་ལས་གྲྭར་སྐུལ་སྤེལ་བྱེད་པ་དང་། གསར་དུ་བསྣན་པའི་གྲོང་གསེབ25ཡི་གྲོང་གསེབ་དར་སྤེལ་དཔེ་སྟོན་ཚོད་ལྟའི་བྱ་བ་དམ་འཛིན་བྱེད་དགོས་ལ། “མཐོ་སྒང་གི་མཛེས་པའི་གྲོང་གསེབ”295འཛུགས་སྐྲུན་བྱེད་དགོས་པ་དང་། སྤྲོ་གསེང་ཞིང་ལས་གྲོང་གསེབ་དར་སྤེལ་དཔེ་སྟོན་རྟེན་གཞི20གསོ་སྐྱོང་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཅིག་དྲིལ་ཅན་གྱི་འཆར་འགོད་དང་འཛུགས་སྐྲུན། བདག་སྐྱོང་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་འཛུགས་དགོས་པ་དང་། “བཟང་བཞི་ཞིང་སྡེའི་ལམ”འཛུགས་སྐྲུན་ལ་སྐུལ་འདེད་བྱེད་ཅིང་། ཞིང་པའི་སྡོད་ཁང་འཛུགས་སྐྲུན་གྱི་སྤུས་ཚད་ཇེ་མཐོར་གཏང་དགོས། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་མཐོར་འདེགས་གཏོང་བའི་ལོ་ལྔའི་འགུལ་སྐྱོད་མགོ་བརྩམས་ཏེ་ལག་བསྟར་བྱེད་པ་དང་། ཞིང་སྡེའི་མགོ་ཁུངས་འབག་བཙོག་ནུས་ལྡན་སྒོས་འགོག་བཅོས་བྱེད་དགོས་ཤིང་། “སྤྱོད་ཁང་གསར་བརྗེའི”ལོ་གསུམ་འགུལ་སྐྱོད་གསར་བ་མགོ་རྩོམ་པ་དང་། ཡུལ་བབ་དང་བསྟུན་ནས་འཚོ་བའི་གད་སྙིགས་གཙང་སེལ་དང་བཙོག་ཆུ་གཙང་བཟོ་བྱ་བར་སྐུལ་སྤེལ་བྱ་དགོས། གྲོང་སྡེའི་ཁ་འགྲེམས་སྟངས་དང་རིགས་ལུགས་མཐུན་སྒོས་གཏན་འཁེལ་བྱེད་པ་དང་། སྲོལ་རྒྱུན་གྲོང་སྡེ་དང་གྲོང་གསེབ་ཀྱི་རྣམ་པར་སྲུང་སྐྱོང་བྱ་དགོས། ཚན་རྩལ་གྲོང་གསེབ་ཏུ་བསྐྱོད་པ་དང་ཟློས་གར་གྲོང་གསེབ་ཏུ་སྐྱེལ་བ། ན་གཞོན་ཞིང་སྡེར་ལོག་པ། ཡ་རབས་ཚུལ་ལྡན་གྱི་ཡུལ་སྲོལ་དར་སྤེལ་བཅས་ཀྱི་འགུལ་སྐྱོད་སྤེལ་དགོས།

(གསུམ) ཐོན་ལས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོར་འདེགས་གཏང་དགོས། གོང་སྤེལ་གྱི་གཙོ་གནད་ནི་དངོས་གཞིའི་དཔལ་འབྱོར་སྟེང་འབབ་དགོས་པ་དང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་ཅིང་། རྒྱུན་འཛིན་ཁྲོད་གསར་གཏོད་བྱེད་པ་དང་གསར་གཏོད་ཁྲོད་མཐོར་འདེགས་གཏོང་དགོས་ལ། “དཔལ་འབྱོར་ཆགས་སྟངས་རིགས་བཞིའི”འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བའི་སྟེང་བརྟན་པོའི་ངང་བསྐྱོད་དགོས།

གསར་གཏོད་ཀྱི་སྲོག་ཤིང་གོ་གནས་འབུར་དུ་བཏོད་དགོས། ཚན་རྩལ་གྱི་ཆེད་དམིགས་རྣམ་གྲངས་གལ་ཆེན་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། སྔོན་ཐོན་ནུས་གསོག་ལག་རྩལ་གྱི་རྒྱལ་ཁབ་ཀྱི་གནད་སའི་ཚོད་ལྟ་ཁང་དང་། འདུས་གྲུབ་གློག་ལམ་སྭེལ་རྒྱུ་ཆ། བོད་སྨན་གསར་བ་སོགས་ཀྱི་ལས་སྟེགས་གསར་བ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཡོངས་ནུས་གསོག་ཚོད་ལྟའི་སྔོན་སྐྱོད་ཁུལ་ཧུར་ཐག་གིས་བསྐྲུན་ཅིང་། མཚོ་སྔོན་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་གོང་སྤེལ་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་དང་མཚོ་ཤར་ཙོང་ཆུ་ཁུལ་གསར་རྒྱལ་ཁབ་ཚན་རྩལ་ཐོན་ཁུངས་འདེགས་སྐྱོར་ཅན་གྱི་གཉིས་གཏོད་ཁྱད་ལྡན་ཐེག་གཟུགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས། མཐོ་གསར་ལག་རྩལ་ཁེ་ལས་ཀྱི“འབོར་སྤུས་གཉིས་སྤར”འགུལ་སྐྱོད་སྤེལ་བ་དང་། མཐོ་གསར་ལག་རྩལ་ཁེ་ལས15གསོ་སྐྱོང་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་སྒྲིག་གཞི་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གནད་སའི་ཚན་རིག་ཞིབ་འཇུག་ལས་གཞིའི“དཔའ་ཁས་ལེན”དང་གྲོན་དངུལ་གྱི“སྒྲུབ་འགན་གཙང་ལེན་ལམ་ལུགས”ལག་བསྟར་བྱེད་ཅིང་། ཁེ་ལས་ཀྱིས་སྣེ་ཁྲིད་དེ་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ། དགོས་མཁོ་ཆེ་ཞིང་དཀོན་པའི་འཇོན་མི་བསྡུ་རུབ་བྱེད་པའི་ལས་གྲྭ་ལག་བསྟར་བྱེད་པ་དང་། “མཚོ་སྔོན་གྱི་ཤེས་ལྡན་པའི”འཆར་གཞི་དང་རྩེར་སོན་གསར་གཏོད་ཤེས་ལྡན་མི་སྣ་སྟོང་གི་འཆར་གཞིར་སྐུལ་སྤེལ་བྱེད་ཅིང་། “མཚོ་སྔོན་ཀྱི་སྐད་གྲགས་སྒྲོག་པ”ཞེས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་དགོས།

ལེགས་ཆ་ལྡན་པའི་ཐོན་ལས་ཀྱི་སྟོབས་ཆེ་རུ་གཏང་དགོས། རྒྱལ་ཁབ་དྭངས་གཙང་ནུས་ཁུངས་ཐོན་ལས་ཀྱི་བཙན་ས་བསྐྲུན་པ་དང་། མཚོ་ལྷོ་དང་མཚོ་ནུབ་ཀྱི་སྟོང་ཝ་ཁྲི་སྟོང་རིམ་པའི་དྭངས་གཙང་ནུས་ཁུངས་རྟེན་གཞི་རེབ་གཉིས་པ་འཛུགས་སྐྲུན་མགོ་རྩོམ་དགོས་ལ། མཚོ་སྔོན་དང་ཧོ་ནན་བར་གྱི་ཆ་སྒྲིག་གློག་ཁུངས་སྐབས་གཉིས་པ་ལས་མགོ་རྩོམ་རྒྱུ་བརྩོན་ལེན་བྱེད་པ་དང་། མཚོ་སྔོན་གྱི་གློག་ཕྱི་ལ་སྐྱེལ་བའི་རྒྱུ་ལམ་གཉིས་པའི་དུས་སྔོན་བྱ་བར་མགྱོགས་མྱུར་སྒོས་སྐུལ་འདེད་གཏང་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་པ་དང་། “ཁུལ་བཞི་རྒྱུད་གཅིག”གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་བཀོད་ཁྱབ་འཛུགས་དགོས། སྤུས་ཀ་ལེགས་པའི་ནོར་ལུག་གི་ཤ་དང་འཕང་འབྲས་སོགས་ཐོན་སྤེལ་རྒྱ་བསྐྱེད་གཏོང་བའི་ལས་གཞི་ལག་བསྟར་བྱེད་ཅིང། “མཚོ་སྔོན”མིང་རྟགས་ཅན་གྱི་ཚོང་རྟགས་མུ་མཐུད་དུ་གསོ་སྐྱོང་བྱེད་པ་དང་། འཛད་སྤྱོད་དངོས་རྫས་ཀྱི་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ་དགོས། འཛམ་གླིང་རང་བཞིན་གྱི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་འཛུགས་པ་དང་། མཱེ་དང་ནཱའི་ཐོན་ཁུངས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་པ་དང་ཚྭ་མཚེའུ་ཚྭ་ཆུ་ལས་སྣོན་ཞིབ་ཕྲ་བྱེད་པ། སྙིགས་རོ་འབོར་ཆེན་རིགས་འཁོར་རྒྱུག་བེད་སྤྱོད་བྱེད་པ་སོགས་ཀྱི་ཐོན་ལས་ཕྲེང་སྦྲེལ་བརྟན་པོའི་ངང་བསྐྲུན་དགོས་ཤིང། ཚྭ་མཚེའུ་ཡི་རྫས་འགྱུར་བཟོ་ལས་ནི་ལིས་ལྡན་གློག་དང་དམིགས་བསལ་བསྲེས་ལྕགས། ཚ་གསོག མེ་བཟོད་འབར་འགོག་སོགས་རྒྱུ་ཆ་གསར་བའི་ཁྱབ་ཁོངས་སུ་རྒྱ་བསྐྱེད་པར་སྐུལ་འདེད་བྱེད་པ་དང། གནད་སའི་གླིང་ཁུལ་གྱི་འཁོར་སྐྱོད་རང་བཞིན་གྱི་བསྒྱུར་བཀོད་ལ་སྐུལ་སྤེལ་བྱ་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏོང་དགོས་ལ། སྐྱེ་ཁམས་ཡུལ་སྐོར་དང་དམངས་སྲོལ་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར། བར་སྣང་དམའ་མོའི་ཡུལ་སྐོར་སོགས་ལས་རྣམ་གསར་བ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། “བསྐོར་གཅིག་ཁུལ་དྲུག་ཁྱམས་གཉིས་གནས་མང”གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་བབ་གསར་བ་བསྐྲུན་ཏེ། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སླར་གསོ་རང་བཞིན་གྱི་འཕར་སྣོན་ལ་སྐུལ་འདེད་གཏང་དགོས།

གསར་དར་ཐོན་ལས་གསོ་སྐྱོང་དང་རྒྱ་བསྐྱེད་དགོས། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། སྐྱེ་དངོས་སྨན་རྫས། སྒྲིག་ཆས་བཟོ་སྐྲུན་སོགས་གནད་འགག་གི་ཁྱབ་ཁོངས་ལ་དམིགས་ནས། རྡང་སྐྱེད་དང་རྡང་གསབ། རྡང་བསྲིངས་ཐོན་ལས་ལས་གཞི་ལག་བསྟར་བྱེད་དགོས། འོད་ནུས་བཟོ་སྐྲུན་དང་རླུང་གློག་སྒྲིག་ཆས་ཆ་ཚང་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་། ཡ་གླིང་སྭེལ་ལས་ཀྱི་བདར་མང་སྭེལ་དང་ཅིན་ཁི་ནུས་ཁུངས་བདར་མང་བླུགས་འཕང་གཞོགས་ལེབ་ལས་གཞི་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ། འདྲེས་ལྕགས་གསར་བ་དང་། ཐཱན་ཚི་སྣ། གློག་རྡུལ་ཆ་འཕྲིན། འོད་ནུས་རྒྱུ་ཆ་སོགས་ནི་ཁ་ཕྱོགས་གཙོ་བོ་རུ་བྱེད་པ་དང་། ཀྲུང་ཧུའུ་ཧྲིན་ཡུན་ཐཱན་ཚི་སྣ་དང་ཐའེ་ཧུན་སྔོན་སྐྱོད་ནུས་མཐོ་སྟུག་ཚད་ལིས་ལྡན་གློག་རྒྱུ་ཆ། ནོ་ཏི་གློག་བཞུས་ཟངས་ལེབ་ལས་སྐབས་གཉིས་པ་སོགས་ཀྱི་ལས་གཞི་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ། སྔ་མོ་ནས་ཐོན་སྐྱེད་བྱེད་རྒྱུ་བརྩོན་ལེན་བྱེད་དགོས། གླ་ཚེར་དང་ལི་གྲོ་སོགས་ཁྱད་ལྡན་ཐོན་ཁུངས་སོགས་ལས་སྣོན་ཞིབ་ཚགས་བྱེད་ཚད་མཐོར་འདེགས་གཏོང་བ་དང་། ཀྲུང་བོད་སྨན་རྫས་གསར་བ་དང་སྨན་ཐུམ་གསར་བ་མགྱོགས་མྱུར་གྱིས་ཞིབ་འཇུག་གསར་བཟོ་བྱེད་དགོས་ཤིང་། སྐྱེ་དངོས་དང་སྨན་རྫས་ཀྱི་ཐོན་ལས་ཕྲེང་སྦྲེལ་ཡོངས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་དགོས། གནད་འགག་གི་གཞི་རྒྱ་ཆེ་བའི་ལུགས་རྒྱག་རྡུང་བཟོ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། ཆེད་སྤྱོད་འཁོར་སྟེགས་སོགས་རྩེར་སོན་ཐོན་རྫས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། གཞི་གྲངས་ཆེན་པོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་། ནུས་ཁུངས་སྤྱོད་པའི་མ་གནས་ཆུང་དུ་གཏོང་དགོས་ལ། གཞི་གྲངས་ཀྱི་སྦས་ཤུགས་སྔོག་འདོན་དང་བཀོལ་སྤྱོད་བྱེད་པ་སོགས་རྗེས་མཐུད་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་ལས་ལ་རོགས་སྐྱོར་བྱས་ཏེ། “གསོག་རྩིས་སྤྱོད་གསུམ”གྱི་ཁྱོན་ཡོངས་ཀྱི་ཕྲེང་སྦྲེལ་འཕེལ་རྒྱས་གནས་སྟངས་ཤིག་ཆགས་སུ་འཇུག་དགོས།

དེང་རབས་ཞབས་ཕྱི་ལས་རིགས་ཀྱི་ཆུ་ཚད་ཇེ་མཐོར་གཏང་དགོས། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཕྱི་ལས་རིགས་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བའི་ཚོད་ལྟའི་བྱ་བ་སྤེལ་ཏེ། ཞིབ་འཇུག་གསར་སྤེལ་དང་ཇུས་འགོད། ཚོད་ལྟ་ར་སྤྲོད། སྤུས་ཚད་བརྟག་བཤེར་དང་ཞིབ་དཔྱད་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱི་ལས་རིགས་གསོ་སྐྱོང་དང་རྒྱ་ཆེ་རུ་གཏོང་དགོས། ལས་སྟེགས་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཚད་ཇེ་ཆེར་བཏང་སྟེ། སྐྱེ་ཁམས་ཐོན་ལས་རྒྱལ་སྤྱིའི་ལས་སྟེགས་འཛུགས་པ་དང་། འཐེན་ཐུག་ཐོན་ལས་ཀྱི་གྲངས་འཛིན་ཅན་གྱི་ལས་སྟེགས་དང་ཟོང་འགྲུལ་ཆ་འཕྲིན་ཉོ་ཚོང་ལས་སྟེགས་དྲ་བར་ཞུགས་ཚད་ཇེ་མགྱོགས་སུ་གཏང་དགོས། ནས་དང་མཚོ་སྔོན་གྱི་ནོར་ལུག་གི་ཤ་ཉོ་ཚོང་ལྟེ་གནས་ཀྱི་རྒྱ་དང་སྟོབས་ཆེ་རུ་གཏོང་བ་དང་། གློག་ཤུགས་ཉོ་ཚོང་ལྟེ་གནས་ཀྱི་འཛུགས་སྐྲུན་ལེགས་སྒྱུར་བྱ་དགོས། ཁེ་ལས་སྤྲིན་དྲར་ཞུགས་པའི་ལོ་གསུམ་འགུལ་སྐྱོད་སྤེལ་བ་དང། སྣེ་ཁྲིད་ཁེ་ལས་ཀྱིས་བཟོ་ལས་འབྲེལ་དྲ་ལས་སྟེགས་འཛུགས་པར་རྒྱབ་སྐྱོར་བྱ་དགོས། ཤེས་རིག་ཟོང་འགྲུལ་གོང་སྤེལ་ལ་སྐུལ་སྤེལ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཆོད་ཆེ་བའི་སྡེབ་སྐྱེལ་མ་ལག་འཛུགས་པ། མྱུར་སྐྱེལ་དང་གློག་རྡུལ་ཚོང་དོན་མཉམ་འདྲེས་དཔེ་སྟོན་རྟེན་གཞི་བསྐྲུན་དགོས་ཤིང་། འཚུལ་ཟློག་ཟོང་འགྲུལ་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། “མྱུར་སྐྱེལ་གྲོང་གསེབ་དུ་བསྐྱོད་པའི”ལས་གྲྭ་ལག་བསྟར་བྱ་དགོས། འཚོ་བ་རང་བཞིན་གྱི་ཞབས་ཕྱི་ལས་རིགས་ནི་སྤུས་ཚད་མཐོ་བ་དང་སྣ་མང་རང་བཞིན་ལ་རིམ་པ་སྤར་བར་སྐུལ་འདེད་བྱེད་པ་དང་། རྒན་གསོ་དང་བཅོལ་གསོ། ཁྱིམ་སྲིད་སོགས་ཞབས་ཕྱི་ཚད་ལྡན་ཅན་དང་ཚོང་རྟགས་ཅན་དུ་བསྒྱུར་བར་སྐུལ་འདེད་བྱ་དགོས།

(བཞི) ཧུར་ཐག་ནུས་ལྡན་སྒོས་ནང་མཁོ་རྒྱ་བསྐྱེད་པ། དགོས་མཁོ་ཕྱོགས་ཀྱི་དོ་དམ་ལ་དོ་སྣང་བྱས་ཏེ། དངུལ་གཏོང་གི་གནད་འགག་གི་ནུས་པ་དང་འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་དངོས་གནས་འདོན་སྤེལ་བྱེད་པ་དང་། མ་དངུལ་ནི་སྤྲོད་མཁོ་གཉིས་ཀར་ཕན་པ་དང་སྒྱུར་རྩིས་ཀྱི་ཕན་ནུས་ལྡན་པའི་ཁྱབ་ཁོངས་སུ་གཏོང་བར་སྣེ་ཁྲིད་བྱ་དགོས་ཤིང་། ཞིང་ཆེན་ནང་གི་དགོས་མཁོ་བརྟན་པོའི་ངང་རྒྱ་བསྐྱེད་གཏོང་བར་སྐུལ་འདེད་གཏང་དགོས།

ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏང་དགོས། “ལས་གཞི་གཙོར་འཛིན་པ”རྒྱུན་འཁྱོངས་བྱེད་པ་དང་། ལས་གཞི་གལ་ཆེན་གྱི་དུས་སྔོན་གྲ་སྒྲིག་བྱ་བ་དང་འཛུགས་སྐྲུན་གཉིས་ཀྱི་གསལ་ཐོ་འཛུགས་དགོས་ཤིང་། འཁོར་ཡུན་ཡོངས་ཀྱི་བཀོད་གཏོང་སྐུལ་སྤེལ་རྐྱེན་སྲོལ་འཛུགས་པ་དང་། མ་དངུལ་གཏོང་ཚད་དང་དངོས་རྫས་ཀྱི་གྲངས་ཚད་སྔར་ལས་མང་པོ་ཞིག་ཆགས་དགོས། རྨང་གཞིའི་སྒྲིག་བཀོད་གསར་བ་འཛུགས་སྐྲུན་གྱི་ཐད་ནས། ཟི་ལིང་གི་རྒྱལ་སྤྱིའི་འབྲེལ་དྲའི་གཞི་གྲངས་ཆེད་སྤྱོད་རྒྱུ་ལམ་དང་མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་གི་ལས་སྐབས་གཉིས་པ་སོགས་ལས་གཞི་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་འགྲེམས་སྟོན་གཉེར་སྐྱོང་ལྟེ་གནས་བསྐྲུན་དགོས་ཤིང་། མཚོ་བོད་མཐོ་སྒང་གི་གཞི་གྲངས་ལས་མཚོ་སྔོན་ཡན་ལག་ལྟེ་གནས་དང་ས་ཁམས་བར་སྟོང་གཞི་གྲངས་ཆེན་མོའི་ལྟེ་གནས་སོགས་ལས་གཞིའི་དུས་སྔོན་བྱ་བར་སྐུལ་འདེད་གཏང་དགོས། འགྲིམ་འགྲུལ་གྱི་ཐད་ནས། ཟི་ལིང་དང་ཁྲིན་ཏུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཟི་ལིང་དང་ཚྭ་ཁ་གྲོང་ཁྱེར་བར་གྱི་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་ལས་ཟི་ལིང་ནས་ན་གོར་མོ་བར་གྱི་ལྕགས་ལམ་གྱི་སྤུས་འདེགས་ལས་གྲྭ་ལས་མགོ་རྩོམ་དགོས་ཤིང་། ལྕགས་ལམ་ཀྱི་ལས་གཞི་གལ་ཆེན་གྱི་དུས་སྔོན་ཞིབ་འཇུག་བྱ་བ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་དགོས། ཟི་ལིང་གནམ་ཐང་ལས་སྐབས་གསུམ་པ་དང་ཡུལ་ཤུལ་གནམ་ཐང་གི་བསྐྱར་བསྐྲུན་རྒྱས་བསྐྲུན་ལས་གྲྭར་སྐུལ་སྤེལ་བྱེད་པ་དང་། རྨ་ལྷོ་སོགས་ཀྱི་ཡན་ལག་གནམ་ཐང་ལས་གྲྭའི་དུས་སྔོན་བྱ་བ་ཇེ་མགྱོགས་སུ་གཏང་དགོས། རེབ་གོང་ནས་གསེར་ལུང་དང་སྤེན་མདོ་ཉག་ག་ནས་མིན་ཡོན་བར། ན་གོར་མོ་ནས་སྔོན་གྱི་མང་ནེ་སོགས་ཀྱི་གཞུང་ལམ་འཛུགས་སྐྲུན་དམ་འཛིན་བྱེད་དགོས་ལ། ཏ་ཧི་ཅཱ་ནས་རག་ཤུལ་མདོ་དང་ཚྭ་ཁ་ནས་ཚྭ་ཧན་ནཱོ། ཁྲི་ཀ་ནས་རྟ་བོ་སོགས་བར་གྱི་གཞུང་ལམ་ལས་གཞི་མགོ་རྩོམ་དགོས། ཆུ་བེད་ཀྱི་ཐད་ནས། ལ་ཟེ་བ་ཆུ་ཡུར་ལས་གྲྭ་བསྐྲུན་པ་དང་། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་མ་ཡུར་ནུབ་མ་དང་ཙོང་ཆུ་བྱང་འདྲེན་གྱི་ལས་སྐབས་གཉིས་པ། ཞོས་ཅི་འགག་དང་ན་ལེང་ཀུ་ལུ་ཆུ་བེད་ལྟེ་གནས་སོགས་ཀྱི་ལས་གྲྭར་སྐུལ་སྤེལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། ནུས་ཁུངས་ཀྱི་ཐད་ནས། ལ་ཟེ་བ་དང་སྔོ་རྒྱ་འགག་ཆུ་གློག་ས་ཚིགས་རྒྱ་བསྐྱེད་པ་དང་། མར་ཐང་ཆུ་གློག་ས་ཚིགས་ཀྱི་ལས་མགོ་བསྐྱར་རྩོམ་བྱ་རྒྱུ། རྨ་ཆུའི་སྐས་རིམ་གློག་ཁང་གི་ནུས་གསོག་ལས་གཞི་ཆེ་གྲས་ཀྱི་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་མགོ་རྩོམ་དགོས་ཤིང། ཡུས་ཁའི་སྟོང་ཝ750ཅན་གྱི་གློག་སྒོ་ས་ཚིགས་རྒྱས་བསྐྲུན་བྱེད་རྒྱུ་དང་། སྟོང་ཝ750ཅན་གྱི་དགོན་ལུང་ནས་ཝུའུ་ཧྲིན་བར་གྱི་གློག་ལམ་གསུམ་པ་གསར་སྐྲུན་བྱེད་དགོས་ཤིང་། ལའོ་ཏུའུ་དང་ན་གོར་མོའི་རླངས་གསོག་ས་ཚིགས་སྐབས་གཉིས་པ་ལས་དགོས།

མ་དངུལ་གཏོང་ཚད་འཕར་བའི་གཏིང་ཤུགས་ཆེ་རུ་གཏང་དགོས། “དུང་ཕྱུར་བརྒྱ་སྟོང་ཁྲི་ཕྲག”གི་གྲབས་གསོག་ལས་གྲྭ་ལག་བསྟར་བྱེད་པ་དང་། “ཞིང་ཆེན་རིམ་པའི་དུང་ཕྱུར་ཁྲི་དང་གྲོང་ཁྱེར་དང་ཁུལ་རིམ་པའི་དུང་ཕྱུར་སྟོང་། རྫོང་དང་ཆུས་རིམ་པའི་དུང་ཕྱུར་བརྒྱའི”རིམ་པ་གསུམ་གྱི་ལས་གཞིའི་མཛོད་འཛུགས་དགོས་ཤིང་། དོན་སྤྱི་ཙམ་གྱི་ལས་གཞི་གྲབས་གསོག་ལས་གཞི་རུ་བསྒྱུར་བ་དང་གྲབས་གསོག་ལས་གཞི་ནི་ལག་བསྟར་ལས་གཞི་རུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏང་དགོས། “གསར་བ་གཉིས་དང་གལ་ཆེན་གཅིག”གི་ལས་གཞི་གལ་ཆེན་མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པ་དང་། ལྕགས་ལམ་དང་གཞུང་ལམ། དམངས་སྤྱོད་མཁའ་འགྲུལ། ནུས་ཁུངས། ཆུ་བེད། ཆ་འཕྲིན། ཟོང་འགྲུལ། རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་འཆར་འགོད་བྱས་ཏེ། ལས་གཞི་མང་པོ་རྒྱལ་ཁབ་ཀྱི་འཆར་གཞིའི་ཁྲོད་ཚུད་རྒྱུ་བརྩོན་ལེན་བྱེད་དགོས། སྐྱེ་དངོས་སྨན་རྫས་དང་ནུས་ཁུངས་གསར་བ། རྒྱུ་ཆ་གསར་བ། ཚྭ་མཚེའུ་ཐོན་ཁུངས། འདུས་གྲུབ་གློག་ལམ་སོགས་གནད་འགག་གི་ཁྱབ་ཁོངས་ཀྱི་ཐོན་ལས་ལས་གཞི་མགྱོགས་མྱུར་སྒོས་གྲབས་གསོག་བྱེད་དགོས། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་དང་ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་ཧུར་ཐག་གིས་བརྩོན་ལེན་བྱེད་པ་དང་། ཞིང་ཆེན་རིམ་པའི་སྔོན་རྩིས་ནང་གི་མ་དངུལ་གྱི་འཇའ་འདེགས་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཤིང་། ལས་གཞི་གལ་ཆེན་གྱི་དངུལ་བསྡུ་ཆེད་སྤྱོད་དངུལ་བུན་འཁོར་སྐྱོད་ལེགས་པོ་བྱ་དགོས། ས་ཆ་བེད་སྤྱོད་དང་ལས་མི་བཀོལ་སྤྱོད། འཇོན་མི་བཀོལ་སྤྱོད། རྒྱུ་ཆ་བེད་སྤྱོད་སོགས་རྒྱུ་རྐྱེན་གཙོ་བོར་འགན་སྲུང་གང་ལེགས་བྱེད་པ་དང་། གསར་སྐྲུན་ལས་གཞིར་ཆ་རྐྱེན་འཛོམས་ཚེ་ལས་མགོ་རྩོམ་པ་དང་མཐུད་སྐྲུན་ལས་གཞི་ནམ་ཟླ་འཕྲོད་ཚེ་ལས་མགོ་རྩོམ་དགོས། དམངས་ཁྲོད་ཀྱི་མ་དངུལ་གཏོང་བར་སྐུལ་སྤེལ་བྱེད་པའི་སྲིད་ཇུས་དང་ཐབས་བཀོད་དོན་འཁྱོལ་ལེགས་པོར་བྱེད་ཅིང་། དམངས་ཁྲོད་ཀྱི་མ་རྩ་ནི་རིམས་བབ་ལ་ཁ་གཏད་འཇལ་བ་དང་ཞིང་ལས་ཐོན་རྫས་སོས་པ་ཐོན་སྐྱེད་དང་འགྲོ་རྒྱུག་བྱེད་པ། ནུས་སྲི་ཁོར་སྲུང་སོགས་ཀྱི་ཐོན་ལས་ཁྲོད་ཞུགས་པར་སྐུལ་མ་གནང་བ་དང་། ཚོང་རས་གཙོ་ཁྲིད་བྱེད་པའི་དངུལ་གཏོང་ནང་སྐྱེས་འཕར་སྣོན་རྐྱེན་སྲོལ་ཆགས་པར་སྐུལ་འདེད་བྱ་དགོས།

སྡོད་དམངས་ཀྱི་འཛད་སྤྱོད་ནུས་ཤུགས་ཡོད་རྒུས་ཇེ་མཐོར་གཏང་དགོས། དམངས་དང་ཁེ་ལས་གཉིས་ཀར་ཕན་པའི་འཛད་སྤྱོད་འགུལ་སྐྱོད་ཀྱི་གྲུབ་འབྲས་རྒྱ་བསྐྱེད་ཅིང་། དངུལ་ཁང་གིས་སྡོད་དམངས་ཀྱི་འཛད་སྤྱོད་འབོར་ཆེན་བྱས་པར་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བར་སྐུལ་ལྕག་གནང་བ་དང་། བྱེད་ཐབས་སྣ་མང་སྤྱད་ནས་དམངས་ལ་ཕན་ཁེ་བསྐྲུན་པའི་བྲིན་ཚོང་བྱ་འགུལ་སྤེལ་དགོས། སྲོལ་རྒྱུན་འཛད་སྤྱོད་བསྒྱུར་བཀོད་རིམ་སྤར་གཏོང་བར་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་གྱི་ཚོང་ཟོག་སྣ་མང་དང་། ཟོང་ཉོ་ལྟེ་གནས། རྐང་ཐང་ཚོང་ཁྲོམ་སྲང་ལམ་བཅས་མཐོར་འདེགས་བསྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཚོང་ལས་ཕྱོགས་བསྡུས་གསར་བ་དང་ནང་འདྲེན་ཚོང་ཟོག་ཐད་འཚོང་ལས་སྟེགས་བསྐྲུན་ཏེ། སྲོལ་རྒྱུན་གྱི་ཚོང་དོན་དངོས་གཞི་མཚམས་སྒྲོལ་མཉམ་འདྲེས་ཡོང་བ་དང་དྲ་ཐོག་དང་དྲ་མིན་མཉམ་འདྲེས་ཀྱིས་གཉེར་བར་སྣེ་འཁྲིད་དགོས། གསར་དར་འཛད་སྤྱོད་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། བློ་རིག་ཚོང་ར་དང་གྲངས་འཛིན་འཚོ་བ་སོགས་ལས་རྣམ་གསར་བ་དང་དཔེ་དབྱིབས་གསར་བ་གསོ་སྐྱོང་བྱ་དགོས། ཞིང་ལས་ཐོན་རྫས་འཁྱག་སྦྲེལ་དངོས་ཟོང་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་ཁྲོམ་ར་དང་སྤྱི་ཕན་ཆ་འདྲའི་ཁྲོམ་ར་རིམ་སྤར་བསྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་གཏང་དགོས། སྔོ་ཚལ་དང་ཤ་རིགས་སོས་པའི་སྒོ་རྩིས་ཚོང་ཁང་འཕེལ་རྒྱས་ལ་སྐུལ་ལྕག་གཏོང་བ་དང་། སྐར་མ་བཅོ་ལྔའི་དམངས་བདེ་ཞབས་ཕྱི་ཚོང་ལས་ར་བ་བསྐྲུན་དགོས། མཚན་མོའི་དཔལ་འབྱོར་དང་གུང་གསེང་འཛད་སྤྱོད་རྒྱ་ཇེ་ཆེར་གཏོང་བ་དང་། མིང་གྲགས་ཆེ་བའི་མཚན་མོའི་དཔེ་སྟོན་རྣམ་གྲངས་སྐོར་ཞིག་འཛུགས་སྐྲུན་བྱ་དགོས། གཞི་ཁྱོན་ཅན་དང་ཕྲེང་བསྟར་ཅན། རིམ་པ་མང་བ་བཅས་ཀྱི་དུས་ཆེན་བྱེད་སྒོའི་ཚོང་རྟགས་བསྐྲུན་དགོས།

(ལྔ) མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱ་དགོས། མཚོ་སྔོན་ཀྱི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་སྤྱི་ཡོངས་ཁྲོད་ཀྱི་གནས་ཚད་ཡང་དག་པར་ཁོང་དུ་ཆུད་པ་དང་། “ལྟེ་བ་གཉིས་གཞུང་རྐང་གཅིག་བཙན་ས་གཅིག”གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྤྱིའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་གསར་བ་འཛུགས་སྐྲུན་ལ་སྐུལ་སྤེལ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་བཀོད་སྒྲིག་ཆགས་པར་སྐུལ་འདེད་བྱ་དགོས།

རྒྱལ་ཁབ་འཐབ་ཇུས་ཁྲོད་ཧུར་ཐག་གིས་འདྲེས་པར་བྱ་དགོས། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་དོན་འཁྱོལ་བྱེད་པ་དང་། མགོ་ཁུངས་སྲུང་སྐྱོང་བྱེད་པ་དམ་འཛིན་དང་གཞུང་རྒྱུན་གྱི་སྲུང་སྐྱོང་འགན་འཁྲི་འཁུར་དགོས། རྨ་ཆུའི་གཞུང་རྒྱུན་གྱི་ཞོད་འགོག་ལས་གྲྭ་ལས་སྐབས་གཉིས་པར་མགྱོགས་མྱུར་སྒོས་སྐུལ་སྤེལ་བྱེད་པ་དང་། ཙོང་ཆུའི་གནད་སའི་ས་ཁོངས་ཀྱི་ས་ཉིལ་ཆུ་ཤོར་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས་ལ། “ཡོལ་གཉིས་ཆུ་སྲུང་དང་ཁུལ་གསུམ་མཉམ་སྐྱོང་། སྐོར་ཅིག་འདེད་སྐུལ་དང་ཁྱམས་གཅིག་རྒྱུན་འཁོར”གྱི་འཕེལ་རྒྱས་རྣམ་པ་ཧུར་ཐག་གིས་བསྐྲུན་དགོས། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་དུས་རབས་གསར་བའི་བོད་འབྲེལ་ལས་དོན་སྔར་བས་ལེགས་པོར་བསྒྲུབ་པའི་ཐད་ཀྱི་བསམ་འཆར་དོན་འཁྱོལ་བྱེད་པ། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”བོད་འབྲེལ་ཁུལ་དང་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་གཞི་འཛུགས་སྐྲུན་ཇུས་གཞི་ལག་བསྟར་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་ཞབས་ཕྱི། ཁྱད་ལྡན་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་མི་འདང་ས་དང་ཞན་ཆ་ཁ་གསབ་བྱེད་པའི་ལས་གཞི་སྐོར་ཞིག་འཛུགས་སྐྲུན་བྱ་དགོས། དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་སྤེལ་བྱས་ཏེ་རྣམ་པ་གསར་བ་ཆགས་པར་བྱ་རྒྱུར་དམིགས་ནས། སྲུང་སྐྱོང་ཆེན་པོ་དང་གསར་སྤེལ་ཆེན་མོ་དང་སྤུས་ཀ་མཐོ་བའི་འཕེལ་རྒྱས་བཅས་དངོས་གནས་དམ་འཛིན་བྱ་དགོས་ཤིང་། རྒྱལ་ཁབ་ཀྱི་ཐོན་ལས་འབྲེལ་མཐུད་སྤོ་སྒྱུར་དཔེ་སྟོན་ཁུལ་འཆར་འགོད་འཛུགས་སྐྲུན་དང་། ཁྲིན་ཏུ་དང་ཁྲུང་ཆིན་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ར་བའི་ཚོང་རའི་མ་ལག་ཧུར་ཐག་གིས་འབྲེལ་མཐུད་བྱེད་ཅིང་། ནུབ་ཕྱོགས་དང་ལྷོ་ཕྱོགས་སུ་སྒོ་འབྱེད་པའི་དཔལ་འབྱོར་ཉོ་ཚོང་ཐུན་མོང་ཚོགས་པ་བསྐྲུན་དགོས། ལན་གྲུ་དང་ཟི་ལིང་གི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མཉམ་ལས་གཏིང་ཟབ་བྱེད་པ་དང་། “1+3+10”འགུལ་སྐྱོད་འཆར་གཞི་དོན་འཁྱོལ་བྱེད་དགོས་ཤིང་། མེན་ཧི-ཧོང་ཀུའུ་ཡི་གསར་གཏོད་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་དང་། ལན་གྲུ་དང་ཤིན་ཅང་གི་འགྲུལ་སྐྱེལ་ཆེད་གཏོང་མེ་འཁོར་སྤུས་འདེགས་ལས་གྲྭ་ཇེ་མགྱོགས་སུ་གཏོང་དགོས་ཤིང་། ཟི་ལིང・མཚོ་ཤར་གྱི་དེང་རབས་ཅན་གྱི་གྲོང་ཁྱེར་མུ་ཁྱུད་བསྐྲུན་དགོས།

ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། དེང་རབས་མཐོ་སྒང་གི་མཛེས་སྡུག་དང་བདེ་སྐྱིད། ལྗང་མདོག་བཅས་ཀྱི “ཟི་ལིང་ཆེན་མོ”དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ཀྱི“མཚོ་ཤར་གསར་བ”འཛུགས་སྐྲུན་བྱེད་པ་དང་། ཙོང་ཆུའི་ཁུལ་གསར་འཛུགས་སྐྲུན་ལ་ཚད་གཞི་མཐོ་བའི་སྒོ་ནས་སྐུལ་སྤེལ་བྱེད་ཅིང་། རྒྱལ་ཁབ་མྱུར་བགྲོད་གཞུང་ལམG6ཡི་འཚུབ་རྒྱག་ལམ་མཚམས་ཀྱི་རྒྱ་སྐྱེད་བསྒྱུར་བཀོད་ཀྱི་དུས་སྔོན་ཞིབ་འཇུག་བྱ་བ་སྤེལ་བ་དང་། དུས་ཚོད་གཅིག་རིང་གི་བདེ་བགྲོད་ཁུལ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཆུ་ཚད་མཐོར་འདེགས་གཏང་དགོས། སྒོ་འབྱེད་ཀྱི“ཚྭ་འདམ་གཞོང”བསྐྲུན་པ་དང་། ན་གོར་མོའི་ནུབ་རྒྱུད་སྒོ་འབྱེད་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་དགོས་ཤིང་། རྒྱལ་ཡོངས་ཀྱི་ཅཱ་ལུད་ཐོན་སྐྱེད་རྟེན་གཞིའི་གོ་གནས་སྲ་བརྟན་མཐོར་འདེགས་གཏོང་དགོས། ཁྱད་ལྡན“མཚོ་སྐོར་མུ་ཁྱུད”བསྐྲུན་དགོས་ཤིང་། དྭངས་གཙང་ནུས་ཁུངས་དང་ལྗང་མདོག་ཕྱུགས་ལས་ཐོན་རྫས། སྐྱེ་ཁམས་ཡུལ་སྐོར་ཐོན་ལས་བཅས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ་དང་། གུང་ཧོ་གཤོང་ས་ཧྲིལ་བོ་ལྗང་སྒྱུར་ལ་སྐུལ་འདེད་བྱེད་དགོས། ལྗང་མདོག་དང་མི་ཆོས་ཀྱི་གཙང་གསུམ་འབྱུང་ཡུལ་བསྐྲུན་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་གཙང་སྦྲའི་འགུལ་སྐྱོད་ཧུར་ཐག་གིས་སྤེལ་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཐོན་རྫས་གཙོ་བོ་མཁོ་འདོན་ས་ཁུལ་ལ་སྲུང་སྐྱོང་བྱེད་དགོས། རྒྱལ་ཁོངས་བར་སྟོངས་འཆར་འགོད་དང་སྤྱོད་སྒོ་རྩིས་སྤྲོད་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་ཡུན་གཏན་གཞི་རྩའི་ཞིང་ས། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྤེལ་མཐའ་མཚམས་བཅས་ཚོད་འཛིན་ཐིག་གསུམ་ནན་སྲུང་བྱས་ནས། རྒྱལ་ཁོངས་བར་སྟོང་གི་བཀོད་སྒྲིག་ཇེ་ལེགས་སུ་གཏང་དགོས།

གྲོང་ཁྱེར་དང་གྲོང་རྡལ་གསར་བའི་སྤུས་ཚད་ཇེ་མཐོར་གཏང་དགོས། མཐོ་སྒང་གི་མཛེས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་དཔེ་སྟོན་ཞིང་ཆེན“5+1”ཚོད་ལྟའི་གནས་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་པ་དང་། མཐོ་སྒང་གི་མཛེས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་འཚོགས་པར་གྲ་སྒྲིག་ལེགས་པོ་བྱེད་དགོས་ཤིང་། མཛེས་པའི་གྲོང་ཁྱེར་དང་གྲོང་རྡལ10མུ་མཐུད་དུ་བསྐྲུན་དགོས། ཁྱད་ལྡན་གྲོང་རྡལ་ཆུང་ངུ་ཚད་ལྡན་དང་བདེ་ཐང་ངང་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱེད་པའི་སྲིད་ཇུས་བཏོན་ནས། ད་དུང་ཞིང་ཆེན་རིམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་སྐོར་ཞིག་ལ་རོགས་སྐྱོར་བྱ་དགོས། གྲོང་ཁྱེར་གསར་སྒྱུར་འགུལ་སྐྱོད་ལག་བསྟར་དང་རྫོང་མཁར་གྱི་ཕྱོགས་བསྡུས་ཐེག་ནུས་ཇེ་དྲག་ཏུ་གཏོང་ཞིང་། སྤྱི་པའི་ཞབས་ཕྱི་སྒྲིག་བཀོད་དང་ཁོར་ཡུག་འཕྲོད་བསྟེན་སྒྲིག་བཀོད། གྲོང་སྲིད་སྤྱི་སྤྱོད་སྒྲིག་བཀོད། ཐོན་ལས་ཆ་སྒྲིག་སྒྲིག་བཀོད་བཅས་ཀྱི་རིམ་སྤར་ནུས་སྐྱེད་ལ་སྐུལ་སྤེལ་གཏང་དགོས། གྲོང་སྲིད་སྤྱི་པའི་སྒྲིག་བཀོད་ནི་གྲོང་ཁྱེར་གྱི་ཉེ་འདབས་དང་ལྟེ་བའི་གྲོང་རྡལ་དང་གྲོང་གསེབ་ལ་བསྲིང་བར་སྐུལ་འདེད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྨང་གཞིའི་ཞབས་ཕྱིའི་ཚད་ཐིག་གཅིག་གྱུར་དང་ལམ་ལུགས་གཅིག་སྒྲིལ་བྱེད་པར་སྐུལ་སྤེལ་བྱེད་དགོས། རེབ་གོང་སོགས་གསར་དར་གྲོང་ཁྱེར་གསོ་སྐྱོང་དང་། གུང་ཧོ་རྫོང་སོགས་གནད་སའི་རྫོང་གི་རྫོང་སྐྱུར་ནས་གྲོང་ཁྱེར་འཛུགས་པར་བརྟན་པོའི་ངང་སྐུལ་སྤེལ་བྱ་དགོས། སྤོ་སྒྱུར་མི་འབོར་གྲོང་མིར་སྒྱུར་བའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་ཅིང་། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་ཚད་མཐོར་འདེགས་གཏང་དགོས།

(དྲུག) ནོར་སྲིད་དངུལ་རྩའི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་དགོས། དཔལ་འབྱོར་སླར་གསོ་དང་ཉེན་ཁ་འགོག་པའི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས། སྲིད་ཇུས་ཀྱི་ནུས་པའི་ཡུན་ཚད་ཁོང་དུ་ཆུད་པ་དང་། གློ་བུར་དུ་མི་དཀྱོགས་པ་དང་ཉེན་ཁ་འགོག་སྡོམ་བྱ་བ་ལྷོད་ཡངས་མི་བྱེད་པར། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱེད་དགོས།

ནོར་སྲིད་སྲིད་ཇུས་ཀྱི་སྤུས་ཀ་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་སྤེལ་བྱེད་དགོས། འགྲོ་གྲོན་འོས་འཚམ་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ལས་འགན་གལ་ཆེན་གྱི་ནོར་ཤུགས་འགན་སྲུང་ལ་ཤུགས་སྣོན་དང་། ཚན་རྩལ་གསར་གཏོད་ལ་སྐུལ་སྤེལ་དང་དཔལ་འབྱོར་གྲུབ་ཚུལ་སྙོམ་སྒྲིག་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཡོང་འབབ་བགོ་བཤའ་ལེགས་སྒྲིག་བྱེད་པ་བཅས་ཀྱི་བྱ་བ་རང་རྟོགས་ཀྱིས་བསྒྲུབ་དགོས། འགྲོ་གྲོན་གྱི་གྲུབ་ཚུལ་བསྟུད་མར་ལེགས་སྒྱུར་བྱེད་པ་དང་། ཐོན་ལས་ཀྱི་མ་དངུལ་དང་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་སོགས་ཀྱི་ཐེབས་རྩ་ལེགས་པར་བཀོལ་དགོས་ཤིང་། སྤྱི་ཚོགས་འགན་སྲུང་དང་སྐྱེ་ཁམས་འཛུགས་སྐྲུན། “གསར་བ་གཉིས་དང་གལ་ཆེན་གཅིག”སོགས་ཀྱི་ཐད་ཤུགས་འདོན་ཚད་ཇེ་ཆེར་གཏང་དགོས། རྒྱུན་རྣམ་ཅན་གྱི་ནོར་སྲིད་མ་དངུལ་ཐད་གཏོང་རྐྱེན་སྲོལ་དོན་འཁྱོལ་གང་ལེགས་བྱེད་པ་དང་། གཤམ་ལ་གཏོང་སྤྲོད་སྤོ་སྒྱུར་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། ནོར་ཤུགས་ཀྱི་དོ་མཉམ་ཆུ་ཚད་ཇེ་མཐོར་གཏང་དགོས། ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་དམ་པོ་སྐྱེལ་བའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། གཙོ་གནད་མ་ཡིན་པ་དང་ངེས་པར་དུ་གཏོང་དགོས་པ་མ་ཡིན་པའི་སྤྱི་བཏང་གི་འགྲོ་སྒོ15%ཉུང་འཕྲི་དང“གཞུང་གསུམ”གྲོན་དངུལ་ད་དུང5%ཉུང་འཕྲི་བྱ་དགོས། ཁྲལ་རིན་གཉིས་གཅོག་དང་ཁྲིམས་ལྟར་བསྡུ་ལེན་དོ་དམ་བྱེད་པའི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས། འགྲོ་གྲོན་ལ་བརྟེན་ནས་ཡོང་སྒོ་མང་དུ་གཏོང་བ་རྒྱུན་འཁྱོངས་དང་། ནོར་ཁྲལ་དང་བཟོ་ལས་འཁོར་སྐྱོད། ཁེ་ལས་བཅས་ཕྱོགས་གསུམ་འབྲེལ་མཐུད་ལ་ཤུགས་སྣོན་དགོས་ཤིང་། ཁྲལ་འབྲེལ་ཆ་འཕྲིན་མཉམ་སྤྱོད་དང་ཁྲལ་བསྡུའི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས།

དངུལ་རྩས་དངོས་གཞི་དཔལ་འབྱོར་ལ་ཞབས་ཕྱི་སྒྲུབ་པའི་ནུས་པ་མཐོར་འདེགས་གཏང་དགོས། དངུལ་རྩའི་ཞབས་ཕྱིའི་ནུས་པ་མཐོར་འདེགས་ལས་གྲྭ་ལག་བསྟར་བྱེད་པ་དང་། ཀུན་ཕན་དངུལ་རྩའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་ཚོད་ལྟ་རིམ་པ་སྤར་བ། དངུལ་རྩའི་ལས་ཁུངས་ཀྱིས་ཚན་རྩལ་གསར་གཏོད་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས། ལྗང་མདོག་འཕེལ་རྒྱས་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་། “དངུལ་ཁང་བརྒྱ་ཁེ་ལས་ཁྲིར་སྐྱོད་པའི”དངུལ་བསྡུ་སྦྲེལ་མཐུད་བྱ་འགུལ་གཏིང་ཟབ་ཀྱིས་སྤེལ་དགོས། དངུལ་བུན་མཐུད་གཏོང་མ་དངུལ་རྫིང་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁེ་ལས་ཕྲ་ཆུང་ལ་དངུལ་རྩའི་ཐོན་ཁུངས་བགོས་སྤྲོད་བྱེད་ཚད་ཇེ་ཆེར་གཏོང་དགོས་ཤིང་། དབུལ་བུན་འབོར་ཆུང་གི་ཚད་འཕར་རྒྱ་སྐྱེད་དང་སྤུས་འདེགས་མ་གཅོག་ལ་སྐུལ་སྤེལ་བྱ་དགོས། ཆ་རྐྱེན་ཚང་བའི་ཁེ་ལས་ཀྱིས་རིམ་པ་མང་བོའི་མ་རྩའི་ཚོང་ར་བེད་སྤྱད་དེ་ཚོང་རར་ཞུགས་ནས་མ་དངུལ་བསྡུ་བར་སྐུལ་འདེད་གཏོང་བ་དང་། ཐད་ཀར་མ་དངུལ་བསྡུ་བའི་གཞི་ཁྱོན་ཇེ་ཆེར་གཏང་དགོས། ཁེ་ལས་ཚོང་རར་ཞུགས་ཏེ་སྒོ་བྱང་འགེལ་བའི“སྟོང་ཆ་སྐོང་བ་དང་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི”འཆར་གཞི་ལག་བསྟར་བྱེད་པ་དང་། ཡ་གླིང་གི་སྭེལ་ལས་དང་ཁྲུང་ཞིན་བློ་འདྲི་སོགས་གཙོ་གནད་ཁེ་ལས་ཀྱི་ཚན་རིག་གསར་གཏོད་ལས་སྟེགས་དང་ལས་བཏོད་ལས་སྟེགས་ཚོང་རར་ཞུགས་པར་སྐུལ་འདེད་བྱེད་དགོས། སྲིད་གཞུང་རང་བཞིན་གྱི་དངུལ་བསྡུ་ཁག་འཁུར་ལས་སྟེགས་རྒྱ་བསྐྱེད་པ་དང་། ཁེ་ལས་ཆུང་གྲས་ཀྱི་ཡིད་རྟོན་དངུལ་བསྡུ་ཞབས་ཕྱི་ལས་སྟེགས་ལེགས་པོར་བསྐྲུན་དགོས།

ཉེན་ཁ་ཆེན་པོ་མཐའ་གཅིག་ཏུ་འགོག་སེལ་བྱ་དགོས། སྲིད་གཞུང་གི་དངུལ་བསྡུ་ལས་སྟེགས་ཚོང་ར་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་པ་དང་། ས་གནས་སྲིད་གཞུང་རང་བཞིན་གྱི་བུ་ལོན་གྱི་ཉེན་ཁ་དངོས་གནས་འགོག་སེལ་བྱེད་དགོས་ལ། རྣམ་པ་གང་རུང་གི་ཐོག་ནས་མངོན་མེད་བུ་ལོན་གསར་སྣོན་བྱེད་པ་གཏན་འགོག་བྱ་དགོས། རྒྱལ་དབང་ཁེ་ལས་ཀྱི་རྒྱུ་ནོར་བུ་ལོན་གཅུན་འདོམས་ལ་ཤུགས་སྣོན་པའི་ལག་བསྟར་ཇུས་གཞི་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་མ་དངུལ་གཏོང་མཁན་ཁེ་ལས་ཀྱིས་བུ་ལོན་འོས་འཚམ་ལེན་པ་དང་ཁྲིམས་མཐུན་ལུགས་མཐུན་གྱིས་མ་དངུལ་བསྡུ་བར་ཁྲིད་སྟོན་བྱེད་དགོས། ཁེ་ལས་ཀྱི་བུ་ལོན་ཉེན་ཁ་འགོག་སྡོམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཉེན་ཁ་ཉེན་བརྡ་གཏོང་བར་ཤུགས་བསྣན་ནས། ཁ་གཏད་འཇལ་ཐབས་སྔ་མོ་ནས་གཏན་འཁེལ་བྱེད་དགོས། གནས་ཚུལ་མི་འདྲ་བར་གཞིགས་ནས་དེར་བསྟུན་གྱི་སྤྱོད་ཚུལ་འཛིན་པ་དང་རོགས་སྐྱོར་དང་ཚོད་འཛིན་གཉིས་ཀ་ལྡན་པའི་ཡིད་རྟོན་དངུལ་བུན་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། མ་དང་སྐྱེད་ཀ་འཇལ་སྤྲོད་སྲིད་ཇུས་དུས་ཡུན་ལོངས་རྗེས་ཁེ་ལས་ཆུང་འབྲིང་གྲས་ཀྱི་དངུལ་བུན་སྲིད་ཇུས་ནར་འགྱངས་བྱེད་པ་དོན་འཁྱོལ་བྱེད་དགོས་ཤིང་། གང་ཐུབ་ཀྱིས་ཚུལ་མིན་གྱི་དངུལ་བུན་གསར་བ་ཆགས་པ་སྔོན་འགོག་བྱེད་དགོས། ས་གནས་དངུལ་རྩའི་ལས་ཁུངས“རིགས་བདུན”གྱི་ཞུགས་འཐུས་དང་ཕྱིར་འབུད་ཀྱི་དོ་དམ་དང་རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབ་དགོས་པ་དང་། དངུལ་རྩའི་འཉམ་འབྲེལ་ཁྲིམས་བསྟར་དང་ལྟ་སྐུལ་དོ་དམ་གྱི་ཆ་འཕྲིན་འབྲེལ་མཐུད་ལ་ཤུགས་བསྣོན་དགོས། “ཁང་པ་ཉོས་ཏེ་སྡོད་ཁང་བྱེད་པ་ལས་ཚོང་རྫས་སུ་བྱེད་མི་རུང་བའི”གནས་ངེས་རྒྱུན་འཁྱོངས་བྱས་ཏེ། ས་རིན་བརྟན་འཇགས་དང་ཁང་རིན་བརྟན་འཇགས། སྔོན་དཔག་བརྟན་འཇགས་བཅས་ཀྱི་ས་གནས་ཀྱི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་ཤིང་། ཚོང་ལས་ཀྱི་ཁང་པ་མཛོད་ཉར་གནད་དོན་ཧུར་ཐག་གིས་སེལ་བ་དང་། ཁང་སའི་ཐོན་ལས་ཀྱི་ཚོང་ར་བརྟན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱ་དགོས།

(བདུན) ཚོང་རའི་གསོན་ཤུགས་སྐུལ་སློང་ནུས་ལྡན་བྱ་དགོས། བཅོས་སྒྱུར་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ནང་ཤུགས་ཇེ་དྲག་ཏུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། གནད་འགག་ཁ་ཤས་སུ་ཤུགས་བཏོན་ཏེ་ཕན་འབྲས་མངོན་པར་བྱས་ཏེ། བཅོས་སྒྱུར་དང་སྒོ་འབྱེད་བར་ཕན་ཚུན་སྐུལ་སྤེལ་བྱེད་པར་སྐུལ་འདེད་གཏང་དགོས།

“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས། ཚོང་རའི་ཞུགས་འཐུས་ཀྱི“རྒྱལ་ཡོངས་ཀྱི་གསལ་ཐོ་གཅིག”ལག་བསྟར་ནན་མོ་བྱེད་པ་དང་། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ”བཅོས་སྒྱུར་ཇེ་མགྱོགས་སུ་གཏོང་དགོས་ཤིང་། སྲིད་འཛིན་ཆོག་འཐུས་ཀྱི་འགུལ་རྣམ་གསལ་ཐོ་དཔེ་དབྱིབས་ཕྱོགས་ཡོངས་ནས་འཛུགས་པ་དང་། “དཔང་ཡིག་མི་དགོས་པའི་ཞིང་ཆེན”བསྐྲུན་དགོས། སྲིད་དོན་ཞབས་ཕྱིའི“ཞིང་ཆེན་བརྒལ་བའི་ཐད་སྒྲུབ”ལ་སྐུལ་སྤེལ་བྱེད་པ་དང་། “ཁས་ལེན་བཤད་པ”སོགས་ཀྱི་དཔེ་དབྱིབས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱེད་དགོས་ཤིང་། གཅིག་དྲིལ་སྒོས་སྒྲུབ་པ་དང་ངོ་མ་ཐུག་པར་ཞིབ་མཆན་གནང་བ་དང་། ཆེས་མང་ན་ཐེངས་གཅིག་ལས་རྒྱུགས་མི་དགོས་པ་བཅས་མངོན་འགྱུར་བྱ་དགོས། དངུལ་གཏོང་གི་“ཞིབ་མཆན་འཁྱག་གཏོར”ལས་གྲྭ་གཏིང་ཇེ་ཟབ་ཏུ་གཏོང་བ་དང་། དངུལ་གཏོང་ཞིབ་མཆན་ལས་སྟེགས་ཀྱི་བྱེད་ནུས་འཐུས་ཚང་དུ་གཏོང་དགོས་ཤིང་། བྱ་བའི་ཁྲོད་དང་བྱ་བའི་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོབན་དགོས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་བཏོན་ཏེ་ལག་བསྟར་བྱེད་དགོས་པ་དང་། ཁེ་ལས་སྒྲུབ་པ་དང་། ཁྲལ་འཇལ་བ། གློག་ཤུགས་ཐོབ་པ། བདག་དབང་ཐོ་འགོད་སོགས་ཚོང་གཉེར་ལ་སྟབས་བདེ་བསྐྲུན་ཚད་བསྟུད་མར་མཐོར་འདེགས་གཏོང་དགོས་ཤིང་། གྲུབ་འབྲས་བླངས་པའི་ཉམས་མྱོང་མགྱོགས་མྱུར་སྒོས་འདྲ་བཤུ་དང་ཁྱབ་གདལ་གཏང་དགོས། ཡིད་རྟོན་ནི་རྨང་གཞི་ཡིན་པའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་གསར་བའི་ལོ་གསུམ་འགུལ་སྐྱོད་ཇུས་གཞི་དོན་འཁྱོལ་ལེགས་པོ་བྱ་དགོས། སྤྱི་ཚོགས་འགན་སྲུང་གྲོན་དངུལ་ཉུང་འཕྲི་སོགས་དུས་མཚམས་རང་བཞིན་གྱི་སྐྱོབ་རོགས་སྲིད་ཇུས་བརྟན་པོའི་ངང་ཕྱིར་འཐེན་བྱེད་པར་སྐུལ་འདེད་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི་རྩིས་ཁྲའི་གྲོན་དངུལ་གཙང་འཇལ་གྱི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་། སྒེར་སྡེམ་ལ་རྒོལ་བ་དང་ཚུལ་དང་མི་མཐུན་པའི་འགྲན་རྩོད་ལ་རྒོལ་བའི་བཀའ་ཁྲིམས་ལག་བསྟར་བྱེད་པར་ཤུགས་བསྣོན་དགོས།

གནད་སའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་གཅིག་གྱུར་འཆར་འགོད་བྱེད་པ། “རྒྱལ་མིང་རྟགས་ཅན”གསུམ་གྱི་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་ཁེ་ལས་བཅོས་སྒྱུར་ལོ་གསུམ་འགུལ་སྐྱོད་ལག་བསྟར་ཇུས་གཞི་དོན་འཁྱོལ་བྱེད་པར་སྐུལ་སྤེལ་བྱེད་དགོས་ཤིང་། “ལམ་ལུགས་གསུམ”གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། “འདོན་སྤྲོད་གསུམ་དང་གཞིས་ལས”ཁེ་ལས་ཀྱི་དབྱེ་སྤྲོད་ཀྱི་མཇུག་བསྡུའི་ལས་ཀ་ཡོངས་འགྲུབ་བྱེད་པ། འབྲེལ་ཡོད་ཀྱི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་ཁྲིམས་འཛིན་བསྐྱར་སྒྲིག་ལ་བརྟན་པོའི་ངང་སྐུལ་སྤེལ་བྱེད་ཅིང་། ཁེ་ལས་དཀའ་ཁག་ལས་ཐར་བ་དང་། ནུས་སྲི་ཁོར་སྲུང་བསྒྱུར་བཀོད། གནས་རྙིང་གྲོང་ཁྱེར་འཛུགས་སྐྲུན་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བརྟན་འཇགས་དང་ལས་བཟོ་བའི་དཔུང་ཁག་བརྟན་འཇགས་ཡོང་བར་ཁག་ཐེག་བྱ་དགོས། ས་ཞིང་འགན་གཙང་ལེན་སྐོར་ཐེངས་གཉིས་པའི་དུས་ཚོད་ལོངས་རྗེས་ད་དུང་ཡང་བསྐྱར་ལོ་ངོ་སུམ་ཅུ་བསྲིངས་བའི་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱེད་ཅིང་། ཁང་སའི“དབང་གསུམ་དབྱེ་བཀོད”མངོན་འགྱུར་བྱེད་སྟངས་འཚོལ་ཞིབ་བྱེད་པ་དང་། ཞིང་སྡེའི་ཐུན་མོང་བདག་དབང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ས་ཞིང་དང་གཞི་གྲངས། མ་རྩ། ལག་རྩལ། ངལ་རྩོལ་ནུས་ཤུགས་སོགས་རྒྱུ་རྐྱེན་གཙོ་བོའི་ཚོང་ར་ཅན་གྱི་བཀོད་སྒྲིག་བཅོས་སྒྱུར་ལ་རིགས་དབྱེ་ནས་སྐུལ་སྤེལ་བྱེད་པ་དང་། ཚད་གཞི་དང་ཕན་ནུས་མཐོ་བའི་རྒྱུ་རྐྱེན་གཙོ་བོའི་ཉོ་ཚོང་ལས་སྟེགས་འཛུགས་དགོས། ནུས་ཁུངས་དང་ཐོན་ཁུངས་སོགས་གནད་སའི་ཁྱབ་ཁོངས་ཀྱི་རིན་གོང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། རིན་གོང་ཆགས་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་དུས་འཁོར་ཐེངས་གཉིས་པའི་བགོད་གཏོང་གློག་རིན་ལག་བསྟར་ཡག་པོ་བྱེད་པ་དང་། ཁེ་ལས་ཀྱི་གློག་བཀོལ་བའི་མ་གནས་ཇེ་དམའ་རུ་གཏང་དགོས།

ཕྱི་ཕྱོགས་སྒོ་འབྱེད་ཀྱི་བར་སྟོང་རྒྱ་བསྐྱེད་དགོས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་གིས་འདྲེས་པར་བྱེད་པ་དང་། མཚོ་སྔོན་གྱི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་སྙན་ཞུ་རྒྱག་པའི་བྱ་བར་སྐུལ་སྤེལ་བྱེད་པ། ཟི་ལིང་གི་ཕྱོགས་བསྡུས་དཔྱ་ཁྲལ་འགན་ལེན་ཁུལ་གྱི་རྒྱ་བསྡམས་གཉེར་སྐྱོང་ལ་སྐུལ་འདེད་བྱེད་པ་དང་། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་དང་ན་གོར་མོའི་རྒྱལ་སྤྱིའི་སྐམ་ཐོག་གྲུ་ཁ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་དགོས། ཕྱི་ཕྱོགས་ཉོ་ཚོང་རིགས་སྒྱུར་རིམ་སྤར་དཔེ་སྟོན་རྟེན་གཞིའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། ཕྱོགས་བསྡུས་རང་བཞིན་གྱི་ནང་འདྲེན་ཚོང་རྫས་ཐད་འཚོང་ལས་སྟེགས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་དགོས་ཤིང། ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར་དང་། ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་མེ་འཁོར་གཏོང་བའི་གྲངས་ཀ་ཇེ་མང་དུ་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་གི་ནང་འདྲེན་དང་ཕྱིར་འཚོང་གི་སྤུས་ཀ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་སྤེལ་བྱེད་དགོས། “མཚོ་སྔོན་ཚོང་གཏམ་གྲོས་ཚོགས”དང་རྒྱལ་སྤྱིའི་སྐྱེ་ཁམས་བཤམས་སྟོན་འདུ་ཚོགས། ད་དུང་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས10གསོ་སྐྱོང་བྱེད་པ་བརྩོན་ལེན་བྱ་དགོས་ཤིང་། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སོགས་འགྲེམ་ཚོགས་དང་འགྲན་སྡུར་ཡག་པོར་བསྒྲུབ་དགོས་པ་དང་། ཚོང་འགུགས་དངུལ་འདྲེན་གྱི་ལག་སོན་མ་དངུལ་ལོ་སྔོན་མ་ལས་མི་དམའ་བ་ཁག་ཐེག་བྱེད་དགོས། ཁ་གཏད་རོགས་སྐྱོར་གྱི་རྐྱེན་སྲོལ་དང་ལས་སྟེགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”མཚོ་སྔོན་ཁ་གཏད་རོགས་སྐྱོར་གྱི་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱེད་དགོས་ཤིང་། “6+2”སྲིད་གཞུང་གན་རྒྱ་དོན་འཁྱོལ་དང་། ཁ་གཏད་རོགས་སྐྱོར་བྱ་བའི་མགོ་གསར་བ་ཞིག་རྩོམ་པར་ཤུགས་ཆེན་པོས་སྐུལ་འདེད་བྱ་དགོས།

(བརྒྱད) མི་དམངས་ཀྱི་འཚོ་བའི་སྤུས་ཀ་བསྟུད་མར་ཇེ་ལེགས་སུ་གཏང་དགོས། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོ་བཙུགས་ནས། སྤྱི་པའི་ཐོན་ཁུངས་སྤུས་ལེགས་དང་ཞབས་ཕྱིའི་མཁོ་འདོན་ཇེ་མང་དུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཆེས་ཐུགས་ཁུར་དང་ཆེས་ཐད་ཀར་ཡིན་པ། ཆེས་དོན་དངོས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་གང་ལེགས་བྱ་དགོས།

ནུས་ཤུགས་ཡོད་རྒུས་ལས་ཞུགས་བརྟན་འཇགས་དང་ཡོང་སྒོ་འཕར་སྣོན་གཏང་དགོས། ལས་ཞུགས་བརྟན་འཇགས་གཏོང་བའི“སྐྱེལ་བ་བཞིའི”བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ་དང་། སྤྱི་ཚོགས་འགན་སྲུང་ཁ་གསབ་དང་ཁེ་ལས་ལ་རོགས་བྱས་ཏེ་ལས་གནས་བརྟན་འཇགས་གཏོང་བ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྒོས་བེད་སྤྱོད་གཏོང་དགོས་ལ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་པ་ཞོར་ལས་པ། ཟུར་ཐོན་དམག་མི་སོགས་གནད་སའི་ཁྱུ་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཐོ་འགོད་བྱས་ཚད85%ཡན་ལ་སླེབས་པར་ཁག་ཐེག་བྱེད་དགོས་ཤིང་། རོང་འབྲོག་ཁུལ་གྱི་དབུལ་ཕོངས་ངལ་རྩོལ་པ་ཁྲི17ལས་ཞུགས་བྱ་དགོས། ལས་ཞུགས་དཀའ་ཁག་ཆེ་བའི་མི་སྣར་སྔོན་ལ་རོགས་སྐྱོར་བྱེད་པ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་དོ་དམ་ཚད་ལྡན་དུ་གཏོང་དགོས་ཤིང་། ལས་ཞུགས་པ་གཅིག་ཀྱང་མེད་པའི་ཁྱིམ་ཚང་གཙང་སེལ་བྱེད་པར་ཁག་ཐེག་བྱ་དགོས། ལས་རིགས་ལག་རྩལ་མཐོར་འདེགས་འགུལ་སྐྱོད་ལ་ཏན་ཏིག་གིས་སྐུལ་སྤེལ་བྱེད་པ་དང་། ལས་རིགས་སློབ་གྲྭ20ཡིས་ཁྱད་ལྡན་ཆེད་ལས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས་ཤིང་། ལས་རིགས་ལག་རྩལ་གྱི་གསོ་སྦྱོང་མི་ཐེངས་ཁྲི10སྤེལ་དགོས། རྒྱལ་དབང་ཁེ་ལས་ཀྱི་གླ་ཕོགས་བགོ་བཤའ་ལམ་ལུགས་ལ་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་། དོན་ལས་སྡེ་ཁག་གིས་འཇོན་མི་རྩེས་གྲས་ལ་ལོ་འཁོར་ཕོགས་ཐོབ་ལམ་ལུགས་སོགས་བགོ་བཤའ་བྱེད་སྟངས་སྣ་མང་སྤྱོད་པར་སྐུལ་མ་བྱེད་དགོས། འཐེན་ཐུག་ཐོན་ལས་དང་མཚོ་སྔོན་འཚེམ་དྲུབ་སོགས་ཁྱད་ལྡན་ཚོང་རྟགས་མུ་མཐུད་དུ་གསོ་སྐྱོང་དང་རྒྱ་བསྐྱེད་དགོས་ཤིང་། ཤར་ནུབ་རྒྱུད་དང་ཕྱི་འབྲེལ་ངལ་ལས་མཉམ་ལས་རྒྱ་ཆེར་སྤེལ་བ་དང་། ཞིང་པ་ཞོར་ལས་པའི་གླ་ཕོགས་ཆད་པ་གཙང་འཇལ་བྱེད་པའི་བྱ་བ་དམ་འཛིན་བྱ་དགོས། གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་གི་ཐེབས་རྩ་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣོན་དགོས།

གཞི་རྩའི་སྤྱི་པའི་ཞབས་ཕྱིའི་མི་འདང་ས་བསྟུད་མར་ཁ་གསབ་བྱ་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”སྤྱི་པའི་ཞབས་ཕྱིའི་མ་ལག་གི་འཆར་འགོད་སྒྲིག་བཟོ་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཕྱིའི་ལག་བསྟར་ཚད་གཞི་གཏན་ཁེལ་བྱེད་དགོས། སྤྱི་པའི་འཛད་སྤྱོད་ལུགས་མཐུན་གྱིས་ཁ་སྣོན་བྱེད་ཅིང་། སློབ་གསོ་དང་སྨན་བཅོས། རྒན་གསོ། བྱིས་པའི་གསོ་སྐྱོང་སོགས་སྤྱི་པའི་ཞབས་ཕྱིའི་འགྲོ་གྲོན་ཕན་འབྲས་མཐོར་འདེགས་གཏོང་བ་དང་། དམངས་འཚོའི་དོན་དངོས་ལས་གྲྭ་ལེགས་པོར་བསྒྲུབ་དགོས། འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ཚོད་ལྟ་མགོ་རྩོམ་པ་དང། བྱིས་སྐྱོང་གླིང21དང་འོས་འགན་སློབ་གསོའི་སློབ་གྲྭ60གསར་བསྐྲུན་དང་རྒྱས་བསྐྲུན་བྱ་དགོས་ལ། ཟི་ལིང་སློབ་ཆེན་ལས་མགོ་རྩོམ་རྒྱུ་དང་ཞིང་ཆེན་འཕྲོད་བསྟེན་ལས་རིགས་སློབ་གླིང་གི་སློབ་ཁུལ་གསར་བ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། རྫོང་རིམ་པའི་སྨན་ཁང་གི་སྐྱོབ་བཅོས་ནུས་པ་མཐོར་འདེགས་གཏོང་བ་དང་། རིམས་ནད་ཚབས་ཆེན་སྐྱོབ་བཅོས་རྟེན་གཞི་འཛུགས་སྐྲུན་ལས་གཞི་ཇེ་མགྱོགས་སུ་གཏོང་དགོས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་བའི་འཕྲོད་བསྟེན་ཞབས་ཕྱིའི་མ་ལག་གལ་ཆེན་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་ཐོན་ཁུངས་སྤུས་ལེགས་རྒྱ་བསྐྱེད་པ་དང་ས་ཁོངས་དོ་མཉམ་བཀོད་སྒྲིག་ལ་སྐུལ་སྤེལ་བྱེད་དགོས། གྲོང་མི་གསར་བའི་སྡོད་ཁང་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་པ་དང་། གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་སྡོད་ཁང་འགན་སྲུང་བྱ་བར་ཤུགས་སྣོབན་དགོས། འཛུགས་སྐྲུན་བྱེད་བཞིན་པའི་སྤྱི་པའི་གླ་ཁང་གི་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། སྡོད་ཁང་བོགས་གཏོང་ཚོང་ར་ཚད་ལྡན་ངང་འཕེལ་རྒྱས་སུ་གཏང་དགོས། གཞིས་ཁུལ་རྙིང་བའི་ཕྱོགས་བསྡུས་བསྒྱུར་བཀོད་བྱེད་པ་ཁང་པ་ཁྲི5.15དང་རོང་འབྲོག་པའི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་ཁང་པ་ཁྲི4བྱེད་དགོས། སྤྱི་པའི་རིག་གནས་རྨང་གཞིའི་སྒྲིག་བཀོད་ལེགས་སྒྱུར་བྱེད་པ་དང་། རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས། དམངས་ཡོངས་ལུས་སྦྱོང་བྱ་འགུལ་གྱི་ཁྱབ་ཚད་ཇེ་ཆེར་གཏོང་བ་དང་། གཞི་རིམ་གྱི་དམངས་ཡོངས་ལུས་སྦྱོང་སྒྲིག་བཀོད་ཀྱི་རིམ་པ་ཇེ་མཐོར་གཏང་དགོས་ཤིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྐར་མ10རིང་གི་ལུས་སྦྱོང་ར་བ་འཐུས་ཚང་དུ་གཏང་དགོས།

མཁོ་སྤྲོད་ལ་འགན་སྲུང་དང་རིན་གོང་བརྟན་འཇགས་གཏོང་བའི་བྱ་བ་ལེགས་པོར་བསྒྲུབ་དགོས། རིམ་པ་མང་པོ་དང་རིགས་མང་བའི་ས་གནས་གྲབས་གསོག་མ་ལག་འཐུས་ཚང་འཛུགས་པ་དང་། ཕག་དང་ནོར་ལུག་གི་འཁྱག་ཤ་གྲབས་གསོག་བྱེད་པའི་གཞི་ཁྱོན་ལ་ཁག་ཐེག་བྱེད་དགོས་ཤིང་། ནང་དུ་འཇོག་པའི་དུས་དང་ཚད། གོ་རིམ་བཅས་ཁོང་དུ་ཆུད་དགོས། དམངས་འཚོའི་ཚོང་རྫས་གལ་ཆེན་གྱི་རིན་གོང་བརྟག་འཇལ་དང་ཉེན་ཟོན་ཉེན་བརྡ་བྱ་བར་ཤུགས་སྣོན་པ་དང་། འབྲུ་སྣུམ་དང་ཤ་སྒོང་སྔོ་ཚལ་སོགས་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་འདོན་སྤྲོད་བྱ་བ་དངོས་གནས་ལེགས་པོར་བསྒྲུབ་དགོས་ཤིང། དུས་མཚམས་གལ་ཆེན་གྱི་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིན་གོང་འཕར་ཆག་ཆེན་པོ་འབྱུང་བ་འགོག་དགོས། སྤྱི་ཚོགས་སྐྱོབ་རོགས་དང་འགན་སྲུང་ཚད་གཞི་དེ་དངོས་གོང་འཕར་བ་དང་སྦྲེལ་མཐུད་བྱེད་པའི་མཉམ་འགུལ་རྐྱེན་སྲོལ་ལག་བསྟར་ལེགས་པོ་བྱེད་པ་དང་། ཡོང་སྒོ་དམའ་བའི་ཁྱུ་ཚོགས་ཀྱི་འཚོ་བར་འགན་སྲུང་ནུས་ལྡན་བྱ་དགོས།

སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱ་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པ་ནི་གཙོ་སྐུད་བྱས་ཏེ། “མི་རིགས་མཐུན་སྒྲིལ་ཡར་ཐོན+”མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བའི་འགུལ་སྐྱོད་ལ་སྐུལ་སྤེལ་བྱེད་པ་དང་། མཉམ་སྐྲུན་མཉམ་འཛུགས་མཉམ་སྤྱོད་ཀྱི་གསར་འཛུགས་ཆེན་མོའི་གནས་བབ་བསྐྲུན་དགོས། དྲ་མིག་ཅན་གྱི་ཞབས་ཕྱི་དོ་དམ་ལ་སྐུལ་སྤེལ་བྱེད་པ་དང་། “དྲ་མང་གཅིག་སྒྲིལ”མངོན་འགྱུར་བྱེད་དགོས། སྤྱི་ཚོགས་བདེ་སྐྱོང་འགོག་སྡོམ་གྱི“དྲ་བ་ལྔ”འཐུས་ཚང་དུ་གཏོང་བ་དང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་རྒྱུན་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་དགོས། ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས་ཤིང་། ཁུངས་འདེད་མ་ལག་འཐུས་ཚང་འཛུགས་པ་དང་། འབུར་ཐོན་གནད་དོན་ལ་ཤུགས་བཏོན་ནས་བཅོས་སྐྱོང་བྱེད་དགོས། བདེ་འཇགས་ཐོན་སྐྱེད་བྱ་བ་ཏན་ཏིག་གིས་ལེགས་པོར་བསྒྲུབ་པ་དང་། ཆེད་དམིགས་བཅོས་སྐྱོང་ལོ་གསུམ་འགུལ་སྐྱོད་སྤེལ་ནས། ལས་འཛོལ་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་འབྱུང་བ་མཐའ་གཅིག་ཏུ་སྔོན་འགོག་དང་བཀག་སྡོམ་བྱ་དགོས། གནོད་འཚེ་འགོག་བཅོས་ནུས་པ་མཐོར་འདེགས་ལས་གྲྭ་ལག་བསྟར་བྱ་དགོས་ཤིང། གནོད་འཚེར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བ་དང་ཉེན་ཁ་འགོག་སྲུང་ལ་ཤུགས་བསྣོན་པ་དང་། ཐོལ་བྱུང་དོན་རྐྱེན་དུས་ཐོག་ཏུ་སེམས་ཐག་ཆོད་པོས་ཐག་གཅོད་བྱ་དགོས།

(དགུ) རྒྱུན་ལྡན་རང་བཞིན་གྱི་རིམས་བབ་འགོག་སྡོམ་བྱ་བ་ཏན་ཏིག་གིས་ལེགས་པོར་བསྒྲུབ་དགོས། ཁྲིམས་ལྟར་འགོག་སྡོམ་བྱེད་པ་དང་ཚན་རིག་དང་མཐུན་པར་འགོག་སྡོམ་བྱེད་པ། གནད་ལ་ཁེལ་བས་འགོག་སྡོམ་བྱེད་པ་དང་། ནན་ཏན་གྱིས་དོན་འཁྱོལ་བྱེད་པ་སྟེ“སྔ་མོ་ནས་བཞིའི”བླང་བྱ་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་འགོག་སྡོམ་བྱེད་པ། ཐག་གཅོད་བྱེད་པ་བཅས་ཀྱི“འགོག་སྲུང་འཛིང་རགས་གསུམ”བརྟན་པོར་བསྐྲུན་དགོས་ཤིང་། “མི་དང་དངོས་རྫས། ཁོར་ཡུག”གསུམ་ལ་མཉམ་བཤེར་མཉམ་འགོག་བྱེད་པའི་བྱ་བ་གཅིག་གྱུར་གྱིས་ལེགས་པོར་བསྒྲུབ་དགོས་པ་དང་། “ཕྱི་ནས་ནང་ལ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་ལོག་རྒྱག་པ་འགོག་པའི”བྱ་བ་དག་མཐའ་གཅིག་ཏུ་དམ་འཛིན་བྱེད་དགོས། ས་ཁུལ་དང་སྡེ་ཁག ལས་ཁུངས། མི་སྒེར་བཅས་ཕྱོགས་བཞི་ཡི་འགན་འཁྲི་ནན་འགེལ་བྱེད་པ་དང་། ཉེན་ཁའི་ཚད་མཐོ་འབྲིང་གི་ས་ཁུལ་གྱི་འགུལ་རྣམ་འགྱུར་ལྡོག་དུས་ལྟར་ཤེས་དགོས་ཤིང་། འགག་སྒོ་མདུན་དུ་བསྣུར་བ་རྒྱུན་འཁྱོངས་དང། ཉེན་ཁའི་ཚད་མཐོ་འབྲིང་ས་ཁུལ་ནས་མཚོ་སྔོན་དུ་ཡོང་བ་དང་ལོག་པའི་མི་སྣར་དོ་དམ་བྱེད་པར་ཤུགས་སྣོན་དགོས་ཤིང་། གྲལ་བཤེར་ཐོ་འགོད་དང་བདེ་ཐང་ལྟ་ཞིབ་ཚད་ལེན། ཉིང་སྐྱུར་བརྟག་བཤེར་སོགས་རྒྱུན་ལྡན་གྱི་འགོག་སྡོམ་བྱ་བ་ལེགས་པོར་བསྒྲུབ་དགོས། སྨན་ཁང་གི་འགོས་ནད་འགོག་སྡོམ་ལ་སྔར་བས་ཤུགས་སྣོན་པ་དང་འགོག་སྡོམ་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་དགོས་ལ། “ཁུལ་གསུམ་དང་བརྒྱུད་ལམ་གཉིས”ཀྱི་བཀོད་སྒྲིག་ཚད་ལྡན་དུ་གཏོང་བ་དང་། སྨན་བཅོས་སྡེ་ཁག་གི་སྔོན་བཤེར་ཁག་བགོས་ནད་དཔྱད་དང་ཚ་རྒྱས་སྒོ་བསྟེན་སྨན་ཁང་གཞི་གཅིག་ཅན་གྱི་གདུང་ཟུམ་དོ་དམ་ལག་བསྟར་ནན་མོ་བྱེད་དགོས། ཞིང་ལས་ཐོན་རྫས་སྡེབ་འཚོང་ཁྲོམ་ར་དང་། ཚོང་ར་དང་སྒོ་རྩིས་ཚོང་ཁང། སྔོ་ཚལ་དང་ཤ་རིགས་སོས་པའི་གློག་རྡུལ་ཚོང་དོན་སོགས་ལ་རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་དང་འཚུབ་ཟློག་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྒྱལ་ཁབ་གཞན་ནས་ཐོན་པའི་དངོས་རྫས་དང་ལྷག་པར་དུ་ནང་འདྲེན་བྱས་པའི་འཁྱག་སྦྲེལ་ཟས་རིགས་ལ་ཕྱོགས་ཡོངས་ནས་བརྟག་བཤེར་དང་སྔོན་འགོག་རང་བཞིན་གྱི་དུག་སེལ་བྱེད་པ་དང་སྔ་གཞུག་ཡོངས་ལ་དོ་དམ་བྱེད་དགོས། ལས་ཁུངས་དང་དོན་ལས་ཁེ་ལས་སྡེ་ཁག ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་གཙོ་གནད་ས་གནས་དང་ལས་ཁུངས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱེད་དགོས་ཤིང་། “བདེ་ཐང་ཨང་རིས”དོ་དམ་བཀོལ་སྤྱོད་ཇེ་ལེགས་སུ་གཏོང་བ་དང་། འཚུབ་ཟློག་སྔོན་ཇུས་དང་གོ་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏང་དགོས། འགྲིམ་འགྲུལ་ཡོ་བྱད་དང་མི་ཚོགས་འདུ་ར་དང་ས་ཚིགས་སོགས་སུ་རླུང་རྒྱུ་བ་དང་དུག་སེལ་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས་ཤིང་། མགྲོན་ཁང་སོགས་ཀྱི་ལུས་དྲོད་བརྟག་འཇལ་དང་གཙང་སྦྲ་དུག་སེལ་སོགས་ཀྱི་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་། ཡུལ་སྐོར་དང་འགྲིམ་འགྲུལ། བཟའ་བཏུང་སོགས་ལས་རིགས་ཀྱི་ལས་གཉེར་མི་སྣའི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་དོ་དམ་བྱེད་པར་ཤུགས་བསྣོན་དགོས། གྲོང་ཁྱེར་གྱི་ཉིང་སྐྱུར་བརྟག་བཤེར་རྟེན་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཉིང་སྐྱུར་བརྟག་བཤེར་གྱི་ནུས་པ་མཐོར་འདེགས་གཏོང་དགོས་ཤིང་། སྨན་བཅོས་ཀྱི་འཚུབ་ཟློག་སྐྱོབ་བཅོས་ཀྱི་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་བསྣོན་པ་དང་། པྲོག་གསར་གྱི་འགོག་སྨན་རྒྱག་པའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་དགོས།

འཐུས་མི་རྣམ་པ། དཀའ་སྤྱད་མདུན་སྐྱོད་ཀྱིས་ཀྲུང་ཧྭའི་ལེའུ་གསར་བ་འབྲི་བ་དང་། ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གི་རྒྱང་སྐྱོད་གསར་བའི་མགོ་རྩོམ་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་སྒོས། “འདུ་ཤེས་བཞི”ཇེ་ཟབ་དང“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག ཡིད་ཆེས་བརྟན་པོ་དང་དཔའ་ངར་ཆེན་པོས་འབད་བརྩོན་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”མགོ་ལེགས་པར་རྩོམ་པར་ཁག་ཐེག་དང་། མཚོ་སྔོན་གསར་བའི་འཛུགས་སྐྲུན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་གསར་བའི་ཁྲོད་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བྱས་ཏེ། ཏང་བཙུགས་ནས་ལོ་ངོ100འཁོར་བར་ལེགས་སྐྱེས་འབུལ་དགོས།།