མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ།

---2021ལོའི་ཟླ1པོའི་ཚེས30ཉིན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་།

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཀྲང་ཙེ་ཅུན།

འཐུས་མི་རྣམ་པ།

ད་ལྟ་ངས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས། ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་དང་གྲོས་ཚོགས་ལ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ།

2020ལོའི་བྱ་བ་གཙོ་བོ།

2020ལོར། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་དང་ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ཨུ་ཁང་གི་ལྟ་སྐུལ་མཛུབ་སྟོན་འོག ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་གྲོས་ཚོགས་རིམ་བྱུང་གི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ཏུ་བསྟར་ཞིང། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་ཆོད་ནན་ཏན་གྱིས་དོན་འཁྱོལ་བྱས་ཐོག རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ལས་འགན་རྣམ་དག་གིས་ལག་ཏུ་བསྟར་བ་དང་། རིམས་བབ་འགོག་སྡོམ་དང་འདྲི་གཅོད་ལག་བསྟར་གྱི་བྱ་བ་གཅིག་འདོམས་ཀྱིས་ལེགས་པོར་བསྒྲུབས་ཏེ། “འཐབ་ཇུས་བཞི་ཅན་ལྔ”གཏིང་ཟབ་སྒོས་ལག་ཏུ་བསྟར་བ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཞབས་ཕྱི་དང་འགན་སྲུང་བྱེད་པར་བྱས་རྗེས་གསར་བ་བཞག་ཡོད། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་སྣ་ཚོགས133109ཐག་གཅོད་བྱ་རྒྱུ་དང་ལེན་བྱས་ཤིང་། གྱོད་གཞི123429འདྲི་གཅོད་མཇུག་བསྒྲིལ་བ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར10.22%དང11.69%འཕར། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་གྱོད་གཞི2392ཐག་གཅོད་བྱ་རྒྱུ་དང་ལེན་བྱས་ཤིང། གྱོད་གཞི1949འདྲི་གཅོད་མཇུག་བསྒྲིལ་བ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར3.86%དང11.08%མར་ཆག

གཅིག སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ཏུ་བསྟར་ནས་ཆུ་ཚད་སྔར་བས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

ཉེས་དོན་ཉེས་བསགས་ལ་ཁྲིམས་ལྟར་ཉེས་ཆད་བཅད་དེ་འདྲི་གཅོད་ཐེངས་དང་པོའི་ཉེས་དོན་གྱོད་གཞི4811འདྲི་གཅོད་མཇུག་བསྒྲིལ་ཞིང་། ཉེས་ཅན6640ལ་ཁྲིམས་ཆད་བཅད་ནས་མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་འཇགས་རིམ་ལྡན་ཡོང་བར་འགན་སྲུང་བྱས།

རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས། རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་ཉེས་བསགས་ལ་རྡུང་རྡེག་ཚབས་ཆེན་བཏང་ནས་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་དང་། གསང་མྱུལ། དྲག་ཤུགས་འཇིགས་སྐུལ་སོགས་ཀྱི་ཉེས་བསགས་གྱོད་གཞི16འདྲི་གཅོད་མཇུག་བསྒྲིལ་བ་དང་། ཉེས་ཅན17ལ་ཁྲིམས་ཆད་བཅད། དྲག་ཤུགས་ཀྱི་ཉེས་བསགས་དང་བྱུང་ཐེངས་མང་བའི་རྒྱུ་ནོར་ལ་གནོད་པའི་ཉེས་བསགས་ལ་ཉེས་ཆད་དྲག་པོ་བཅད་དེ་བསམ་བཞིན་དུ་མི་བསད་པ་དང་འཕྲོག་བཅོམ། རྐུ་ཁྱེར་སོགས་ཀྱི་གྱོད་གཞི888འདྲི་གཅོད་མཇུག་བསྒྲིལ་ཞིང་། ཉེས་ཅན1149ལ་ཁྲིམས་ཆད་བཅད། སྤྱི་པའི་བདེ་འཇགས་ལ་གནོད་པའི་ཉེས་བསགས་ལ་ཉེས་ཆད་དྲག་པོ་བཅད་དེ་ཉེན་ཡོད་སྒོས་རླངས་འཁོར་བཏང་བ་དང་འགན་ཤོར་ལས་འཛོལ་ཚབས་ཆེན་གྱི་གྱོད་གཞི1808འདྲི་གཅོད་མཇུག་བསྒྲིལ་ལ། ཉེས་ཅན1787ལ་ཁྲིམས་ཆད་བཅད། དུག་འགོག་འཐབ་རྩོད་ལ་ཧུར་ཐག་གིས་ཞུགས་ནས་དུག་རྫས་ཉེས་བསགས་གྱོད་གཞི113འདྲི་གཅོད་མཇུག་བསྒྲིལ་བ་དང་། ཉེས་ཅན151ལ་ཁྲིམས་ཆད་བཅད། ལྐོག་ཟ་དང་ལྐོག་རྔན་སོགས་རུལ་སུངས་ཀྱི་ཉེས་བསགས་ལ་ཉེས་ཆད་དྲག་པོ་བཅད་དེ་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི67འདྲི་གཅོད་མཇུག་བསྒྲིལ་བ་དང་། ཉེས་ཅན80ལ་ཁྲིམས་ཆད་བཅད། དེ་ལས་ཐིན་རིམ་པ་གཞོན་པ་ཡན་གྱི་མི2ཡོད། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུས་ཀྱིི་སྔར་ཅུས་ཀྲང་ཏུང་ག་གེ་མོས་ལྐོག་རྔན་བླངས་པས་འདྲི་གཅོད་ཐེངས་དང་པོར་དུས་བཀག་བཙོན་འཇུག་ལོ་བཞི་ཡི་ཁྲིམས་ཆད་བཅད། མཚོ་བྱང་ཁུལ་གྱི་སྔར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་འཇུ་ལག་རྫོང་གི་སྔར་ཏང་ཨུའི་ཧྲུའུ་ཅི་པའེ་ག་གེ་མོས་ལྐོག་ཟ་ལྐོག་རྔན་ལེན་པ་དང། ལྐོག་རྔན་སྤྲོད་པ་བཅས་ཀྱི་ཉེས་བསགས་བཟོས་པས། འདྲི་གཅོད་ཐེངས་དང་པོར་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་དང་ཟླ་དྲུག་གི་ཁྲིམས་ཆད་བཅད།

ནག་འཇོམས་ངན་སེལ་གྱིིི་ཆེད་དོན་འཐབ་རྩོད་གཏིང་ཟབ་མོས་སྐུལ་འདེད་བཏང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ནག་ངན་དང་འབྲེལ་བའི་གྱོད་གཞི239ཐག་གཅོད་བྱ་རྒྱུ་དང་ལེན་བྱས་པ་དང་། གྱོད་གཞི230འདྲི་གཅོད་མཇུག་བསྒྲིལ་ལ། གྱོད་གཞིའི་ཐག་གཅོད་མཇུག་བསྒྲིལ་ཚད96.23%ཟིིན། མཐའ་གཅིིག་ཏུ“སྲུང་གདུགས་འཇོམས་ཤིང་འབྲེལ་རྒྱ་གཅོད་པ”དང“ནོར་ལམ་འགོག་ཅིང་ཁྲག་རྩ་བཅད”ནས་གཞུང་ལས་པ་མི6ཁྲིམས་ཆད་བཅད་ཅིང་། སྒོར་ཁྲི12821.72ཀྱི་ཉེས་ཆད་བཅད། ནག་ངན་དང་འབྲེལ་བའི་ཉེས་བསགས་གྱོད་གཞི་རིམ་པ་རེ་རེ་བཞིན་སྙན་ཞུ་འབུལ་བ་དང་ཆེད་དོན་མཛུབ་སྟོན། སྐུལ་བཤེར་སྐུལ་སྒྲུབ། ཁུངས་སྣེ་རྩིས་སྤྲོད་སོགས་ལམ་སྲོལ་བདུན་བཙུགས་ནས“ཉིན་བརྒྱའི་འགག་སྒྲོལ་དམག་འཐབ”དང“གཙང་སེལ་དྲུག་གི་བྱེད་སྒོ”སྤེལ། འཇུ་ལག་གི“3キ20”གྱོད་གཞི་དང་ཟི་ལིང་གི“ཡོན་ཚང་གི་སྤུན་ཟླ”གྱོད་གཞི་སོགས་གྱོད་གཞི་ཚབས་ཆེན་ཁྲིམས་ལྟར་འདྲི་གཅོད་མཇུག་བསྒྲིལ། “ཉི་ཟླ་རི་བོའི”རོ་སྦས་གྱོད་གཞི་བཅད་ཁྲ་ཁྱབ་བསྒྲགས་བྱས་ལ། ཀྲང་ག་གེ་མོ་དང་མཱ་ག་གེ་མོ་སོགས་མི39ཡིས་ནག་ཚོགས་ངོ་བོ་ལྡན་པའི་རྩ་འཛུགས་སྒྲིག་འཛུགས་དང་མགོ་ཁྲིད། ཐེ་ཞུགས་བཅས་བྱས་པའི་ཉེས་བསགས་བཟོས་པར། ཉེས་ཅན་གཙོ་བོོ2ལ་སོ་སོར་སྲོག་ཁྲིམས་དང་ཚེ་བཙོན་གྱི་ཁྲིམས་ཆད་བཅད་ཅིང། དེའི་འཕྲོའི་གྱོད་ཡ37ལ་སོ་སོར་དུས་བཀག་བཙོན་འཇུག་ལོ་ཉི་ཤུ་རྩ་གསུམ་ནས་ལོ་གཉིས་ཀྱི་ཁྲིམས་ཆད་བཅད། གྱོད་འབྲེལ་གྱི་ས་ཁུལ་དང་ལས་རིགས། ཁྱབ་ཁོངས་བཅས་ལ་གནས་པའི་འབྱུང་སླའི་གནད་དོན་དང་དོ་དམ་སྐྱོན་ཆ་གྱོད་གཞི་རེ་རེ་བཞིན་དབྱེ་ཞིབ་བྱེད་པར་རྒྱུན་འཁྱོངས་བྱས་ནས་ཁྲིམས་འཛིན་གྲོས་གཞི་ཡིག་ཆ116བཏང་།

མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་སྲུང་ལ་ཤུགས་བསྣན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱིས་མཉམ་འབྲེལ་བྱས་ཏེォཉེས་དོན་གྱོད་གཞིའི་ཉེས་པ་དང་ཆད་གཅོད་ངོས་ལེན་བྱས་པར་གུ་ཡངས་གཏོང་བའི་ལམ་ལུགས་ལ་སྤྱོད་འཐུས་པའི་སྐོར་གྱི་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)サདངོས་སུ་བཏོན། ཁྲིམས་རྩོད་པས་དག་འབུད་བྱེད་པ་དང་ལས་ཚབ་བྱེད་པའི་བསམ་འཆར་དང་ལམ་ལུགས་ལམ་སྲོལ་དོན་འཁྱོལ་བྱས་ནས་ཉེས་དོན་གྱོད་གཞིའི་ཐད་ཁྲིམས་རྩོད་པས་དག་འབུད་བྱེད་པ་ཁྱོན་ཡོངས་སུ་ཁེབས་པར་མངོན་འགྱུར་བྱུང་། དོགས་ཡོད་ནག་ཉེས་མེད་པར་བཟོ་བའི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་ཤིང། ཁྲིམས་འགལ་གྱི་བདེན་དཔང་ཕྱིར་འབུད་པའི་སྒྲིག་སྲོལ་གཟབ་ནན་བྱས་ནས་གྱོད་ཡ17ལ་ཉེས་མེད་ཁྱབ་བསྒྲགས་བྱས། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་གྱོད་གཞི15ཕྱིར་འཐེན་ཆོག་པར་ཁྲུན་ཐག་བཅད་ནས་གྱོད་ཡ62ཉེས་དོན་ཆད་གཅོད་མེད་པར་བྱས། ཉེས་ཆད་ཇེ་ཡང་དང་དངོས་མིན་བཙོན་གྲོལ་གཟབ་ནན་གྱིས་ཚད་ལྡན་དུ་བཏང་ནས་ཉེས་ཅན2730ཡི་ཉེས་ཆད་ཇེ་ཡང་དང་དངོས་མིན་བཙོན་གྲོལ་བཏང་། ལོ་ན་མ་སོན་པའི་མི་དང་འབྲེལ་བའི་ཉེས་བསགས་གྱོད་གཞི་འདྲི་གཅོད་བྱེད་པར་ཤུགས་བསྣན་ཞིང་། སྤྱི་ཚོགས་བརྟག་དཔྱད་དང་ཉེས་བསགས་ཟིན་ཐོ་བཀག་སྡོམ་ཉར་ཚགས་བྱེད་པ་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལོ་ན་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོང་དང་འབྲེལ་བའི་དཔེར་མཚོན་གྱོད་དཔེ5ཁྱབ་བསྒྲགས་བྱས།

སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཧུར་ཐག་གིས་ཞུགས། དུས་རབས་གསར་བའི“ཧྥེང་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ཐོག ཏང་ཨུས་མགོ་ཁྲིད་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་ཏུ་འདྲེས་པར་བྱས་ཏེ་མི་དམངས་མང་ཚོགས་དང་སྤྱི་ཚོགས་རྩ་འཛུགས་ལ་བརྟེན་ནས་འགལ་བ་དང་རྩོད་གླེང་ནུས་ལྡན་སྒོས་སྔོན་འགོག་དང་འདུམ་འགྲིག་བྱས། གཏུག་བཤེར་མིན་པའི་རྩོད་གླེང་ཐག་གཅོད་བྱེད་པའི་ལམ་སྲོལ་སྔོན་ལ་འཇོག་པར་རྒྱུན་འཁྱོངས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་གཏུག་བཤེར་ཞབས་ཕྱི་ལྟེ་གནས་སུ་གཏུག་བཤེར་དང་འདུམ་འགྲིིག་འབྲེལ་མཐུད་ལྟེ་གནས46དང་ལས་རེས་ཁྲིམས་རྩོད་པའི་བྱ་བའི་ས་ཚིགས34བཙུགས་ཤིང་། ཆེད་ཞུ་འདུམ་འགྲིག་པ422གདན་བསྐོ་བྱས་པ་དང་། རྣམ་མང་རྩོད་གླེང་འདུམ་ཐབས་ལ་བརྟེན་ནས་གྱོད་གཞི16033འདུམ་འགྲིག་དང་ཐག་གཅོད་བྱས། མགོ་ལོག་དང་ཡུལ་ཤུལ། མཚོ་ནུབ་བཅས་ཀྱི་འབྲིང་རིམ་ཁྲིམས་ཁང་སོ་སོས་ཟི་ཁྲོན་དང་ཡུན་ནན། བོད་ལྗོངས་བཅས་ཀྱི་འབྲིང་རིམ་ཁྲིམས་ཁང་ཁ་ཤས་དང་མཉམ་དུ་འགལ་བའི་རྩོད་གླེང་མཉམ་འགུལ་ལེབ་བཤེར་དང་འདུམ་འགྲིག་ཐག་གཅོད་བྱེད་པའིི་མཉམ་ལས་ལམ་སྲོལ་བཙུགས་ཏེ་མཐའ་མཚམས་ས་ཁུལ་འཆམ་མཐུན་བརྟན་འཇགས་ཡོང་བར་མཉམ་དུ་སྐུལ་འདེད་བཏང་། ཁྲིམས་སྐྱོང་དྲིལ་སྒྲོག་རྒྱ་ཆེར་སྤེལ་ནས“ལྔ་བདུན”ཁྲིམས་ཁྱབ་ལས་འགན་འགྲུབ་པར་བྱས། “བཅའ་ཁྲིམས་སྐྱེལ་བ་བདུན”གྱི་བྱ་འགུལ་གཏིང་ཟབ་མོས་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཕུལ་བྱུང་ལས་བྱེད་ཉེན་རྟོག་པ་བདམས་མངགས་བྱས་ནས་སློབ་གྲྭ་ཆུང་འབྲིང་གི་ཁྲིམས་སྐྱོང་སློབ་གཙོ་གཞོན་པའི་འགན་གཅིག་ལྕོགས་སུ་ཁུར།

གཉིས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ཏུ་བསྟར་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ཞབས་ཕྱི་བསྒྲུབས།

འདྲི་གཅོད་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིིང་། “བརྟན་འཇགས་དྲུག”དང“འགན་སྲུང་དྲུག”ལ་གནད་ཁེེལ་གྱིས་ཞབས་ཕྱི་བསྒྲུབས་ནས་རྒྱུན་རྣམ་ཅན་གྱི་རིམས་བབ་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བར་ཁྲིམས་ལྟར་འགན་སྲུང་བྱས།

རིམས་བབ་འགོག་སྡོམ་ལ་ཞབས་ཕྱི་དང་འགན་སྲུང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཐོག ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག་ཁྲིམས་ལྟར་འགོག་སྡོམ་བྱེད་པའི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱས་ནས་སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་བཅོས་བྱེད་པར་སྲུང་སྐྱེལ་བྱས། ォཉེས་དོན་འདྲི་གཅོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་པྲོག་དབྱིབས་ནད་དུག་འགོས་ནད་གསར་བའི་གློ་ཚད་རིམས་བབ་འགོག་སྡོམ་བྱ་བར་ནུས་ལྡན་གྱི་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱེད་པའི་སྐོར་གྱི་བསམ་འཆར་འགའサདངォ“བརྟན་འཇགས་དྲུག”གི་བྱ་བ་ཏན་ཏིག་གིས་ལེགས་པོར་སྒྲུབ་པ་དང “འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ་ཡོང་བར་ཁྲིམས་འཛིན་གྱི་ཞབས་ཕྱི་དང་འགན་སྲུང་འདོན་སྤྲོད་བྱེད་པའི་སྐོར་གྱི་བསམ་འཆརサགཏན་ལ་ཕབ། ཞིང་ཆེན་སྲིད་གཞུང་ལォཔྲོག་དབྱིབས་ནད་དུག་འགོས་ནད་གསར་བའི་གློ་ཚད་རིམས་བབ་ཁྲིམས་ལྟར་འགོག་སྡོམ་བྱེད་པའི་བཅའ་ཁྲིམས་བསམ་འཆརサབཏོན། ཀོའུ་ག་གེ་མོས་འགོས་ནད་འགོག་བཅོས་ལ་གནོད་པའི་གྱོད་གཞི་དང་ཏང་ག་གེ་མོས་སྤྱི་དོན་ལ་གནོད་པའི་གྱོད་གཞི་སོགས་ཤན་ཤུགས་ཅུང་ཆེ་ཞིང་སྤྱི་ཚོགས་ཀྱིས་ཐུགས་ཁུར་བྱེད་ཚད་ཅུང་ཆེ་བའི་གྱོད་གཞི་ཁག་གཅིག་ཁྲིམས་ལྟར་འདྲི་གཅོད་མཇུག་བསྒྲིལ། རིམས་ནད་དང་འབྲེལ་བའི་དཔེར་མཚོན་གྱོད་དཔེ5ཁྱབ་བསྒྲགས་བྱས། རིམས་བབ་འགོག་སྡོམ་དང་འདྲི་གཅོད་བྱ་བ་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག དྲ་ཐོག་ནས་གཞུང་དོན་སྒྲུབ་ཅིང་གྱོད་གཞི་ཐག་གཅོད་པར་ཤུགས་དྲག་ཏུ་བཏང་ནས་རིམས་བབ་དུས་ཡུན་ནང་དྲ་ཐོག་ནས་གྱོད་གཞི་ཐེངས23530ཐོ་འགོད་བྱས་ཤིང། གློག་རྡུལ་གྱིས་ཐེངས94597སྐྱེལ་སྤྲོད་བྱས་པ་དང་། དྲ་ཐོག་ནས་ཐེངས13139འདུམ་འགྲིག་བྱས་ཤིང་། དྲ་ཐོག་ནས་ཁྲིམས་ས་ཐེངས4245འཚོགས།

དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཕྱི་དང་འགན་སྲུང་བྱས། འདྲི་གཅོད་ཐེངས་དང་པོའི་ཚོང་དོན་གྱོད་གཞི25789འདྲི་གཅོད་མཇུག་བསྒྲིལ་ཞིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་12.48%འཕར། ォདངུལ་རྩའི་རྩོད་གླེང་གི་འདྲི་གཅོད་བྱ་བར་ཤུགས་བསྣན་པའི་བསམ་འཆརサདངོས་སུ་བཏོན་ནས་ཞིང་ཆེན་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས་དང་མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཀྱི་ཡན་ལག་དངུལ་ཁང་བཅས་དང་མཉམ་དུォདངུལ་རྩའི་རྩོད་གླེང་རྣམ་པ་དུ་མའི་སྒོ་ནས་འདུམ་འགྲིག་བྱེད་པའི་ལམ་སྲོལ་བཙུགས་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆརサགཏན་ལ་ཕབ། ォཁེ་ལས་མ་རྩ་རྡིབ་པའི་དོ་དམ་པ་དོ་དམ་བྱེད་པའི་གནས་སྐབས་ལག་བསྟར་བྱེད་ཐབསサགཏན་ལ་ཕབ་ནས་མ་རྩ་རྡིབ་པའི་དོ་དམ་པ་སྣོན་གསབ་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་། ཞིང་ཆེན་དངུལ་འཇོག་ཚོགས་པའི་ཀུང་སི་དང་ཚྭ་མཚོའི་མ་རྐང་ཀུང་སི། མར་ཐང་ཆུ་གློག་ས་ཚིགས་བཅས་ཀྱི་མ་རྩ་བརྡིབས་ནས་བསྐྱར་སྒྲིག་བྱས་པའི་གྱོད་གཞི་འདྲི་གཅོད་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་བྱེད་པར་ཤུགས་བསྣན་ནས་ཁེ་ལས་བསྐྱར་སྒྲིག་བྱས་ཏེ་དཀའ་ཁག་སེལ་བར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས། ཤེས་ཡོན་ཐོན་དབང་གི་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་བསྣན་ཞིང། སྤྱི་ཚོགས་ལォམཚོ་སྔོན་ཁྲིམས་ཁང་གི2017・2019བར་གྱི་ཤེས་ཡོན་ཐོན་དབང་ལ་ཁྲིམས་འཛིན་གྱིས་སྲུང་སྐྱོང་བྱས་ཚུལサཁྱབ་བསྒྲགས་བྱས་ནས་ཤེས་ཡོན་ཐོན་དབང་གི་དཔེར་མཚོན་གྱོད་དཔེ10བརྡ་ཁྱབ་བཏང་། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་ཅིན་ཞང་སྐྱེ་དངོས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་གཉིས་ཀྱི་རྩི་ཤིང་སོན་རིགས་གསར་བའི་ཁེ་དབང་ལ་གནོད་པའི་རྩོད་གླེང་གྱོད་གཞི་དེ“ཀྲུང་གོའི་ཁྲིམས་ཁང་གི་ལག་རྩལ་རིགས་ཀྱི་ཤེས་ཡོན་ཐོན་དབང་གི་དཔེར་མཚོན་གྱོད་དཔེ”ལ་བདམས་ཐོན་བྱུང་། ཀན་སུའུ་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཉམ་དུォཀན་སུའུ་དང་མཚོ་སྔོན་མཉམ་ལས་ཟབ་སྤེལ་བྱས་ནས་ལན་ཀྲུའུཟི་ལིང་གི་གྲོང་ཁྱེར་ཁྱུ་ཚོགས་སྤུས་ཚད་མཐོན་པོས་མཐུན་སྡེབ་འཕེལ་རྒྱས་ཡོང་བར་མཉམ་དུ་ཞབས་ཕྱི་དང་འགན་སྲུང་བྱེད་པའི་སྒྲོམ་གཞི་གྲོས་མཐུན་ཡི་གེ僚བཀོད་ནས་ལན་ཀྲུའུ་དང་ཟི་ལིང་གི་གྲོང་ཁྱེར་ཁྱུ་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྲུང་སྐྱེལ་འགན་ལེན་བྱས། དབུལ་ཐར་འགག་སྒྲོལ་ལ་ཞབས་ཕྱི་བསྒྲུབས་པས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཁྲིམས་ཁང་ལ2019ལོའི་དབུལ་ཐར་འགག་སྒྲོལ་སྔོན་ཐོན་སྡེ་ཚན་གྱི་གཟི་བརྗིད་མཚན་སྙན་ཐོབ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཞབས་ཕྱི་དང་འགན་སྲུང་བྱས། འདྲི་གཅོད་ཐེངས་དང་པོའི་ཁོར་ཡུག་ཐོན་ཁུངས་གྱོད་གཞི2060འདྲི་གཅོད་མཇུག་བསྒྲིལ་ཞིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན111.93%འཕར། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་འདབས་མཚོ་སྔོན་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཧུར་ཐག་གིས་ཞུགས་ཏེ། འབྲེལ་ཡོད་གྱོད་གཞི་ཞིབ་གཅོད་བྱེད་པའི་བྱ་བ་གཅིག་འདོམས་ཀྱིས་ལེགས་པོར་བསྒྲུབས། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁྲིམས་རའི་རྨང་གཞིའི་སྟེང་། མཚོ་སྔོན་པོ་དང་མདོ་ལ་རི་བོའི་སྐྱེ་ཁམས་ཁྲིམས་ར་བཙུགས། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁྲིམས་ར་རུ་ཞིབ་གཅོད་བྱས་པའི་གྱོད་ཡ་གུང་ག་གེ་མོ་སོགས་མི3གྱིས་འཇིག་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་ཁྲིམས་འགལ་གྱིས་རྔོན་གསོད་བྱས་པའི་གྱོད་གཞི་དེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་རྨ་ཆུའི་བཞུར་རྒྱུན་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་དཔེར་མཚོན་གྱོད་དཔེ་ལ་བདམས་ཐོན་བྱུང། ཀྲུང་དབྱང་བརྙན་འཕྲིན་ཁང་དང་མི་དམངས་དྲ་བ་སོགས་སྨྱན་བྱད40ལྷག་བརྒྱུད་དེ་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁྲིམས་ར་རུ་ཞིབ་གཅོད་བྱས་པའི་ལིའང་ག་གེ་མོས་གླ་དང་གོང་མོ་ཁྲིམས་འགལ་གྱིས་མེ་མདའ་བཟུང་སྟེ་རྔོན་གསོད་བྱས་པའི་གྱོད་གཞི་མཉམ་འགྲོས་ཐད་གཏོང་བྱས་པས་དྲ་ཐོག་གི་ཀློག་གྲངས་མི་ཐེངས་ཁྲི1900ལ་སླེབས། ォསྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཐེབས་པའི་གུན་གསབ་སྐོར་གྱི་གྲོས་མཐུན་ལ་ཁྲིམས་འཛིན་གྱིས་ཁས་བླངས་པའི་གྱོད་གཞིར་ཞིབ་བཤེར་བྱེད་པའི་སྒྲིག་སྲོལ྇サདངォསྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཐེབས་པའི་གུན་གསབ་སྐོར་གྱི་གྱོད་གཞི་ཞིབ་གཅོད་བྱེད་པའི་གཏན་འབེབས་འགའサདངོོས་སུ་བཏོན་ནས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཞིབ་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང། ཀྲེ་ཅཱང་མེ་གློག་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་མཚོ་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་བར་བཞག་པའིォསྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཐེབས་པའི་གུན་གསབ་སྐོར་གྱི་གྲོས་མཐུན་ཡི་གེサདེ་མཚོ་ལྷོ་འབྲིང་རིམ་ཁྲིམས་ཁང་གིས་ཁྲིམས་འཛིན་ཐོག་ནས་ཐེངས་དང་པོར་ཁས་བླངས། “ཤེའུ་བང་སོ་དང་པོའི”རྐུ་འཕྲོག་གྱོད་གཞི་ཆེན་པོ་འདྲི་གཅོད་མཇུག་བསྒྲིལ་ནས་གྱོད་ཡ15སོ་སོར་ལོ་བཅུ་བཞི་ནས་ལོ་ལྔ་དང་ཟླ་བ་དྲུག་གི་དུས་བཀག་བཙོན་མཇུག་གི་ཁྲིམས་ཆད་བཅད་ཅིང་། སྒོར་ཁྲི147གྱི་དངུལ་ཆད་བཅད་པ་དང་། རིག་དངོས་སླར་གསོ་དང་སྲུང་སྐྱོང་གི་སྤྱི་ཕན་སྐྱིན་ཚབ་སྒོར་ཁྲི40.8བཏང་། ཟི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་རྨ་ཆུའི་བཞུར་རྒྱུན་སྟོད་རྒྱུད་ཆུ་ཁུངས་གསོ་སྐྱོང་ཁུལ་གྱི་ཁྲིམས་འཛིན་རོགས་ལས་ལམ་སྲོལ་མཉམ་དུ་བཙུགས་ཏེ། རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པའི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཉམ་ལས་རང་བཞིན་བཅས་ཤུགས་དྲག་ཏུ་བཏང་།

ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་ཞབས་ཕྱི་དང་འགན་སྲུང་བྱས། འདྲི་གཅོད་ཐེངས་དང་པོའི་སྲིད་འཛིན་གྱོད་གཞི884འདྲི་གཅོད་མཇུག་བསྒྲིལ་ཞིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན30.19%འཕར། རྒྱལ་ཁབ་ཀྱིས་སྐྱིན་གསབ་སྤྲད་པའི་གྱོད་གཞི164འདྲི་གཅོད་མཇུག་བསྒྲིལ་ཞིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན84.27%འཕར། སྲིད་འཛིན་གཙོ་འཛིན་ཁྲིམས་སར་ཞུགས་ཏེ་ཞུ་ལན་འདེབས་པའི་ལམ་ལུགས་དོན་འཁྱོལ་བྱས་ནས་སྲིད་འཛིན་གཙོ་འཛིན་ཁྲིམས་སར་ཞུགས་ཏེ་ཞུ་ལན་འདེབས་ཚད38.86%ཟིན་པ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཚེག2.17འཕར། ཞིང་ཆེན་ཁྲིམས་ཁང་གིསォརྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལྟར་ཁྲིམས་སའི་འདྲི་གཅོད་ཟུར་ཉན་བྱེད་པའི་བྱ་འགུལ་གྱི་ལག་བསྟར་ཇུས་གཞིサབཟོས་ནས་ཞིང་ཆེན་ཏང་ཨུའི་ཁྲིམས་སྐྱོང་གཞུང་ལས་ཁང་གི་མིང་ཐོག་ནས་དཔར་འགྲེམ་བྱས། “དྲོད་ཁང་ཆེན་མོ”དང་སྒྲིག་འགལ་གྱིས་གཞིས་བྲང་བསྐྲུན་པ་དང་འབྲེལ་བའི་སྲིད་འཛིན་གྱོད་གཞི་ཐག་གཅོད་བྱ་རྒྱུ་དང་ལེན་དང་ཞིབ་གཅོད་བྱེད་པ་ཚད་ལྡན་དུ་བཏང་ནས་རྨོ་ཞིང་གང་འདོད་དུ་བཟུང་སྟེ་ཁང་བ་སྐྲུན་པའི་ཆེད་དོན་བཅོས་སྒྲིག་བྱ་འགུལ་ལ་ཧུར་ཐག་གིས་ཞུགས། བསྟུད་མར་ལོ་བཅུ་གཉིས་ལ་སྤྱི་ཚོགས་སུ་སྲིད་འཛིན་འདྲི་གཅོད་ཀྱི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཁྱབ་བསྒྲགས་བྱས་ཤིང་། དཔེར་མཚོན་གྱོད་དཔེ5ཁྱབ་བསྒྲགས་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

གསུམ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་རྒྱུན་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་མང་ཁྲིམས་འཛིན་དགོས་མཁོ་བསྐངས།

མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཤིང་། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་རྩ་བའི་དམིགས་ཡུལ་ལག་ཏུ་བསྟར་ནས་དམངས་འཚོའི་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱས།

དམངས་འཚོ་དང་འབྲེལ་བའི་གྱོད་གཞི་འོས་འཚམ་གྱིས་ཞིབ་གཅོད་བྱས། འདྲི་གཅོད་ཐེངས་དང་པོའི་དམངས་དོན་གྱོད་གཞི43562འདྲི་གཅོད་མཇུག་བསྒྲིལ་ཞིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན8.13%འཕར། གཉེན་སྒྲིག་དང་ཁྱིམ་ཚང་། ཤུལ་འཛིན། ཁྱིམ་མཚེས་འབྲེལ་བའི་རྩོད་གླེང་སོགས་ཀྱི་གྱོད་གཞི13350འདྲི་གཅོད་མཇུག་བསྒྲིལ་ཞིང་། མི་ལུས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་བཀའ11བཀྲམས་ནས་ཁྱིམ་ཚང་བརྟན་བདེ་མཛའ་མཐུན་ཡོང་བར་སྐུལ་འདེད་བཏང་། དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་གྱི་རྩོད་གླེང་གྱོད་གཞི9117འདྲི་གཅོད་མཇུག་བསྒྲིལ་ནས་ཁྲིམས་མཐུན་གྱི་བུ་ལོན་གཏོང་ལེན་བྱ་སྤྱོད་སྲུང་སྐྱོང་བྱས། མི་ལུས་གནོད་འཚེ་དང་སྨན་བཅོས། འགྲིམ་འགྲུལ་དོན་རྐྱེན་བཅས་ཀྱིི་གནོད་འཚེའི་དབང་གིས་རྩོད་གླེང་བྱུང་བ་སོགས་ཀྱི་གྱོད་གཞི2458འདྲི་གཅོད་མཇུག་བསྒྲིལ་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ཁེ་དབང་དང་རྒྱུ་ནོར་ཁེ་དབང་སྲུང་སྐྱོང་བྱས། ངལ་རྩོལ་རྩོད་གླེང་གྱོད་གཞི1381འདྲི་གཅོད་མཇུག་བསྒྲིལ་ནས་ངལ་རྩོལ་འབྲེལ་བའི་འཆམ་མཐུན་ལ་སྐུལ་འདེད་བཏང། དམངས་འཚོ་དང་འབྲེལ་བའི་གྱོད་གཞི་ལག་ཏུ་བསྟར་བའི་ཆེད་དོན་བྱེད་སྒོ་སྤེལ་ནས་དམངས་འཚོ་དང་འབྲེལ་བའི་གྱོད་གཞི66ལག་བསྟར་མཇུག་བསྒྲིལ་ཞིང་། ལག་བསྟར་དམིགས་སར་འབྱོར་བའི་དངུལ་གྲངས་སྒོར་ཁྲི250.74ཡོད་པ་དང་། ལག་བསྟར་གྱི་རོགས་སྐྱོབ་མ་དངུལ་སྒོར་ཁྲི214.86གཏོང་སྤྲོད་བྱས། གྲོང་ཁྱེར་དང་གྲོང་གསེབ་ཏུ་མི་ལུས་གནོད་འཚེ་ལ་སྐྱིན་གསབ་སྤྲོད་པའི་ཚད་གཞི་གཅིག་འདོམས་ཀྱིས་བཅོས་སྒྱུར་བྱེད་པའི་ཚོད་ལྟའི་བསམ་འཆར་དཔར་འགྲེམ་བྱས་ཏེ་ཁེ་དབང་འདྲ་མཉམ་དང་གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་བར་ཁྲིམས་ལྟར་འགན་སྲུང་བྱས།

གཏུག་བཤེར་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་བཏང་། གཏུག་བཤེར་ཁྲིད་སྟོན་དང་དྲ་ཐོག་གྱོད་འགོད། མྱུར་གཅོད་འདུམ་འགྲིག རོགས་སྐྱོབ་ཞབས་ཕྱི་སོགས་ཀྱི་རྩོལ་ནུས་ལྡན་པའི་གཅིག་འཐུས་གཏུག་བཤེར་ཞབས་ཕྱི་མ་ལག་བཙུགས་ཏེ་གཏུག་བཤེར་ཞབས་ཕྱི་གཅིག་འཐུས་ཀུན་སྒྲུབ་དང་དྲ་གཅིག་ཡོངས་སྒྲུབ། ཐེངས་གཅིག་ཀུན་སྒྲུབ་བཅས་ཐུབ་པར་མངོན་འགྱུར་བྱུང་། པད་མ་སོགས་ཁྲིམས་ཁང་གིས་གཏུག་བཤེར་ཞབས་ཕྱི་ལྟེ་གནས་སུ་སྐད་གཉིས་གཏུག་བཤེར་ཁྲིད་སྟོན་ཡོ་བྱད་དང་སྐད་གཉིས་ཡིག་རིགས་པར་འདེབས་འཕྲུལ་ཆས་བཙུགས་ནས་བོད་རིགས་མང་ཚོགས་གཏུག་བཤེར་ལ་ཞུགས་པར་སྟབས་བདེ་བསྐྲུན། བགྲོད་ལམ་འགྲིམ་འགྲུལ་རྩོད་གླེང་གི“དྲ་ཐོག་གི་གཞི་གྲངས་གཞི་གཅིག་ཅན་ཏུ་ཐག་གཅོད་པའི”ལས་སྟེགས་ཞིབ་འཇུག་གསར་སྤེལ་བྱས་ནས་བགྲོད་ལམ་འགྲིམ་འགྲུལ་གྱོད་གཞི་དྲ་གཅིག་ཡོངས་སྒྲུབ་དང་མཐེབ་གཅིག་གུན་གསབ་ཐུབ་པར་མངོན་འགྱུར་བྱུང་། ཁྲིམས་འཛིན་རོགས་སྐྱོབ་བྱ་བར་ཤུགས་བསྣན་ནས་འཚོ་བར་དཀའ་ངལ་ཡོད་པའི་དོ་བདག་པར་སྒོར་ཁྲི1296.88ཀྱི་ཞུ་གཏུག་འགྲོ་སོང་སྤྲོད་རྒྱུ་ཕྱིར་འགྱངས་པ་དང་ཉུང་སྤྲོད་དང་། སྤྲོད་མི་དགོས་པར་བྱས། ཆ་རྐྱེན་འཚམ་པའི་རོགས་སྐྱོབ་བྱ་ཡུལ་ལ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་སྒོར་ཁྲི527.08གཏོང་སྤྲོད་བྱས།

ལག་བསྟར་བྱེད་དཀའ་བའི་གནད་དོན་ངེས་པ་དོན་གྱིས་ཐག་བཅད། ལག་བསྟར་གྱོད་གཞི37498ཐག་གཅོད་བྱ་རྒྱུ་དང་ལེན་བྱས་ཤིང་། གྱོད་གཞི33733ལག་བསྟར་མཇུག་བསྒྲིལ། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་པའི་མཉམ་འབྲེལ་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་གྱི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཞུང་ལས་ཁང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི2019ལོའི“ཡིག་ཆ་དང་པོ”དོན་འཁྱོལ་མཐར་ཕྱིན་བྱེད་པའི་བསམ་འཆར་དངོས་སུ་བཏོན་ཏེ། ལག་བསྟར་བྱེད་དཀའ་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའིི་བཀོད་པ་ཆེན་པོ་སྔར་བས་འཐུས་ཚང་དུ་བཏང་། ལག་བསྟར་ལ་གཡོལ་ཐབས་དང་འགོག་ཐབས་བྱེད་པར་བཙན་གནོན་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་མི7219ཁྱབ་བསྒྲགས་བྱས་ཤིང་། འཛད་སྤྱོད་ཆེ་བའི་མི13016ཚོད་འཛིན་བྱས་ལ། ལག་བསྟར་ལ་འགོག་ཐབས་བྱས་པའི་ཉེས་བསགས་ལྟར་མི8ཉེས་དོན་འགན་འཁྲི་རྩད་གཅོད་བྱས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་གཅིག་གྱུར་གྱིས་ལག་བསྟར་བྱེད་པའི་ལས་སྟེགས་བཙུགས་ཤིིང་། གནད་འགག་གི་དུས་ཚིགས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་བཏང་ནས་གྱོད་གཞི་ཐག་གཅོད་བྱེད་པའི་ཚད་གཞི་དང་གོ་རིམ་ཚད་ལྡན་དུ་བཏང་། ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ལ་ཇེ་ཆེར་བཏང་ནས“གྱོད་གཅིག་ཉིས་བཤེར”གྱི་ལམ་སྲོལ་དོན་འཁྱོལ་བྱས། དྲ་ལམ་ནས་ཁྲིམས་འཛིན་དཔྱད་དཔོག་དང་ཧབ་འཚོང་རྒྱག་པར་འཐུས་ཚང་དུ་བཏང་ནས་ཞིང་ཆེན་རིམ་པའི་གཅིག་གྱུར་གྱི་ཚད་གཞི་དང་གཅིག་གྱུར་གྱི་དོ་དམ་ལམ་སྲོལ་བཙུགས། ཀུན་སློང་བཟང་པོས་ལག་བསྟར་དང་ཚུལ་མཐུན་གྱིས་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་ལ། སྒོ་ཐེལ་རྒྱག་པ་དང་བཙན་ཉར་སོགས་ཀྱི་བྱེད་ཐབས་ཇེ་ལེགས་སུ་བསྒྱུར་ནས་ཁེ་ལས་ཀྱི་ཐོན་སྐྱེད་ལས་གཉེར་ལ་ཐེབས་པའི་ཤན་ཤུགས་ཚད་ཆེས་ཆེ་བའི་སྒོ་ནས་ཇེ་དམར་བཏང་། ཤེལ་གཟུགས་ཀུང་སི་ག་གེ་མོ་སོགས་གྱོད་གཞི་དང་འབྲེལ་བའི་ཁེ་ལས་ཀྱི་གཏན་འཇགས་རྒྱུ་ནོར་ལ“བབ་བསྟུན་གྱིས་བཀག་སྡོམ་དང་བཙན་ཉར”བྱས་ནས་ཁེ་ལས་ཀྱིས་ལས་ཐོན་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས།

ཀུན་གསལ་ཁྲིམས་འཛིན་གཏིང་ཟབ་ཏུ་བཏང་། འདྲི་གཅོད་དང་ལག་བསྟར་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁྲོམ་བསྒྲགས་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཁྲུན་གཅོད་ཡིག་རིགས་དང་འདྲི་གཅོད་ལས་རིམ་གྱི་ཆ་འཕྲིན། ལག་བསྟར་ཆ་འཕྲིན། ཁྲིམས་སའི་འདྲི་གཅོད་བཅས་ཁྲོམ་བསྒྲགས་བྱེད་པར་སྐུལ་སྤེལ་བྱས་ཏེ། ཀྲུང་གོའི་ཁྲུན་གཅོད་ཡིག་རིགས་དྲ་བ་རུ་ཁྲུན་གཅོད་ཡིག་རིགས་ཁྲི13.05ཁྲོམ་བསྒྲགས་བྱས་ཤིང་། ཀྲུང་གོའི་ཁྲིམས་སའི་འདྲི་གཅོད་ཁྲོམ་བསྒྲགས་དྲ་བ་རུ་གྱོད་གཞི28549ཐད་གཏོང་བྱས་པ་དང། དོ་བདག་པར་འདྲི་གཅོད་ལས་རིམ་གྱི་ཆ་འཕྲིན་ཁྲི37.64འགྲེམ་སྤེལ་བྱས་ལ། ལག་བསྟར་ཆ་འཕྲིན་ཁྲི60.72ཁྱབ་བསྒྲགས་བྱས། ཁྲོམ་བསྒྲགས་བསྡུར་ཚད་དང་དུས་ཐོག་ཡིན་ཚད་རྒྱལ་ཡོངས་ཁྲིམས་ཁང་གི་སྔོན་གྲས་སུ་ཚུད། མི་དམངས་འདྲི་གཅོད་ལག་རོགས་པ་འདྲི་གཅོད་ལ་ཞུགས་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གྱོད་གཞི10196གི་འདྲི་གཅོད་ལ་ཞུགས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཡོད་ཚད“སྲང་འཇལ་ཉི་འོད”APPལ་ཞུགས་ནས་ཁྲིམས་ཁང་གི་བྱ་བའི་སྨྱན་བྱད་གསར་བའི་དྲིལ་སྒྲོག་རྣམ་པ་རིམ་བཞིན་གྲུབ། གསར་འགྱུར་ཁྲོམ་བསྒྲགས་ཚོགས་འདུ་སྐབས6བསྡུས་པ་དང། ཁྲིམས་ཁང་གི་བྱ་བའི་ཆ་འཕྲིན14376པོད་ཕྲན་དང་སྐད་འཕྲིན། སྤྱི་དམངས་ཨང་རྟགས་སོགས་བརྒྱུད་ནས་སྐྱེལ་སྤེལ་བྱས།

བཞི། ཁྲིམས་འཛིན་བཅོས་སྒྱུར་གཏིང་ཟབ་རུ་བཏང་ནས་ཁྲིམས་འཛིན་གྱི་སྤུས་ཚད་ཕན་འབྲས་དང་ཀུན་གྱི་ཡིད་རྟོན་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་།

སྲིད་ཁྲིམས་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བསམ་འཆར་དང་མི་དམངས་ཁྲིམས་ཁང་གི“ལྔ་ལྔའི་བཅོས་སྒྱུར་རྩ་གནད྇”ནན་ཏན་གྱིས་ལག་ཏུ་བསྟར་ནས་འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱས།

ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས། ォགྱོད་དོན་སྒྲུབ་མཁན་མི་སྣའི་དབང་ཆའི་གསལ་ཐོ(ཚོད་ལྟའི་ལག་བསྟར)サདངォཡོན་ཀྲང་དང་ཐིན་ཀྲང་གི་འདྲི་གཅོད་དོ་དམ་དང་ལྟ་སྐུལ་དབང་ཆའི་གསལ་ཐོサདངོས་སུ་བཏོན་ནས་དབང་ཆ་སྤྲད་ཀྱང་རྒྱ་ཡན་དུ་མ་གཏོང་བར་ཁག་ཐེག་བྱས། “དཔྱད་བཤེར་གསུམ་དང་ཞིབ་བཤེར་གཅིག”གི་ལམ་སྲོལ་ཤུགས་དྲག་ཏུ་བཏང་ཞིང་། ཡོན་ཀྲང་དང་ཐིན་ཀྲང་གི་ཁུ་སིམ་རྣམ་པའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས་ལྟ་སྐུལ་གྱི་ལས་གནས་མི་སྟོང་བར་ཁག་ཐེག་བྱས། ཁྲིམས་ཆད་བསྒྱུར་བ་དང་ཡང་བསྐྱར་འདྲི་གཅོད་བྱེད་པར་ཕྱིར་སྤྲད་པའི་གྱོད་གཞི1721ལ་གཙོ་ཆེར་དཔྱད་བཤེར་བྱས་ཤིང་། ཁྲུན་གཅོད་ཡིག་ཆ15492ལ་སྟབས་བསྟུན་ཟུར་བཤེར་བྱས་པ་དང་། ཁྲིམས་སའི་འདྲི་གཅོད་བྱ་འགུལ་ཐེངས3102དུས་བཀག་ལྟར་ཞིབ་བཤེར་བྱས་ལ། གྱོད་གཞི་ཡོངས་དྲ་ཐོག་ནས་འདྲི་གཅོད་མཇུག་བསྒྲིལ་ཞིང་ཞིབ་བཤེར་བྱས་ཏེ་གྱོད་གཞི8347གྱི་ནོར་འཁྲུལ་ཡོ་བསྲང་དང་དག་ཐེར་ལེགས་བཅོས་བྱས་པར་སྐུལ་འདེད་བཏང། འདྲི་གཅོད་ཀྱི་སྤུས་ཚད་ཕན་འབྲས་ལ་དབྱེ་ཞིབ་དང་ཞིབ་གཅོད་བྱེད་པའི་བྱ་བར་ཤུགས་བསྣན་ཐོག “ཚོད་འཛིན། ཉུང་འཕྲི། འདྲི་རྩད། ལྟ་སྐུལ”བཅས་བཞི་ཡི་མཉམ་འགུལ་ལམ་སྲོལ་དང་། “བྱང་བུ་དམར་པོ་དང་སེར་པོའི”འདྲི་རྩད་ལམ་སྲོལ། “234”ཡི་མཛུབ་སྟོན་ལམ་སྲོལ་བཅས་ཀྱིས་འགན་སྲུང་བྱས་པའི་འདྲི་གཅོད་དོ་དམ་གྱི“རྨ་ལྷོའི་ཉམས་མྱོང”སྤྱི་སྡོམ་ཁྱབ་སྤེལ་བྱས་པས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོ་དག་གི་ཁས་ལེན་ཐོབ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་མི་རེས་ཆ་སྙོམས་གྱོད་གཞི116ཐག་བཅད་ཅིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན18.37%ཇེ་མང་དུ་སོང། གྱོད་གཞི་རིགས་སོ་སོའི་འདྲི་གཅོད་ཐེངས་དང་པོའི་རྗེས་སུ་དོ་བདག་པས་ཁྲིམས་གཅོད་དང་ལེན་བྱས་ནས་གོང་གཏུག་མཚམས་བཞག་པའི་ཚད91.5%ཟིན་ཞིང། གཏུག་བཤེར་དང་འབྲེལ་བའི་ཡིག་སྐུར་ངོ་གཏུག་གི་སྤྱི་འབོར་ལོ་གོང་མའི་དུས་མཉམ་དང་བསྡུར་ན41%མར་ཆག

ཆ་འགྲིག་ལམ་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་། ォརིགས་འདྲའི་གྱོད་དཔེ་དང་འབྲེལ་བ་ཡོད་པའི་གྱོད་གཞི་བཙན་གྱིས་དཔྱད་འཚོལ་བྱེད་པའི་སྐོར་གྱི་གཏན་འབེབསサདངォཟུར་ལྟ་རང་བཞིན་གྱི་གྱོད་དཔེ་བྱ་བ་སྐོར་གྱི་བསམ་འཆརサォདོ་མཉམ་སྒོས་གྱོད་གཞི་ཐག་བཅད་པར་ཚད་ལྡན་དུ་གཏོང་བའི་དོ་དམ་བྱེད་ཐབསサབཅས་དངོས་སུ་བཏོན། གདན་ཞུའི་ལམ་ལུགས་ཀྱི་དྲུང་ཡིག་བསྡུ་ལེན་བྱེད་པའི་གོ་རིམ་ལེགས་སྒྲིག་བྱས་ནས་གདན་ཞུའི་ལམ་ལུགས་ཀྱི་དྲུང་ཡིག་ས་ཁོངས་ལས་བརྒལ་ཏེ“གཅིག་གིས་གཅིག་ལ་ཁ་གཏད་པའི”ལས་གནས་ལེགས་སྒྲིག་གི་ལམ་སྲོལ་བཙུགས། ォཁྲིམས་དཔོན་གྱིས་ཁྲིམས་བཀོད་འགན་འཁྲི་ཁྲིམས་ལྟར་ལག་ཏུ་བསྟར་བར་སྲུང་སྐྱོང་བྱེད་པའི་ལག་བསྟར་བྱེད་ཐབསサཞིབ་འཇུག་བྱས་ཤིང་གཏན་ལ་ཕབ། ཀྲུང་གོ་སྦྲག་སྲིད་ཀུང་སི་དང་ལེགས་བསྡུས་ཞིབ་གཉེར་གྱིས་སྐྱེལ་སྤྲོད་བྱེད་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་ཡི་གེ་བཞག་ཅིང་། སྦྲག་སྲིད་དྲ་ཚིགས་ཐོན་ཁུངས་དང་སྡེབ་སྐྱེལ་ཐོན་ཁུངས་ལ་བརྟེན་ནས“སྐྱེལ་སྤྲོད་དཀའ་བའི”གནད་དོན་ངེས་པ་དོན་གྱིས་ཐག་བཅད། ཟི་ལིང་འབྲིང་རིམ་ཁྲིམས་ཁང་གིས་ལེགས་བསྡུས་ཞིབ་གཉེར་སྐྱེལ་སྤྲོད་ལྟེ་གནས་བཙུགས་ཏེ། ཚོད་ལྟ་འཁོར་སྐྱོད་བྱེད་ཡུན་དུ་གྱོད་གཞི498ལེགས་བསྡུས་ཞིབ་གཉེར་གྱིས་སྐྱེལ་སྤྲོད་བྱས་པ་དང་། ལེགས་འགྲུབ་བྱུང་ཚད96.8%ཟིན། དམིགས་བསལ་གྱོད་གཞི་སྐྱེལ་སྤྲོད་བྱེད་ཡུན་ཆ་སྙོམས་ཉིན3ཡིན་པ་དང་། སྐྱེལ་སྤྲོད་བྱེད་ཚད་ཚད་མཐོན་པོས་ཇེ་མང་དུ་སོང་། སྲིད་འཛིན་གྱོད་གཞི་གཅིག་བསྡུས་ཀྱི་བདག་སྐྱོང་བྱེད་ཁོངས་ཇེ་ལེགས་སུ་བཏང་སྟེ་ཟི་ལིང་ས་ཁུལ་གྱི་གཞི་རིམ་སྲིད་འཛིན་གྱོད་གཞི་དེ་ཟི་ལིང་ལྕགས་ལམ་སྐྱེལ་འདྲེན་ཁྲིམས་ཁང་གིས་བདག་སྐྱོང་བྱེད་ཁོངས་སུ་བཅུག་ནས་སྲིད་འཛིན་གཏུག་བཤེར་གྱི་ཁྲིམས་སའི“བདག་གཞན་ར་བའི”སྣང་ཚུལ་འབྱུང་བར་ངེས་པ་དོན་གྱིས་གཡོལ་ཐབས་བྱས། ཁྲིམས་ཁང་གི་འཇོན་མི་ནང་འདྲེན་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་དེ། ཐེངས་དང་པོར་གདན་ཞུའི་ལམ་ལུགས་ཀྱི་གཞུང་ཞབས་པ་བསྡུ་ལེན་བྱས་ནས་སྤྱི་ཚོགས་ལ་ཁ་གཏད་དེ་གདན་ཞུའི་ལམ་ལུགས་ཀྱི་གཞུང་ཞབས་པ་མི2བསྡུ་ལེན་བྱས་ཏེ་ཆ་འཕྲིན་ཅན་གྱི་མཐོ་རིམ་གཙོ་སྐྱོང་གི་འགན་ཁུར།

རིིག་ལྡན་ཁྲིམས་ཁང་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས། ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་ལ་སྐུལ་ཁྲིད་བྱེད་ཤུགས་ཇེ་ཆེར་བཏང་ཐོག ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ཆ་འཕྲིན་ཅན་དུ་བཀོལ་སྤྱོད་བྱེད་པའི་ཡུལ་དངོས་དཔྱད་དཔོག་ལེགས་འགྲུབ་བྱུང་ནས་ཆ་འཕྲིན་ཅན་གཏིང་ཟབ་ཏུ་སྤྱོད་པར་སྐུལ་འདེད་བཏང་། གྱོད་གཞི་ཐོ་འགོད་དང་འདྲི་གཅོད། ལག་བསྟར་བཅས་ལས་རིམ་ཧྲིལ་བོའི་གློག་རྡུལ་ཡིག་ཁུག་གྱོད་གཞི་དང་འགྲོས་མཉམ་པོར་གྲུབ་པར་མངོན་གྱུར་བྱུང་སྟེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བརྡ་ཁྱབ་ཐོག་ནས་བསྟོད་བསྔགས་ཐོབ་པར་མ་ཟད། རྒྱལ་ཡོངས་ཁྲིམས་ཁང་ལའང་ཁྱབ་སྤེལ་བཏང་། ཡིག་ཁུག126966གྲུབ་ཅིང་། གློག་རྡུལ་ཡིག་ཁུག་གི་ཁེབས་ཚད95.38%ཟིན། ཆ་འཕྲིན་ཅན་བཀོལ་སྤྱོད་ཀྱི་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ལ་ཤུགས་བསྣན་ནས་ཆེས་མཐོའི་ཁྲིམས་ཁང་གིས་མངག་བཅོལ་བྱས་པའི་གཏུག་བཤེར་ཉེན་ཁ་དཔྱད་དཔོག་མ་ལག་གི་ཞིབ་འཇུག་གསར་སྤེལ་བྱ་བ་ལེགས་འགྲུབ་བྱུང་། “བོད་རྒྱ་བཅའ་ཁྲིམས་ཤན་སྦྱར་མ་ལག”སོགས་ཀྱི་བཀོལ་སྤྱོད་ལས་སྟེགས་དྲ་ཐོག་ཏུ་སྤེལ་ཞིང་། “རྒྱལ་ཡོངས་ཁྲིམས་ཁང་གི་སྐྱེལ་སྤྲོད་ལས་སྟེགས”དང“ཞིབ་དཔྱོད་ཁང་གི་གྱོད་གཞི་དོ་དམ་ཡིག་ཁུག་ལས་སྟེགས”སོགས་ཀྱི་མ་ལག་སྦྲེལ་མཐུད་བྱས་ནས་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གསར་བ་མངོན།

ལྔ། ཉམས་སད་ཐེག་ཐུབ་པའི་ཁྲིམས་ཁང་གི་དཔུང་སྡེ་ཤུགས་ཆེན་པོས་འཛུགས་སྐྱོང་བྱས་ནས་གཞུང་དྲང་སྤྱོད་གཙང་གིས་ཁྲིམས་འཛིན་པར་ཁག་ཐེག་བྱས།

གསར་བརྗེ་ཅན་དང་ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཏང་གི་སེམས་བདེ་ཞིང་མི་དམངས་ཀྱི་ཡིད་ཚིམ་པའི་བྱང་ཚད་མཐོ་བའི་ཁྲིམས་ཁང་གི་དཔུང་སྡེ་ཧུར་ཐག་གིས་འཛུགས་སྐྱོང་བྱས།

བསམ་བློ་དང་ཆབ་སྲིད་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་མོས་སློབ་སྦྱོང་བྱས་ཤིང། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཏང་གིས་ཁྲིམས་ཁང་བྱ་བར་མགོ་ཁྲིད་གཙང་བཙན་བྱེད་པར་རྒྱུན་འཁྱོངས་བྱས་ནས་ངེས་པ་དོན་གྱིས“འདུ་ཤེས་བཞི”ཇེ་ཟབ་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས། ォཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་བྱ་བའི་སྲོལ་ཡིགサདངォཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིགサདང་དེའི་ལག་བསྟར་ཞིབ་སྲོལ་བཅས་ནན་ཏན་གྱིས་ལག་ཏུ་བསྟར་ནས་མགོ་ཁྲིད་ཚན་ཆུང་འཛུགས་སྐྱོང་ལ་ཤུགས་བསྣན་ཞིང་། ཏང་ནང་གི་ཆབ་སྲིད་འཚོ་བ་ནན་སྐྱོང་བྱས། ォཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)サདོན་འཁྱོལ་མཐར་ཕྱིན་བྱས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་བྱེད་ཤུགས་ཇེ་ཆེར་གཏོང་བའི་ལས་གྲྭ་གཏིང་ཟབ་མོས་ལག་ཏུ་བསྟར་ལ། ཀྲི་པུའུ་ཧྲུའུ་ཅིས་ཏང་འཛུགས་སྐྱོང་བྱ་བར་སྤེལ་ནས་ཏང་ཀྲི་པུའུ་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། སྔོན་ཐོན་མིག་དཔེར་སློབ་སྦྱོང་བྱེད་པའི་བྱེད་སྒོ་ནན་ཏན་གྱིས་སྤེལ་ཐོག རྒྱལ་ཡོངས་ཀྱི་མིག་དཔེ་ཁྲིམས་དཔོན་དང་ཅཱང་ཞི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་རིམ་པ་གཉིས་པའི་མཐོ་རིམ་ཁྲིམས་དཔོན་བློ་མཐུན་ཧུའུ་ཀུའོ་ཡུན་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ལྟ་བར་རྩ་འཛུགས་བྱས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟི་ལིང་འབྲིང་རིམ་ཁྲིམས་ཁང་གི་ཤེས་བྱའི་ཐོན་དབང་ཁྲིམས་སའི་མགོ་འཛིན་གཞོན་པ་ཁྲེན་ཀྲི་ཞིའུ་ལ“རྒྱལ་ཡོངས་སྔོན་ཐོན་ལས་བྱེད་པའི”མཚན་སྙན་བསྩལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཐུན་མོང6དང་མི་སྒེར6ལ་རྒྱལ་ཡོངས་རང་བཞིན་གྱིི་གཟེངས་བསྟོད་ཐོབ་ཅིང་། ཐུན་མོང39དང་མི་སྒེར61ལ་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་བརྡ་ཁྱབ་ཐོག་ནས་བསྟོད་བསྔགས་བྱས།

ཁྲིམས་འཛིན་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན། སློབ་སྦྱོང་རྣམ་པའི་ཁྲིམས་ཁང་འཛུགས་སྐྲུན་ལ་རྒྱུན་མཐུད་ཀྱིས་སྐུལ་འདེད་བཏང་ནས་ལས་བྱེད་ཉེན་རྟོག་པའི་དཔེ་ཀློག་ཚོགས་འདུ་དང་ཞིབ་འཇུག་བགྲོ་གླེང་ཚོགས་འདུ། རིག་གཞུང་རྩོམ་བསྡུ་སོགས་ཀྱི་བྱ་འགུལ་རྒྱ་ཆེར་སྤེལ། ཆེས་མཐོའི་ཁྲིམས་ཁང་གི་ལས་དོན་ཆེད་མཁས་པ་གདན་དྲངས་ནསォདམངས་དོན་ཁྲིམས་གཞུངサགི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་སྤེལ་ཞིང་། ཆེས་མཐོའི་ཁྲིམས་ཁང་གི“ཁྲིམས་ཁང་འཆད་ཁྲིད་ཆེན་མོ”དང“སྤྲིན་སྣེ་འབྲེལ་མཐུད”ཆེད་དོན་གསོ་སྦྱོང་ལ་ཞུགས་པར་རྩ་འཛུགས་བྱས། དྲ་ལམ་དུ་ཆེད་དོན་ཚོད་ལྟའི་རྒྱུགས་ལེན་གྱི་བྱེད་སྒོ་རྩ་འཛུགས་བྱས་ནསォདམངས་དོན་ཁྲིམས་གཞུངサསློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར། ལས་བྱེད་ཉེན་རྟོག་པ་སློབ་སྟོན་གསོ་སྦྱོང་སྐབས55ལ་ཞུགས་པར་རྩ་འཛུགས་བྱས་ཤིང་། ལས་བྱེད་ཉེན་རྟོག་པ་མི་ཐེངས108སློབ་སྟོན་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་སྣ་ཚོགས་སྐབས23བསྡུས་ལ། ལས་བྱེད་ཉེན་རྟོག་པ་མི་ཐེངས6686གསོ་སྦྱོང་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཡོངས་གཅིག་གྱུར་གྱི་བཅའ་ཁྲིམས་ལས་རིགས་འོས་ཐོབ་རྒྱུགས་ལེན་གསོ་སྦྱོང་འཛིན་གྲྭ་བསྡུས་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་མི134གསོ་སྦྱོང་ལ་ཞུགས་པ་དང། རྒྱུགས་ལ་ཞུགས་པའི་ལས་བྱེད་ཉེན་རྟོག་པའི་རྒྱུགས་འཕྲོད་ཚད59%ཟིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བཟོ་ཚོགས་དང་མཉམ་འབྲེལ་གྱིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་དྲུང་ཡིག་མི་སྣའི་རྩལ་ནུས་འགྲན་བསྡུར་སྤེལ། སྐད་གཉིས་གཏུག་བཤེར་ནུས་པར་ཤུགས་བསྣན་ནས་བོད་རྒྱ་སྐད་གཉིས་ཀྱི་གཏུག་བཤེར་ཡིག་རིགས་རྩོམ་སྒྱུར་དཔེ་སྐྲུན་བྱས། ཕུལ་བྱུང་ལས་བྱེད་པ33བདམས་མངག་བྱས་ནས་མཚོ་སྔོན་ལྷོ་རྒྱུད་ཁུལ་གསུམ་གྱི་རིམ་པ་གཉིས་པའི་ཁྲིམས་ཁང་དུ་འགན་འཁྱེར་སྦྱོང་བརྡར་བྱས།

ཏང་སྲོལ་སྲིད་གཙང་གི་འཛུགས་སྐྲུན་ལ་ཤུགས་བསྣན། བྱ་སྤྱོད་མངོན་གསལ་ཡིན་པའི་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྒྲིག་བྱེད་པའི་ཆེད་དོན་འགུལ་སྐྱོད་དང་ཁ་གསབ་རྫུན་ཞུ་གཡོ་ལེན་བྱེད་པའི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་མོས་སྤེལ། ཁྲིམས་འཛིན་བྱ་བའི་ཁྲོད་བྱུང་བའི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་དམིགས་ནས་ཁྲིམས་ཁང་གི་སྲིད་གཙང་ཉེན་ཁ་འགོག་སྡོམ་བྱེད་པའི་ལམ་སྲོལ་བསྐྱར་དུ་བསྐྲུན། “གྱོད་གཞི་རྟེན་བྱེད་གསུམ”གྱི་ཉེན་སྟོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཐོག “སྤྱོད་གཙང་གིས་ཁྱིམ་ཚང་ཁྲི་ལ་བདེ་སྐྱིད་སྐྲུན་པའི”སྤྱོད་གཙང་ཁྱིམ་ཚང་གི་མིག་དཔེ་བཟང་པོའི་བྱ་འགུལ་རྩ་འཛུགས་བྱས་ཏེ་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་རུལ་འགོག་གི་ཆུ་རགས་སྲ་བརྟན་ཏུ་བཏང་། རལ་ཁ་ནང་ལ་བསྐོར་བ་རྒྱུན་འཁྱོངས་བྱས་ཐོག བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་གྱིས་ཁྲིམས་འཛིན་རུལ་སུངས་ལ་ཆད་པ་དྲག་པོ་བཅད་པ་དང་། ས་བཤིག་པའི་ཨ་བྲ་དང་སྡེ་བཤིག་པའི་ཆོམ་རྐུན་མེད་པར་བཟོས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་མི་ཐེངས17ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཅིང་། མི1ལ་ཉེས་དོན་འགན་འཁྲི་རྩད་གཅོད་བྱས།

དྲུག རང་འགུལ་གྱིས་ལྟ་སྐུལ་དང་དུ་བླངས་ནས་མི་དམངས་ཁྲིམས་ཁང་གི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་ཆོད་དང་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ནན་ཏན་སྒོས་དོན་འཁྱོལ་བྱས་ནས་དོན་ཚན་རེ་རེ་བཞིན་ལས་བགོས་ཞིབ་ཕྲ་བྱས་ཤིང་། རྗེས་འདེད་སྐུལ་སྒྲུབ་ལ་ཤུགས་བསྣན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆཱང་གིས་མཚོ་སྔོན་དུ་བརྟག་ཞིབ་མཛད་པའི་རིང་ལ། རྒྱལ་ཡོངས་ཀྱི་དམངས་ཆེན་འཐུས་མི་དང་རྒྱལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་ཁ་ཤས་དང་མཉམ་དུ་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་པར་རྩ་འཛུགས་བྱས་ནས་འཐུས་མི་དང་ཨུ་ཡོན་གྱིས་ཁྲིམས་ཁང་གི་བྱ་བའི་སྐོར་ལ་བཏོན་པའི་བསམ་འཆར་དང་གྲོས་གཞི་ལེགས་པོར་ཉན། ཞིང་ཆེན་དམངས་ཆེན་འཐུས་མིའི་གྲོས་གཞི1ནན་ཏན་གྱིས་བསྒྲུབས་ཤིང་འཐུས་མི་ལ་གྲོས་གཞི་བསྒྲུབས་ཚུལ་དུས་ལྟར་ལན་ལྡོན། ཞིང་ཆེན་ཁྲིམས་ཁང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་ལ་ལག་བསྟར་བྱ་བ་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་ཡར་ཞུ་བྱས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་ལ་གཞོགས་འདེགས་བྱས་ནས་ཟི་ལིང་དང་མཚོ་ཤར། མགོ་ལོག་སོགས་ས་གནས3གྱི་ཁྲིམས་ཁང6གི་ལག་བསྟར་བྱ་བར་བརྟག་ཞིབ་བྱས་པ་དང་། དཔེར་མཚོན་གྱོད་དཔེ་བདམས་ཤིང་འཐུས་མི་དང་ཨུ་ཡོན་གདན་དྲངས་ནས་ལག་བསྟར་ལ་བདེན་དཔང་བྱས། ཞིང་ཆེན་དམངས་ཆེན་གྱིས་རྩ་འཛུགས་བྱས་པའི་ས་རྒྱུ་སྦག་བཙོག་འགོག་བཅོས་བྱེད་པའི་སྐོར་གྱི་བཅའ་ཁྲིམས་སོགས་ཁྲིམས་བསྟར་ཞིབ་བཤེར་ལ་ཧུར་ཐག་གིས་ཞུགས། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་གདན་དྲངས་ཏེ་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་དང་ཁྲིམས་ཁང་གི་བྱ་བར་གཟིགས་ཞིབ་མི་ཐེངས46བྱས་པ་དང་། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གདན་དྲངས་ཏེ12·4རྩ་ཁྲིམས་ཉིན་མོའི་བྱ་འགུལ་ལ་ཞུགས། རང་འགུལ་གྱིས་སྲིད་གྲོས་དང་འབྲེལ་འདྲིས་བྱེད་པར་ཤུགས་བསྣན་ཞིང་། དམངས་གཙོའི་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཀྱི་ཚོགས་པ་སོ་སོ་བཅས་ལ་དུས་རྒྱུན་དུ་འབྲེལ་འདྲིས་བྱེད་པའི་བྱ་བར་ཤུགས་བསྣན་ནས་བསམ་འཆར་ནན་ཏན་གྱིས་མཉན་པ་དང། ཐུན་མོང་འདུ་ཤེས་རྒྱ་ཆེར་གཅིག་ཏུ་བསྡུས། སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་གྲོས་གཞི་ནན་ཏན་གྱིས་བསྒྲུབས་ནས་བཏོན་པའི་གྲོས་གཞི2ལག་བསྟར་མཇུག་བསྒྲིལ། ལྟ་ཞིབ་བཅའ་ཁྲིམས་གཏིང་ཟབ་མོས་ལག་ཏུ་བསྟར་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ཁང་ལས་བྱེད་མི་སྣར་ལྟ་སྐུལ་བྱེད་པར་རང་འགུལ་གྱིས་དང་དུ་བླངས། ཞིབ་དཔྱོད་ཀྱི་ལྟ་སྐུལ་ཁྲིམས་ལྟར་དང་དུ་བླངས་ནས་ཉེས་དོན་རྒོལ་གཏུག་གྱོད་གཞི34འདྲི་གཅོད་མཇུག་བསྒྲིལ། ཅཱན་ཁྲ་ཀྲང་ཁྲིམས་ཁང་གི་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སུ་ཟུར་ཞུགས་མཛད་པའི་ལམ་ལུགས་དོན་འཁྱོལ་བྱས་ནས་རིམ་པ་སོ་སོའི་ཁྲིམས་ཁང་གིས་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང་ངམ་ཅཱན་ཁྲ་ཀྲང་གཞོན་པ་གདན་དྲངས་ཏེ་རིམ་པ་མཉམ་པའི་ཁྲིམས་ཁང་གི་འདྲི་གཅོད་ཨུ་ལྷན་དུ་ཐེངས183ཟུར་ཞུགས་བྱས།

འཐུས་མི་རྣམ་པ། ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བར་གྲུབ་འབྲས་ཐོབ་པ་ནི། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོ་དང་ཞིང་ཆེན་དམངས་ཆེན་གྱིི་ཁྲིམས་བཞིན་ལྟ་སྐུལ། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་ཀྱི་རྒྱབ་སྐྱོར་ཆེན་པོ། འཐུས་མི་ཨུ་ཡོན་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རོགས་རམ་བཅས་ཀྱི་འབྲས་བུ་ཡིན་པས། ངས་འདི་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

ང་ཚོས་ཀྱང་གསལ་བོ་མཐོང་ཐུབ་པ་ནི། མིག་སྔར་ཁྲིམས་ཁང་གི་བྱ་བར་ད་དུང་གནད་དོན་དང་དཀའ་ངལ་དུ་མ་ཞིག་ཡོད་དེ། ཁྲིམས་འཛིན་འདུ་ཤེས་དང་ཁྲིམས་འཛིན་ནུས་པ་དེང་རབས་གསར་བའི་བླང་བྱ་དང་བསྡུར་ན་ད་དུང་ཧེ་བག་ཅུང་ཆེན་པོ་ཡོད་པ་སྟེ། ལ་ལས་འགྱུར་མེད་ཀྱིས་གྱོད་གཞི་བསྒྲུབས་པས་སྤྱི་ཚོགས་ཀྱི་ནུས་འབྲས་མི་བཟང་བ་དང་། འགའ་ཞིག་ནི་གྱོད་གཞི་སྒྲུབ་པའི་ནུས་པ་ཞན་པས་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་དམའ་བ། འགའ་ཤས་ནི་ཁྲིམས་འཛིན་གྱི་སྤྱོད་ཚུལ་མི་གཙང་བས་ཁྲིམས་འཛིན་རུལ་སུངས་ཀྱི་གནད་དོན་རྟག་ཏུ་འབྱུང་བཞིན་ཡོད་པ་དང་གཅིག ཁྲིམས་ཁང་གིས་གྱོད་གཞི་དང་དུ་བླངས་པའི་གྲངས་འབོར་བསྟུད་མར་མང་དུ་ཕྱིན་པས་གྱོད་གཞི་སྒྲུབ་པའི་དཀའ་ངལ་དང་གནོན་ཤུགས་ཇེ་ཆེར་སོང་བ་དང་གཉིས། ཁྲིམས་འཛིན་བཅོས་སྒྱུར་དང་གསར་གཏོད་ཀྱི་འགག་སྒོ་གཏོར་ཚད་མི་འདང་བས་སྒྲིག་སྲོལ་ལམ་སྲོལ་གྱི་ཕྱོགས་བསྡུས་ཆ་འགྲིག་བཅོས་སྒྱུར་ལ་དོན་འཁྱོལ་དམིགས་སུ་མི་འབྱོར་བའི་གནད་དོན་མཆིས་པ་དང་གསུམ། ཁྲིམས་དཔོན་གྱི་དཔུང་སྡེ་རྒན་འགྱུར་དང་ཁྲིམས་འཛིན་མི་སྣ་ཤོར་བའི་གནས་ཚུལ་ཅུང་ཚབས་ཆེ་ཞིང་། མཐའ་ཁུལ་གྱི་ཁྲིམས་ཁང་གིས་ལས་བྱེད་མི་སྣ་བསྡུ་དཀའ་བ་དང་། འཛིན་རྒྱུ་དེ་ལས་ཀྱང་དཀའ་བའི་གནད་དོན་མངོན་གསལ་ཡིན་པ་དང་བཞི་བཅས་སོ། །གནད་དོན་དང་དཀའ་ངལ་འདི་དག་ང་ཚོས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ངེས་པ་དོན་གྱིས་ཐག་གཅོད་བྱ་དགོས།

2021ལོའི་བྱ་བའི་བཀོད་སྒྲིག

འཐུས་མི་རྣམ་པ། 2021ལོར། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བའི་རིག་ལམ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་མཐར་ཕྱིན་བྱེད་ཅིང། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་ཚོགས་འདུ་དང་རྒྱལ་ཡོངས་མཐོ་རིམ་ཁྲིམས་ཁང་གི་ཡོན་ཀྲང་ཚོགས་འདུའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་ལ། ཞིང་ཆེན་ཏང་ཨུའི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་དམ་པོར་དམིགས་པ་དང་། ཏང་གིས་ཁྲིམས་ཁང་བྱ་བའི་མགོ་ཁྲིད་གཙང་བཙན་དང་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ། རྒྱུད་ཁོངས་འདུ་ཤེས་དང་ཁྲིམས་སྐྱོང་བསམ་གཞིགས། རྨང་བརྟན་ཕྱོགས་སྟོན་བཅས་ལ་སྔར་བས་མཐོང་ཆེན་བྱེད་པ་མ་ཟད། ཁྲིམས་འཛིན་འདུ་ཤེས་གསར་སྒྱུར་དང་། ཚད་ལྡན་གྱི་དོ་དམ་དམ་དུ་འཛིན་པ། གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་བ། འདྲི་གཅོད་ལག་བསྟར་དང་ཁྲིམས་འཛིན་བཅོས་སྒྱུར། དཔུང་སྡེ་འཛུགས་སྐྲུན་སོགས་བྱ་བ་སོ་སོ་གཅིག་འདོམས་ཀྱིས་ཤུགས་བསྣན་ཏེ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་ཅིང་། སྤྱི་ཚོགས་ཡོངས་ཀྱི་བརྟན་འཇགས་ལ་ཁག་ཐེག་བྱེད་པ་དང་། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ལ་སྐུལ་འདེད་གཏོང་ལ། མི་དམངས་བདེ་སྡོད་ལས་བརྩོན་འགན་སྲུང་བྱེད་པ་མ་ཟད། དུས་རབས་གསར་བའི་མཚོ་སྔོན་འཕེལ་རྒྱས་ཀྱི་ལེའུ་གསར་བར་ཤུགས་ཆེན་པོས་བརྩམས་ཏེ་བདེ་འཇགས་ཀྱི་ཆབ་སྲིད་ཁོར་ཡུག་དང་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག དྲང་གཞག་གི་ཁྲིམས་འཛིན་ཁོར་ཡུག སྤུས་ལེགས་ཀྱི་ཞབས་ཕྱི་ཁོར་ཡུག་བཅས་བསྐྲུན་དགོས།

གཅིག་ནི་ཁྲིམས་ཁང་བྱ་བར་ཏང་གི་མགོ་ཁྲིད་གཙང་བཙན་རྒྱུན་འཁྱོངས་བྱས་ནས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ལ་ཁག་ཐེག་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བསམ་བློའི་དར་ཆ་དང་གཞུང་ལུགས་ཁྲིད་སྟོན། རྩ་བའི་བརྩི་སྲུང་བཅས་སུ་བྱེད་ཅིང། ཀྲུང་གོའི་ཁྱད་ཆོས་ལྡན་པའིསྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུ་བགྲོད་པར་རྒྱུན་འཁྱོངས་བྱས་ནས་ངེས་པ་དོན་གྱིས“འདུ་ཤེས་བཞི”ཇེ་ཟབ་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱ་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་ཚ་རླབས་མགྱོགས་མྱུར་གྱིས་འཕྱུར་བར་བྱེད་ཅིང་། “ལོ་ལྔའི་འཆར་འགོད་བཅུ་བཞི་བ”ལ་ཁྲིམས་འཛིན་འགན་སྲུང་བྱེད་པར་དམིགས་པ་གཏད་ནས། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བར་བཏོན་པའི་དུས་རབས་གསར་བ་དང་དུས་རིམ་གསར་བ། བླང་བྱ་གསར་བ་བཅས་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་བྱ་བའི་བྱེད་ཐབས་བྱེ་བྲག་ཅན་དུ་སྒྱུར་ལ། “དུས་བཞི་སྡེབ་སྣོན”གྱི་འགལ་བ་དང་གནད་དོན་ཤུགས་ཆེན་པོས་བསལ་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་རྩ་བར་ཚུགས་ཤིང་། གསོན་ཉམས་ལྡན་པའི་ལག་ལེན་དུ་གྲུབ་པར་བྱ་དགོས།

གཉིས་ནི་ཁྱོན་ཡོངས་ལ་ཞབས་ཕྱི་བྱེད་པར་གཙོ་གནད་དུ་བཟུང་ནས་འདྲི་གཅོད་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། འགན་འཁྲི་སེམས་ལ་འཛིན་པ་དང་འགན་འཁྲི་ལག་ཏུ་བསྟར་བ། འགན་འཁྲི་བྱ་སྤྱོད་ལ་སྦྱར་བ་བཅས་རྩ་བར་བྱས་ཐོག འཕེལ་རྒྱས་ཀྱི་དུས་རིམ་གསར་བ་འཛིན་ཞིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ཏུ་བསྟར་ལ། འཕེལ་རྒྱས་ཀྱི་བླང་བྱ་གསར་བ་དོན་འཁྱོལ་བྱས་ནས་ཁྲིམས་འཛིན་གྱི་འདྲི་གཅོད་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང། མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་རང་འགུལ་གྱིས་ཞུགས་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་ཁྱོན་ཡོངས་ལ་དམ་དུ་དམིགས་ཐོག སིམ་འཛུལ་རྩ་སློག་གཏོར་བརླག་དང་། དྲག་ཤུགས་འཇིགས་སྐུལ། མི་རིགས་ཁ་བྲལ། ཆོས་ལུགས་ཐལ་སྐྱོད་སོགས་ཀྱི་ཉེས་བསགས་ལ་རྡུང་རྡེག་དྲག་པོ་གཏོང་ཞིང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གྲུབ་འབྲས་སྲ་བརྟན་ཟབ་སྤེལ་བྱས་ནས་མི་དམངས་མང་ཚོགས་ལ་བདེ་སྣང་སྔར་བས་མང་པོ་ཞིག་ཐོབ་ཏུ་གཞུག་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་དུ་དམིགས་ཐོག རྒྱུན་རྣམ་ཅན་གྱི་རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བར་ཁྲིམས་ལྟར་ཞབས་ཕྱི་བསྒྲུབས་ནས་ཁྲིམས་སྐྱོང་ལམ་བུ་ནས་རྒྱུན་རྣམ་ཅན་གྱི་རིམས་བབ་འགོག་སྡོམ་བྱེད་པར་འགན་སྲུང་བྱ་དགོས། ཁེ་ལས་དང་མི་དམངས་ལ་ཕན་པའི་ཁྲིམས་འཛིན་སྲིད་ཇུས་བེད་སྤྱོད་ལེགས་པོ་བྱས་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་བརྩོན་སྐུལ་བྱེད་ཅིང་། “བརྟན་འཇགས་དྲུག”དང“འགན་སྲུང་དྲུག”ལ་གནད་ཁེལ་གྱིས་ཞབས་ཕྱི་བསྒྲུབ་དགོས། སྤྱི་ཚོགས་ཀྱི་འགལ་བ་དང་དང་དུ་བླངས་པའི་གྱོད་གཞི་གྲངས་འབོར་གྱི་འགྱུར་བར་དམ་དུ་དམིགས་ནས་ཁྲིམས་འཛིན་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། འདྲི་གཅོད་ལག་བསྟར་གྱི་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས།

གསུམ་ནི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དམིགས་ཡུལ་དུ་བྱས་ནས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་ཧུར་ཐག་གིས་བསྐང་དགོས། མི་དམངས་ལྟེ་བ་ཡིན་པའི་རྩ་བའི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་། གནས་བརྗེ་བསམ་གཞིགས་བྱས་ནས་མང་ཚོགས་ཀྱི་དགོས་མཁོ་དེ་རང་ཉིད་ཀྱི་དགོས་མཁོ་ལྟར་སྐོང་བ་དང་། མང་ཚོགས་ཀྱི་ཁེ་ཕན་དེ་རང་ཉིད་ཀྱི་ཁེ་ཕན་ལྟར་སྲུང་སྐྱོང་བྱེད་ལ། མང་ཚོགས་ཀྱི་དཀའ་སྡུག་དེ་རང་ཉིད་ཀྱི་དཀའ་སྡུག་ལྟར་སེལ་བར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་ཚད་ཆེས་མཐོ་བའི་སྒོ་ནས་སྐོང་ཞིང་། མི་དམངས་མང་ཚོགས་ཀྱིས་སེམས་འཁུར་དང་སེམས་སྡུག སེམས་ཁྲལ་བྱེད་བཞིན་པའི་དོན་རྣམས་ཐག་གཅོད་ལེགས་པོ་བྱ་དགོས། དམངས་དོན་ཁྲིམས་གཞུང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་ཅིང་། གྱོད་གཞིས་ཁྲིམས་འགྲེལ་དང་ཁྲིམས་སྐྱོང་དྲིལ་སྒྲོག་ལ་ཤུགས་བསྣན་ནས་དམངས་དོན་ཁེ་དབང་ཁྲིམས་འཛིན་གྱིས་སྲུང་སྐྱོང་བྱེད་པའི་ཆུ་ཚད་ངེས་པ་དོན་གྱིས་ཇེ་མཐོར་གཏང་དགོས། གཅིག་འཐུས་རྣམ་མང་རྩོད་གླེང་ཐག་གཅོད་དང་གཏུག་བཤེར་ལ་ཞབས་ཕྱི་སྒྲུབ་པའི་མ་ལག་གཏིང་ཟབ་ཏུ་འཛུགས་སྐྲུན་བྱེད་ཅིང། དམངས་ཕན་དམངས་བདེའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ཁུར་པོ་ཇེ་ཡང་དང་རྙོག་འཛིང་ཇེ་ཉུང་། སྟབས་བདེ་དམངས་ཕན། དམངས་འཚོ་འགན་སྲུང་བཅས་ཀྱི་ཐད་ལ་རྩོལ་བ་སྔར་བས་ཆེན་པོ་ནས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་བྱེད་ཐབས་ཏན་ཏིག་གིས་དོན་འཁྱོལ་བྱ་དགོས། “ཞིང་གསུམ”བྱ་བའི་གཙོ་གནད་དེ་དབུལ་ཐར་འགག་སྒྲོལ་གྱི་ལོ་རྒྱུས་རང་བཞིན་ནས་གྲོང་གསེབ་དར་སྤེལ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བར་བསྒྱུར་རྗེས་ཀྱི་ལས་འགན་གསར་བ་དང་བླང་བྱ་གསར་བར་དམིགས་ནས་ཞིང་འབྲེལ་གྱོད་གཞི་སོ་སོ་ཁྲིམས་ལྟར་ཞིབ་གཅོད་བྱེད་ཅིང་། གྲོང་གསེབ་དར་སྤེལ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཧུར་ཐག་གིས་ཞབས་ཕྱི་བསྒྲུབ་དགོས།

བཞི་ནི་དྲང་གཞག་དྲང་བདེན་ཡོང་བར་དམིགས་ཡུལ་དུ་བྱས་ནས་ཁྲིམས་འཛིན་འགན་འཁྲི་ལམ་ལུགས་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏང་དགོས། ཀྲུང་དབྱང་གི་ཁྲིམས་འཛིན་འགན་འཁྲི་ལམ་ལུགས་ཀྱི་ཕྱོགས་བསྡུས་ཆ་འགྲིག་བཅོས་སྒྱུར་བྱེད་པའི་བཀོད་སྒྲིག་དང་བླང་བྱ་དམ་དུ་དམིགས་ཐོག ཆེས་མཐོའི་མི་དམངས་ཁྲིམས་ཁང་གིォཁྲིམས་འཛིན་འགན་འཁྲི་ལམ་ལུགས་ཀྱི་ཕྱོགས་བསྡུས་ཆ་འགྲིག་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆརサནན་ཏན་གྱིས་ལག་ཏུ་བསྟར་ཞིང་། འདྲི་གཅོད་ལ་ལྟ་སྐུལ་དོ་དམ་དང་། སྲིད་གཙང་གི་ཉེན་ཁ་འབྱུང་བར་སྔོན་འགོག་ཚོད་འཛིན། ཐོན་ཁུངས་ལེགས་སྒྱུར་དང་བཀོད་སྒྲིག་སོགས་བྱེད་པའི་ཐད་ཀྱི་ཆ་འགྲིག་བྱེད་ཐབས་དོན་འཁྱོལ་བྱས་ཏེ། འདྲི་གཅོད་དབང་ཆ་སྤྱོད་པའི་གནད་འགག་ཐུག་ས་དང་གནད་ཆེ་ས་དམ་དུ་འཛིན་ཞིང། ཁྲིམས་འཛིན་འགན་འཁྲི་ལམ་ལུགས་ཀྱི་ཕྱོགས་བསྡུས་ཆ་འགྲིག་བཅོས་སྒྱུར་གཏིང་ཟབ་ཏུ་གཏང་དགོས། འདྲི་གཅོད་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་ཞིང་། བཅའ་ཁྲིམས་གཅིག་གྱུར་གྱི་སྤྱད་འཐུས་ལམ་སྲོལ་འཐུས་ཚང་དུ་འཛུགས་པ་དང། འདྲི་གཅོད་ཀྱི་སྤུས་ཚད་ཕན་འབྲས་ཚོད་འཛིན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཚད་ལྡན་དང་སྤྱོད་གཙང་སྒོས་དབང་ཆ་བཀོལ་བར་ཁག་ཐེག་བྱ་དགོས། ཁྲིམས་ཁང་གི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་ཞིང་། བཅོས་སྒྱུར་དང་ཚན་རྩལ་ལས་ནུས་འབྲས་ལེན་པར་རྒྱུན་འཁྱོངས་བྱས་ནས་འདྲི་གཅོད་ལག་བསྟར་གྱི་སྤུས་ཚད་ཕན་འབྲས་ཇེ་མཐོ་དང་། གཏུག་བཤེར་ལམ་ལུགས་འཐུས་ཚང་། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་སྐྲུན་བཅས་ཀྱི་ཐད་ནས་གྲུབ་འབྲས་སྔར་བས་ཆེན་པོ་ལེན་པར་འབད་བརྩོན་བྱ་དགོས།

ལྔ་ནི་ལྟ་སྐུལ་ལ་དང་ལེན་བྱེད་པ་སྒུལ་ཤུགས་སུ་བྱས་ནས་བྱ་བ་ཇེ་ལེགས་སུ་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། དམངས་ཆེན་ཀྱི་འདུ་ཤེས་དང་འཐུས་མིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཞིང་། དམངས་ཆེན་གྱི་ལྟ་སྐུལ་ལ་རང་རྟོགས་ཀྱིས་དང་དུ་ལེན་པ་དང་། དམངས་ཆེན་དང་དེའི་རྒྱུན་ཨུ་ཁང་ལ་རང་འགུལ་གྱིས་བྱ་བ་སྙན་ཞུ་འབུལ་ལ། དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་བཅས་དང་འབྲེལ་འདྲིས་བྱེད་པའི་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས་འཐུས་མིའི་གྲོས་གཞི་དང་སྐྱོན་བརྗོད་བསམ་འཆར་བཅས་ནན་ཏན་གྱིས་བསྒྲུབ་དགོས། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ཧུར་ཐག་གིས་དང་དུ་བླངས་ཏེ་སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་གྲོས་གཞི་ནན་ཏན་གྱིས་བསྒྲུབ་དགོས། ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་དང་སྤྱི་ཚོགས་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་དུ་བླངས་ནས་ཁྲིམས་འཛིན་གྱི་ཀུན་གྱི་ཡིད་རྟོན་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་གཏང་དགོས།

དྲུག་ནི་བྱང་ཚད་ཇེ་མཐོར་གཏོང་བར་གཙོ་གནད་དུ་བཟུང་ནས་ཉམས་སད་ཐེག་ཐུབ་པའི་ཁྲིམས་ཁང་གི་དཔུང་སྡེ་ཧུར་ཐག་གིས་འཛུགས་སྐྱོང་བྱ་དགོས། ཏང་ནན་སྐྱོང་དང་ཁྲིམས་ཁང་ནན་སྐྱོང་གི་བྱ་བ་ཕྱོགས་ཡོངས་ནས་རྒྱུན་འཁྱོངས་བྱེད་ཅིང་། སྲིད་ཁྲིམས་དཔུང་སྡེ་སློབ་གསོ་དང་དག་ཐེར་བྱེད་པར་གོ་སྐབས་སུ་བྱས་ནས། ཆབ་སྲིད་དང་བསམ་བློ། སྒྲིག་ཁྲིམས། སྤྱོད་ཚུལ་བཅས་མི་གཙང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་བཅད་ནས་ཁྲིམས་ཁང་གི་དཔུང་སྡེ་གསར་བརྗེ་ཅན་དང་ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་སུ་གཏིང་ཟབ་མོས་སྐུལ་འདེད་གཏང་དགོས། ཁྲིམས་འཛིན་གྱི་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ལས་བྱེད་ཉེན་རྟོག་པས་མང་ཚོགས་ཀྱི་བྱ་བ་སྒྲུབ་པ་དང་རྩོད་གླེང་སེལ་བ། གནད་དོན་ཐག་གཅོད་པ་བཅས་ཀྱི་ནུས་པ་ཇེ་ཆེར་གཏང་དགོས། ཁྲིམས་འཛིན་གྱི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་། སྤྱོད་གཙང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་ལ། ནུས་ལྡན་གྱི་རང་གཅུན་དང་དོགས་ཟོན། ཆད་གཅོད་བསླབ་འདོམས་བཅས་ཀྱི་ལམ་སྲོལ་གྲུབ་པར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་སྲོལ་བཟང་སྤྱོད་ལེགས་དང་ཧུར་བརྩོན་ཡར་སྐྱེད་ཡོང་བར་འབད་འབུངས་བྱ་དགོས། ཏང་སྲོལ་སྲིད་གཙང་གི་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་མོས་སྐུལ་འདེད་གཏོང་ཞིང་། ཁྲིམས་འཛིན་ལ་ཐེ་གཏོགས་བྱེད་པར་སྔོན་འགོག་བྱེད་པའི“གཏན་འབེབས་གསུམ”གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ་བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་གྱིས་ཁྲིམས་འཛིན་གྱི་རུལ་སུངས་ལ་ཆད་པ་ནན་མོ་གཅད་དགོས།

འཐུས་མི་རྣམ་པ། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ཞིག་ཏུ་ལངས་པ་ན། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོ་དང་། དམངས་ཆེན་གྱི་ནུས་ལྡན་ལྟ་སྐུལ་འོག ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཟུང་ནས“མཚོ་སྔོན་གསར་བའི་སྙིང་སྟོབས”དར་སྤེལ་གཏོང་བ་དང་། ཁྲིམས་འཛིན་གྱིས་གྱོད་གཞི་སྒྲུབ་པའི་ལས་འགན་དང་པོ་ནུས་ཤུགས་ཡོད་རྒུས་དམ་དུ་འཛིན་ལ། ཁྱོན་ཡོངས་ལ་ཞབས་ཕྱི་དང་འགན་སྲུང་བྱེད་པའི་ལས་འགན་དང་འགན་འཁྲི་ངེས་པ་དོན་གྱིས་ཕྲག་ཏུ་ཁུར་ནས་སྟོབས་ཤུགས་གང་ཡོད་བཏོན་ཏེ་དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་བྱ་བའི་རྣམ་པ་གསར་བ་བསྐྲུན་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་བསུ་དགོས།