ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

---2021ལོའི་ཟླ1པོའི་ཚེས30ཉིན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང།

ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང། མེང་ཡུང་ཧྲན།

འཐུས་མི་རྣམ་པ།

ད་ལྟ་ངས་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས། ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་གྲོས་ཚོགས་ལ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ།

2020ལོའི་བྱ་བར་ཕྱི་མིག་ལྟ་བ།

འདས་པའི་ལོ་གཅིག་ལ། ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་མགོ་ཁྲིད་བརྟན་པོ་དང། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ཨུ་ཁང་གི་ནུས་ལྡན་ལྟ་སྐུལ་འོག ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ། དེ་མིན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་དྲུག་པ། བདུན་པ། བརྒྱད་པ། དགུ་བ་བཅས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་པ་དང། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་ཆོད་ནན་ཏན་སྒོས་ལག་བསྟར་བྱས་ལ། “འདུ་ཤེས་བཞི” ཇེ་ཟབ་དང“རང་རྟོན་བཞི” ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ནས། ལྟེ་བའི་ཁྱོན་ཡོངས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་པ་དང། བཅའ་ཁྲིམས་ལྟ་སྐུལ་བྱེད་ཤུགས་ཕྱོགས་ཡོངས་ནས་ཇེ་ཆེར་བཏང་བ། བཅོས་སྒྱུར་གསར་གཏོད་ཟབ་སྤེལ་བྱས་པ། རང་སྟེང་འཛུགས་སྐྱོང་ལ་ཤུགས་བསྣན་ནས། ཞིབ་དཔྱོད་བྱ་བ་སྣ་ཚོགས་ལ་ཕན་འབྲས་གསར་བ་བྱུང།

གཅིག ཁྱོན་ཡོངས་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་སྲུང་སྐྱོང་བྱས།

རིམས་བབ་འགོག་སྡོམ་བྱེད་པར་རོགས་འདེགས་བྱས། ཐོལ་བྱུང་པྲོག་གསར་གློ་ཚད་རིམས་བབ་ལ་ཁ་གཏད་དེ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་ཐོག ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལྟར་རིམས་བབ་འགོག་སྡོམ་གྱི་འགོག་རྒོལ་དམག་འཐབ་ལ་ནུས་ཤུགས་ཡོད་རྒུས་ཞུགས་པ་དང། རིམས་བབ་འགོག་སྡོམ་དང་ཞིབ་དཔྱོད་ལས་སྒོ་གཉིས་ཀ་དམ་འཛིན་བྱས་ནས་འགོར་འགྱངས་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་རིམས་བབ་འགོག་སྡོམ་བྱེད་པའི་དམག་འཐབ་ཁྲོད་ཐོག་མའི་བསམ་འདུན་བསྲུངས་པ་དང་འགན་འཁྲི་ཁུར་ཡོད། ཞིང་ཆེན་ཞིབ་དཔྱོད་ཁང་གིས་དེ་མ་ཐག་ཏུ་མགོ་ཁྲིད་ཚན་ཆུང་བཙུགས་པ་དང། མགྱོགས་མྱུར་ངང་ཁ་གཏད་འཇལ་བའི་ལམ་སྲོལ་བཙུགས་ཤིང། རིམས་བབ་དང་འབྲེལ་བའི་གྱོད་གཞི་བདག་སྤྲོད་བྱས་ཏེ་རྒྱུན་འཁོར་བྱེད་པའི“གེགས་མེད་བགྲོད་ལམ”བཏོད་པ་དང། རིམས་བབ་དང་འབྲེལ་བའི་དཔེར་མཚོན་གྱོད་དཔེ་ཕྱོགས་བསྒྲིགས་བྱས་ཏེ་གཤམ་བསྒྲགས་བྱས་ནས། རིམ་པ་སོ་སོའི་ཞིབ་དཔྱོད་ཁང་གིས་རིམས་བབ་འགོག་སྡོམ་བྱེད་པར་གནོད་སྐྱེལ་བའི་ཉེས་བསགས་གྱོད་གཞི་ཁྲིམས་ལྟར་གནད་ལ་ཁེལ་ཞིང་མགྱོགས་པོའི་སྒོ་ནས་ཐག་གཅོད་བྱས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམས་བབ་དང་འབྲེལ་བའི་གྱོད་གཞི་བསྡོམས་པས12ལ་སྔོན་དུ་ཞུགས་པ་དང། རིམས་བབ་དང་འབྲེལ་བའི་ཉེས་ཅན21འཛིན་བཟུང་ཆོག་མཆན་བཀོད་པ་དང་མི16ཞུ་གཏུག་བྱས། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཞིབ་དཔྱོད་ཁང་གིས་ཞིང་ཆེན་ཡོངས་ཀྱི་རིམས་བབ་དང་འབྲེལ་བའི་ཉེས་དོན་གྱོད་གཞི་ཐོག་མ་མགྱོགས་མྱུར་གྱིས་ཞུ་གཏུག་བྱས་པ་དང། ཁྲིམས་ཁང་གིས་འགོས་ནད་འགོག་བཅོས་བྱེད་པར་གནོད་སྐྱེལ་བའི་ནག་ཉེས་ལྟར་གྱོད་ཡ་ཀོའུ་ག་གེ་མོ་ལ་ལོ་གཅིག་གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཅད། མགོ་ཁུངས་ནས་འགོག་སྡོམ་བྱེད་ཤུགས་ཇེ་ཆེར་བཏང་བ་དང། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ཨུ་ཁང་གི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་གྱིས་ཉོ་ཚོང་བྱེད་པར་ཕྱོགས་ཡོངས་ནས་གཏན་འགོག་བྱེད་པའི་སྐོར་གྱི་ཆོད་དོན་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ཨུ་ཁང་གི་འབྲེལ་ཡོད་ཆོད་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཐོག ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་ཟས་རིགས་སྨན་རྫས་གནོད་མེད་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བའི་ཆེད་དོན་ཞིབ་དཔྱོད་བྱེད་སྒོ་བཀོད་སྒྲིག་དང་ཁྱབ་སྤེལ་བྱས་ཏེ། འཇིག་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་ཁྲིམས་འགལ་གྱིས་རྔོན་འཛིན་དང་ཉོ་སྡུད། ཕྱིར་འཚོང་བྱས་པ་སོགས་ཉེས་ཅན་བསྡོམས་པས87ཞུ་གཏུག་བྱས།

ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་མཇུག་སྒྲིལ་བའི་དམག་འཐབ་མཐའ་གཅིག་ཏུ་ལེགས་པོར་བརྒྱབ། གྱོད་གཞིར་ཉིན་བརྒྱའི་འགག་སྒྲོལ་བྱ་བ་སྤེལ་བ་དང། “གཙང་སེལ་དྲུག་གི་བྱེད་སྒོར”ཏན་ཏིག་གིས་སྐུལ་སྤེལ་བཏང་སྟེ། ཞིབ་དཔྱོད་མཚམས་ཚིགས་ཀྱི་གྱོད་གཞི་གཙང་སེལ་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་ཆོག་མཆན་འགོད་པར་ཞུས་པའི་ནག་ངན་དང་འབྲེལ་བའི་གྱོད་གཞི11དང་མི23ཐག་གཅོད་བྱ་རྒྱུ་དང་དུ་བླངས་ཤིང། ནག་ངན་དང་འབྲེལ་བའི་ཉེས་མིང་ལྟར་མི37(ལོ་གོང་མར་རྩིས་སྒྱུར་བྱས་པ་འདུས་ཡོད)འཛིན་བཟུང་ཆོག་མཆན་བཀོད་ལ། སྤྱི་བདེ་ལས་ཁུངས་ཀྱིས་ཞུ་གཏུག་ཞིབ་བཤེར་བྱེད་པར་སྤོ་སྐྱེལ་བྱས་པའི་ནག་ངན་དང་འབྲེལ་བའི་གྱོད་གཞི་བསྡོམས་པས58དང་མི483ཐག་གཅོད་བྱ་རྒྱུ་དང་དུ་བླངས་པ་དང། ནག་ངན་དང་འབྲེལ་བའི་ཉེས་མིང་ལྟར་གྱོད་གཞི58དང་མི559(ལོ་གོང་མར་རྩིས་སྒྱུར་བྱས་པ་འདུས་ཡོད)གཞུང་གཏུག་བྱས། ནུས་ཤུགས་ཡོད་རྒུས་གནད་འགག་དམ་པོར་བཟུང་བ་དང་སྤུས་ཚད་ལེགས་སུ་བཏང་ཐོག་ནག་ཚོགས་དང་འབྲེལ་ཞིང་ངན་ཚོགས་དང་འབྲེལ་བའི་གྱོད་གཞི་ཚབས་ཆེན་ལ་ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་གིས་གཅིག་གྱུར་གྱིས་ཞིབ་བཤེར་དང་གནད་འགག་དམ་འཛིན་བྱས་ཤིང་ངན་ཚོགས་དང་འབྲེལ་བའི་གྱོད་གཞི་ཡོད་ཚད་ལ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ཁང་གིས་ཕྱོགས་ཡོངས་ནས་ཞིབ་བཤེར་དང་འགག་སྒོ་དམ་འཛིན་བྱས་ཏེ། ནག་ངན་དང་འབྲེལ་བའི་གྱོད་གཞི་ཚང་མ་ཡང་དག་པས་ཐག་གཅོད་པར་ཁག་ཐེག་བྱས། ནག་ངན་དང་འབྲེལ་བའི་ཉེས་ཅན31འདེད་བཟུང་དང་ཁྲིམས་སྦྱོར་བདའ་འདེད་བྱས་པ་དང། ནག་ཉེས་སུ་མ་གྱུར་བ་དང་བདེན་དཔང་མི་འདང་བའི་མི23ཞུ་གཏུག་མ་བྱས། “ནོར་ལམ་འགོག་ཅིང་ཁྲག་རྩ་གཅོད་པར”ནུས་ཤུགས་བཏོན་ཐོག་ནག་ངན་དང་འབྲེལ་བའི་གྱོད་གཞིའི་རྒྱུ་ནོར་ཉེས་ཆད་ལག་བསྟར་བྱེད་པར་ཞིབ་དཔྱོད་ལྟ་སྐུལ་བྱེད་པའི་ཆེད་དོན་བྱེད་སྒོ་བཀོད་སྒྲིག་བྱས་ཏེ། ནག་ངན་དང་འབྲེལ་བའི་རྒྱུ་ནོར་ལག་བསྟར་བྱས་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་བྱས། མཚོ་ལྷོ་ཁུལ་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་ནག་འཇོམས་གཞུང་ལས་ཁང་གིས་སྒོ་བྱང་བཀལ་ནས་ཐག་གཅོད་པར་ལྟ་སྐུལ་བྱས་པ་དང། གྱོད་འབྲེལ་མི་སྣ39ལ་སླེབས་པའི་ཉི་ཟླ་རི་བོའི་རོ་སྦས་གྱོད་གཞི་ཁྲིམས་ལྟར་ཞུ་གཏུག་བྱེད་པར་ཞིང་ཆེན་ཞིབ་དཔྱོད་ཁང་གིས་བརྒྱུད་རིམ་ཧྲིལ་བོར་མཛུབ་སྟོན་བྱས་པ་དང། ཁྲིམས་ཁང་གིས་འདྲི་གཅོད་ཐེངས་དང་པོར་ཉེས་ཅན་གཙོ་བོ་མཱ་ག་གེ་མོ་ལ་སྲོག་ཁྲིམས་བཅད་པ་དང་ཀྲང་ག་གེ་མོ་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་པས། ཆབ་སྲིད་ཀྱི་ཕན་འབྲས་དང་བཅའ་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་ཅུང་བཟང་པོ་ཐོབ་ཡོད། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ཞིབ་དཔྱོད་ཁང་གིས་དབྱིན་མོའུ་ཝེ་སོགས་མི35དང་ཟི་ལིང་གྲོང་ཁྱེར་མཁར་དཀྱིས་ཆུས་ཞིབ་དཔྱོད་ཁང་གིས“ཡོན་ཚང་གི་སྤུན་ཟླ”སོགས་མི30། ཧོང་ཀྲུང་ཆུས་ཞིབ་དཔྱོད་ཁང་གིས་ཏིང་ག་གེ་མོ་སོགས་མི27བཅས་ཀྱིས་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་སྒྲིག་འཛུགས་དང་མགོ་ཁྲིད། ཐེ་ཞུགས་བྱས་པའི་དོགས་ཡོད་ཉེས་བསགས་གྱོད་གཞི་ཁྲིམས་ལྟར་གཞུང་གཏུག་བྱས། ནུས་ཤུགས་ཡོད་རྒུས་རྩ་ལག་མཉམ་བཅོས་བྱས་ཐོག་སྤྱི་ཚོགས་ཀྱི་བཅོས་སྐྱོང་འགན་འཁྲི་དོན་འཁྱོལ་བྱས་པ་དང། ནག་ངན་དང་འབྲེལ་བའི་གྱོད་གཞི་ཡོད་ཚད་ལ“ཕྱི་མིག་ལྟ་བའི”བྱ་བ་སྤེལ་ཏེ། འབྲེལ་ཡོད་སྡེ་ཁག་ལ་ཞིབ་དཔྱོད་ཀྱི་གྲོས་གཞི་བསྡོམས་པས32བཏོན། རྟག་བཅོས་ཕན་ཡུན་ལ་དམིགས་ནས་ཞིབ་དཔྱོད་མཚམས་ཚིགས་ཀྱི་འབྲེལ་ཡོད་ལམ་ལུགས་དང་ལམ་སྲོལ་འཛུགས་སྐྱོང་བྱེད་པར་ནན་ཏན་སྒོས་ལེགས་འཛིན་བྱས།

འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལེགས་པོར་རྒྱག་པར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས། གནད་ཁེལ་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་ཞབས་འདེགས་ཞུས་ཏེ་དབུལ་སྐྱོར་དངུལ་རྫས་ལྐོག་ཟ་གཞན་སྤྱོད་དང་དབུལ་སྐྱོར་མ་དངུལ་མགོ་སྐོར་གཡོ་ལེན་བྱས་པའི་ཉེས་ཅན115ཞུ་གཏུག་བྱས་ལ། འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་བྱས་ནས་དབུལ་སྐྱོར་ཁྱབ་ཁོངས་སུ་གྱོད་གཞི་དང་འབྲེལ་བའི་ནོར་རྫས་ཁྲིམས་ལྟར་གང་མགྱོགས་སྒོས་ཕྱིར་སློག་པའི་བྱ་བ་ལེགས་སྒྲུབ་བྱས། ཁྲིམས་འཛིན་རོགས་སྐྱོབ་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པའི་བྱ་བར་གཏིང་ཟབ་སྒོས་སྐུལ་སྤེལ་དང། ཁྲིམས་འཛིན་རོགས་སྐྱོབ་དེ་ཞིང་ཆེན་ས་ཁོངས་ཡོངས་སུ་ཁྱབ་པར་མངོན་འགྱུར་བྱས་ནས། ཁྲིམས་འཛིན་རོགས་སྐྱོབ་ཀྱི་གྱོད་གཞི་བསྡོམས་པས125ཐག་བཅད་པ་དང། རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་མི་སྣ184ལ་ཁྲིམས་འཛིན་རོགས་སྐྱོབ་ཀྱི་མ་དངུལ་ཁྲི570ལྷག་གཏོང་སྤྲོད་བྱས་ལ། གྱོད་གཞི་རེའི་ཆ་སྙོམས་ཀྱི་རོགས་སྐྱོབ་དངུལ་གྲངས་ནི་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཨང་དང་པོར་ཚུད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཞིབ་དཔྱོད་ཁང2019ལོའི་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་སྡེ་ཚན་དུ་བདམས་ཡོད། ཉེན་ཁ་ཆེན་པོ་དོགས་ཟོན་དང་སེལ་ཐབས་བྱེད་པའི་འགག་སྒྲོལ་དམག་འཐབ་ལ་ཞབས་འདེགས་ཞུས་ཏེ། ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་བཅོལ་དངུལ་སྡུད་ལེན་དང། མ་དངུལ་རུབ་བསྡུས་ཀྱིས་མགོ་སྐོར་གཡོ་ལེན། བརྒྱུད་འཚོང། འཕྲིན་གཏོང་སྦྲེལ་དྲར་བརྟེན་ནས་མགོ་སྐོར་གཡོ་ལེན་བྱས་པ་སོགས་མང་ཚོགས་དང་འབྲེལ་བའི་ཉེས་ཅན114ཞུ་གཏུག་བྱས་པ་དང། ལོ་གོང་མའི་དུས་མཉམ་དང་བསྡུར་ན159%འཕར་ཡོད། འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་བྱས་ནས་ཁྲིམས་འགལ་གྱིས་དངུལ་སྡུད་པར་དོགས་ཟོན་དང་ཐག་གཅོད་བྱེད་པའི་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྤེལ་བ་དང། དངུལ་རྩ་ལྟ་སྐུལ་དོ་དམ་ལས་ཁུངས་དང་འབྲེལ་འདྲིས་བྱེད་པར་ཤུགས་བསྣན་ནས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི“ཞིབ་དཔྱོད་གྲོས་གཞི་ཨང་གསུམ་པ”དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང། ཤེས་བྱའི་ཐོན་དངོས་བདག་དབང་གི་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་བ་དང། ཤེས་བྱའི་ཐོན་དངོས་བདག་དབང་ལ་གནོད་སྐྱེལ་བའི་ཉེས་བསགས་ལ་ཁྲིམས་ལྟར་ཉེས་ཆད་བཅད་དེ། མི14འཛིན་བཟུང་ཆོག་མཆན་བཀོད་པ་དང་མི11ཞུ་གཏུག་བྱས། སྦག་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་ཞབས་འདེགས་ཞུས་པ་དང། ཞིང་ཆེན་ཞིབ་དཔྱོད་ཁང་གིས“གཙང་གསུམ་འབྱུང་ཡུལ”རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་ལ་ཞབས་འདེགས་ཞུ་བའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ཏེ། ཀྲུང་དབྱང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་ཧུར་ཐག་གིས་རོགས་འདེགས་བྱས་ལ། མཚོ་ནུབ་ཁུལ་དང་མཚོ་བྱང་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམིགས་པ་གཏད་ནས་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་ཞིང། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁོར་ཡུག་སྦག་བཙོག་བཟོས་པ་དང་ནགས་ཤིང་གང་བྱུང་དུ་བཅད་ལ། ཁྲིམས་འགལ་གྱིས་འཛིན་རྙབ་བྱས་པ་སོགས་ཉེས་ཅན164ཁྲིམས་ལྟར་ཞུ་གཏུག་བྱས་པ་དང། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི549ཐག་བཅད་པ། ཞིབ་དཔྱོད་ཀྱི་གྲོས་གཞི653བཏོན།

དམངས་གཉེར་ཁེ་ལས་འདྲ་མཉམ་ཀྱིས་སྲུང་སྐྱོང་བྱས། ཁེ་ལས་སོ་སོ་ཁྲིམས་ལྟར་འདྲ་མཉམ་ཀྱིས་སྲུང་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཐོག་དྲང་གཞག་གིས་འགྲན་རྩོད་བྱེད་པའི་ཁྲིམས་སྐྱོང་ཁོར་ཡུག་ཧུར་ཐག་གིས་ཆགས་པར་བྱས་པ་དང། དམངས་གཉེར་ཁེ་ལས་དང་འབྲེལ་བའི་དམངས་དོན་གཏུག་བཤེར་ལྟ་སྐུལ་གྱོད་གཞི236ཐག་གཅོད་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་ཞབས་འདེགས་དང་འགན་སྲུང་བྱེད་པའི་ལག་བསྟར་བསམ་འཆར་གཏན་འབེབས་དང་གཤམ་བསྒྲགས་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང་གིས་ཁེ་ལས་ལ་འཚམས་འདྲིར་བསྐྱོད་པ་དང་ཁེ་ལས་པ་གདན་འདྲེན་ཞུས་ནས་ཞིབ་དཔྱོད་ཁང་དུ་བཞུགས་མོལ་སྤེལ་རེས་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་ཁྲིམས་འཛིན་ཐད་ཁེ་ལས་ཀྱི་དགོས་མཁོ་ཕྱོགས་ཡོངས་ནས་ཤེས་པ་མ་ཟད་ཐབས་ཤེས་བཏོན་ནས་ཐག་གཅོད་བྱས། མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས“ཁེ་ལས་ལ་སྲུང་སྐྱོང་དང་དྲོད་ཁོལ་སྩོལ་བའི”བྱེད་ཐབས་བཅུ་བཏོན་པ་དང། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པའི་བྱ་བའི་འབྲེལ་གཏུག་ལམ་སྲོལ་གསར་འཛུགས་བྱས། དམངས་གཉེར་ཁེ་ལས་དང་འབྲེལ་བའི་ཉེས་དོན་གཏུག་བཤེར“ཐག་མ་བཅད་པའི་གྱོད་གཞི”དང་ཉེས་དོན་དག་ཞུའི་གསོག་འཇོག་གྱོད་གཞི་ཆེད་དོན་གཙང་བཤེར་བྱེད་པའི་བྱ་བ་གཏིང་ཟབ་སྒོས་སྤེལ། “འགན་སྲུང་དྲུག”དང“བརྟན་འཇགས་དྲུག”ལ་ཞབས་འདེགས་ཞུས་པ་དང་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི” བརྗོད་དོན་གཙོ་བོའི་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་ཞིང། དམངས་གཉེར་ཁེ་ལས་པ400ལྷག་ཞིབ་དཔྱོད་ཁང་དུ་སྐྱོད་པར་གདན་འདྲེན་ཞུས།

གཉིས། དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པར་དམིགས་པ་གཏད་ནས་ཞིབ་དཔྱོད་ཀྱི་ལྟ་སྐུལ་འགན་ནུས་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས།

ཉེས་དོན་ཞིབ་དཔྱོད་བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱས། འཛིན་བཟུང་དང་གཏུག་བཤེར་གཞི་གཅིག་ཅན་གྱི་བྱ་བའི་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཐོག ཉེས་དོན་གཏུག་བཤེར་བྱེད་པའི་ཁྲོད་དུ་ཞིབ་དཔྱོད་ལས་ཁུངས་ཀྱི་གཙོ་ཁྲིད་འགན་འཁྲི་ལག་ཏུ་བསྟར་ཏེ། ཉེས་བསགས་པར་བདའ་འདེད་ཁྲིམས་སྦྱོར་བྱེད་མཁན་བྱས་ལ་ཉེས་མེད་སྲུང་སྐྱོང་བྱེད་མཁན་ཞིག་ཀྱང་བྱས་པ། ཉེས་བསགས་སྣ་ཚོགས་ཀྱི་དོགས་ཡོད་ཉེས་ཅན་བསྡོམས་པས2700འཛིན་བཟུང་ཆོག་མཆན་བཀོད་པ་དང་མི6620གཞུང་གཏུག་བྱས། མི9འཛིན་བཟུང་བསྐྱར་སྣོན་དང་མི79ཞུ་གཏུག་བསྐྱར་སྣོན་བྱས། ནག་ཉེས་སུ་མ་གྱུར་བ་དང་བདེན་དཔང་མི་འདང་བའི་མི434འཛིན་བཟུང་ཆོག་མཆན་མ་བཀོད་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར25.2%མར་ཆག་ཅིང། མི386ཞུ་གཏུག་མ་བྱས་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན12.2%འཕར། ཁྲིམས་འགལ་གྱི་བདེན་དཔང་བཏོན་པའི་གྱོད་གཞི9གཙང་སེལ་དང་མྱུལ་ཞིབ་བྱེད་སྒོ་ཁྲིམས་དང་འགལ་བའི་གྱོད་གཞི118ཡོ་བསྲང་བྱས། མྱུལ་ཞིབ་ལས་ཁུངས་ཀྱིས་གྱོད་གཞི22ཐོ་རུ་འགོད་པར་ལྟ་སྐུལ་བྱས་པ་དང་གྱོད་གཞི16ཕྱིར་འཐེན་པར་ལྟ་སྐུལ་བྱས་པ་དང། ལོ་གོང་མའི་དུས་མཉམ་དང་བསྡུར་ན128.6%འཕར། ཉེས་དོན་རྒོལ་གཏུག་གྱོད་གཞི67ཁྲིམས་ལྟར་བཏོན་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན81.1%འཕར་ལ། རྒོལ་གཏུག་བྱེད་ཚད1.46%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཨང5བར་ཚུད། ཁྲིམས་ཁང་གིས་རྒོལ་གཏུག་བསམ་འཆར་བསྡུ་ལེན་བྱས་ནས་གྱོད་གཞི17ཁྲིམས་ཆད་བསྒྱུར་བ་དང་ཕྱིར་སྤྲད་དེ་བསྐྱར་ཞིབ་བྱས་པ་དང། ཁྲིམས་ཁང་གི་འདྲི་གཅོད་མཇུག་བསྒྲིལ་བའི་གྲངས་ཀའི50%ཟིན་ཡོད། ཁྲིམས་ཆད་ཇེ་ཡང་དུ་གཏོང་བ་དང་དངོས་མིན་བཙོན་འགྲོལ་བྱེད་པ། བཙོན་ཁང་ཕྱི་རོལ་ཏུ་ཉེས་ཆད་གནས་སྐབས་སུ་ལག་བསྟར་བྱེད་སྟངས་མི་འཚམ་པའི་མི3དང་རྒྱུ་ནོར་ཉེས་ཆད་ལག་བསྟར་བྱེད་སྟངས་མི་འཚམ་པའི་གྱོད་གཞི57ལ་ལྟ་སྐུལ་ཡོ་བསྲང་བྱས། མི113བཀག་སྐྱིལ་བྱེད་པའི་དགོས་ངེས་རང་བཞིན་ལ་ཞིབ་བཤེར་བྱས་པ་དང། འབྲེལ་ཡོད་གྱོད་གཞི་ཐག་གཅོད་ལས་ཁུངས་ལ་བཙོན་གྲོལ་དང་ཡང་ན་བཙན་ཤེད་ཀྱི་བྱེད་ཐབས་སྒྱུར་བའི་གྲོས་གཞི་བཏོན་པའི་མི16ཡོད་པ་དང། དེ་ལས་དང་ལེན་ཐོབ་པའི་མི12ཡོད། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་དང་སྡེ་ཁུལ་གྱི་ཡོ་བསྲང་ལས་ཁུངས་སོ་སོར་ཕྱོགས་ཡོངས་ནས་སྣོལ་སྡེབ་དང་སྐོར་སྐྱོད་ཞིབ་དཔྱོད་བྱས་ཏེ། དོ་དམ་ལས་བྲལ་བའི་མི12དང་དོ་དམ་ཆད་ལུས་བྱུང་བའི8ཡོ་བསྲང་བྱས་པ་དང། མི3ལ་ཉེས་ཆད་ཕྱིར་འགྱངས་པའི་ཁྲིམས་ཆད་ཕྱིར་འཐེན་པའི་གྲོས་གཞི་བཏོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི“གྱོད་གཞི-ཞིབ་དཔྱོད་ཁ་གྲངས་ཀྱི་བསྡུར་ཚད”གདེང་འཇོག་གི་བླང་བྱ་དོན་འཁྱོལ་བྱས་ཏེ། ཉེས་དོན་ཞིབ་དཔྱོད་ཀྱི“གྱོད་གཞི-ཞིབ་དཔྱོད་ཁ་གྲངས་ཀྱི་བསྡུར་ཚད”ནི1.55ཡིན་པ་དང། ལོ་གོང་མའི་དུས་མཉམ་དང་བསྡུར་ན“ཞིབ་དཔྱོད་ཁ་གྲངས”0.16མར་ཆག་ཡོད།

སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ཨུ་ཁང་གིォསྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ཆོད་དོནサནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི“མཚོ་སྔོན་རྣམ་པ”ཧུར་ཐག་གིས་ཟབ་སྤེལ་དང་བསྟུད་མར་རྒྱ་སྐྱེད་བཏང། ཞིང་ཆེན་ཞིབ་དཔྱོད་ཁང་གིས་སྲིད་འཛིན་ཁྲིམས་བསྟར་སྡེ་ཁག་དང་སྤྱི་ཚོགས་རྩ་འཛུགས9དང་རོགས་ལས་བསམ་འཆར6མིང་རྟགས་བཀོད་དེ་འབྲེལ་མཐུད་དང་རོགས་ལས། གཞོགས་འདེགས་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ། ཞིང་ཆེན་འཛད་སྤྱོད་པ་མཐུན་ཚོགས་དང་མཉམ་འབྲེལ་བྱས་ནས་རྒྱལ་ཡོངས་ཀྱི་འཛད་སྤྱོད་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ཁང་དང་པོ་བཙུགས་པ་དང། མཚོ་སྔོན་མི་རིགས་སློབ་ཆེན་དུ་དམངས་དོན་དང་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ཞིབ་འཇུག་རྟེན་གཞི་བཙུགས། སྤྱི་ཚོགས་ལォ2019ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་བྱ་བའི་སྐོར་གྱི་རྒྱབ་ཤ་དཀར་པོའི་ཡིག་ཆサཁྱབ་སྒྲོག་བྱས་པ་དང། གཙང་པོ་འབྱུང་ཡུལ་སྤྱི་ཕན་ཞིབ་དཔྱོད་ཀྱི་ཁྲིམས་སྐྱོང་སྒྲོག་བཤད་ཚོགས་པ་བཙུགས་ཤིང། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་དུ་འཐབ་ཕྱོགས་དང་པོར་ཉེ་བར་བཅར་བའི་ཞིབ་དཔྱོད་དཔོན་གྱི་པོད་ཕྲན་ཐད་གཏོང་བྱེད་སྒོ་སྤེལ་ཏེ། གླེང་གཞི་ལ་ལྟ་ཀློག་བྱེད་ཚད་ཐེངས་ཁྲི4000ལས་བརྒལ་ཞིང། སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལ་སྤྱི་ཚོགས་ཀྱི་ངོས་འཛིན་ཚད་དང་ཞུགས་ཚད་བསྟུད་མར་མཐོ་རུ་ཕྱིན་ཡོད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་སྐོར་ཞིག་གིས་བརྗོད་དོན་གཙོ་བོར་གཟིགས་ཞིབ་བྱེད་པའི་བྱ་འགུལ་སྤེལ་བར་གདན་དྲངས་ནས། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་རང་ཞིང་གི་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱ་བར་ཁས་ལེན་གང་ལེགས་བྱས། ཡུལ་ཤུལ་ཁུལ་ཞིབ་དཔྱོད་ཁང་གིས་བཅོས་སྒྱུར་གདོང་ལེན་པ་བསོད་ནམས་དར་རྒྱས་དྲན་གསོའི་རྡོ་རིང་ལ་ཆག་སྐྱོན་ཆེན་པོ་ཤོར་བའི་གནད་དོན་ཚབས་ཆེན་ལ་དམིགས་ནས་འབྲེལ་ཡོད་སྡེ་ཁག་ལ་གཏུག་བཤེར་མ་བྱས་གོང་གི་ཞིབ་དཔྱོད་གྲོས་གཞི་བཏོན་པས། འབྲེལ་ཡོད་སྡེ་ཁག་གིས་གཙིགས་འཛིན་བྱས་པ་མ་ཟད་མ་དངུལ་སྒོར་ཁྲི66དུས་ཐོག་ཏུ་གྲབས་གསོག་བྱས་ཏེ་དྲན་གསོའི་རྡོ་རིང་ལ་ཉམས་གསོ་དང་བརྟན་པོར་བཏང། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐག་བཅད་པའི་དམག་དོན་སྒྲིག་བཀོད་སྲུང་སྐྱོང་བྱེད་པའི་སྤྱི་ཕན་གཏུག་བཤེར་གྱོད་གཞི་དེ་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་ཕུལ་བྱུང་གྱོད་དཔེའི་ནང་དུ་བདམས། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་འབྲི་ཆུ་དང་རྨ་ཆུའི་མཚོ་སྔོན་འབབ་རྒྱུད་བདེ་ཐང་ཞོད་འཇགས་རྒྱུན་སྲུང་བྱེད་པར་ཞབས་འདེགས་དང་འགན་སྲུང་བྱེད་པ་སོགས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ཆེད་དོན་བྱེད་སྒོ་བཀོད་སྒྲིག་དང་ཁྱབ་སྤེལ་བྱས། སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་བསྡོམས་པས1298ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བྱས་པ་དང། ལོ་གོང་མའི་དུས་མཉམ་དང་བསྡུར་ན43.3%འཕར་ལ། ཞིབ་དཔྱོད་གྲོས་གཞི744བཏོན། ཁྲིམས་ཁང་ལ་སྤྱི་ཕན་གཏུག་བཤེར་གྱོད་གཞི33བཏོན་ཞིང། གཏོར་བརླག་བྱས་པའི་ནགས་ས་མུའུ1011དང། ཁྲིམས་འགལ་གྱིས་གསར་སྦོལ་དང་བཟུང་སྤྱོད་བྱས་པའི་རྩྭ་ཐང་མུའུ822.8ཉམས་གསོ་བྱེད་པར་སྐུལ་འདེད་བཏང་བ་དང། འཇལ་ཆད་བྱས་པའི་རྒྱལ་དབང་ས་ཞིང་བེད་སྤྱོད་བྱེད་དབང་བཤུག་དངུལ་སྒོར་ཁྲི2428.46ཕྱིར་ལེན་པར་སྐུལ་འདེད་བཏང།

དམངས་དོན་དང་སྲིད་འཛིན་ཞིབ་དཔྱོད་ཏན་ཏིག་གིས་ཁྱབ་སྤེལ་བྱས། རིགས་སོ་སོའི་དམངས་དོན་གཏུག་བཤེར་གྱི་ལྟ་སྐུལ་གྱོད་གཞི1793ལ་ཞིབ་བཤེར་དང་ཐག་གཅོད་བྱས་པ་དང། ལོ་གོང་མའི་དུས་མཉམ་དང་བསྡུར་ན114%འཕར་ཞིང། རྒོལ་གཏུག་བྱེད་དགོས་པའི་དམངས་དོན་གྱོད་གཞི5བཏོན་པ་དང། རྒོལ་གཏུག་བྱེད་དགོས་པའི་དམངས་དོན་གྱོད་གཞི5ཞུ་འབུལ་བྱས་པ། བསྐྱར་ཞིབ་བྱེད་དགོས་པའི་དམངས་དོན་ཞིབ་དཔྱོད་གྲོས་གཞི22བཏོན་ལ། འབྲེལ་ཡོད་སྡེ་ཚན་ལ་དམངས་དོན་ལྟ་སྐུལ་གྱི་ཞིབ་དཔྱོད་གྲོས་གཞི349བཏོན་ནས། དག་ཐེར་ལེགས་བཅོས་བྱེད་དགོས་པའི་གྱོད་གཞི360ལན་བཏབ་པ་དང། དང་ལེན་བྱེད་ཚད་ནི103.2%ཡིན། ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་པར་རོགས་རམ་བྱས་ཏེ། ལག་བསྟར་བྱེད་སྒོའི་ལྟ་སྐུལ་གྱོད་གཞི588ཐག་གཅོད་བྱ་རྒྱུ་དང་དུ་བླངས་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན80.9%འཕར་ཞིང། ལག་བསྟར་ལྟ་སྐུལ་གྱི་ཞིབ་དཔྱོད་གྲོས་གཞི202བཏོན་ཡོད། དམངས་དོན་གཏུག་བཤེར་རྫུན་མའི་ཁྱབ་ཁོངས་སུ་རིམ་པ་ཟབ་མོའི་ཁྲིམས་འགལ་བྱ་སྤྱོད་ལ་ལྟ་སྐུལ་བྱེད་པའི་ཆེད་དོན་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས། དམངས་དོན་གཏུག་བཤེར་རྫུན་མའི་ལྟ་སྐུལ་གྱོད་གཞི26ཐག་བཅད་པ་དང། ཁྲིམས་ཁང་ལ་རྒོལ་གཏུག་བྱེད་དགོས་པའི་གྱོད་གཞི4བཏོན་པ་དང། བསྐྱར་ཞིབ་བྱེད་དགོས་པའི་ཞིབ་དཔྱོད་གྲོས་གཞི10བཏོན་ཡོད། རིགས་སོ་སོའི་སྲིད་འཛིན་ཞིབ་དཔྱོད་ཀྱི་ལྟ་སྐུལ་གྱོད་གཞི227ཐག་གཅོད་བྱ་རྒྱུ་དང་དུ་བླངས་པ་དང། ལོ་གོང་མའི་དུས་མཉམ་དང་བསྡུར་ན14.1%འཕར་ཞིང། སྲིད་འཛིན་ལྟ་སྐུལ་གྱི་ཞིབ་དཔྱོད་གྲོས་གཞི29བཏོན། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཉམ་དུ་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་གི་དམངས་དོན་དང་སྲིད་འཛིན་གཏུག་བཤེར་གྱི་ཡིག་ཚགས་ལ་ལྟ་ཀློག་བྱེད་པའི་འབྲེལ་ཡོད་གནད་དོན་སྐོར་གྱི་ཆོད་དོན་གཏན་འབེབས་བྱས་ཤིང། ཡིག་ཚགས་མ་དེབ་དང་འདྲ་དཔེ་ལ་མཉམ་དུ་ལྟ་ཀློག་བྱེད་པའི་ལམ་ལུགས་ངེས་གསལ་བྱས་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱི་དམངས་དོན་དང་སྲིད་འཛིན་གཏུག་བཤེར་གྱི་ལྟ་སྐུལ་གྱོད་གཞི་ཐག་གཅོད་པར་སྔར་བས་ཚད་ལྡན་དུ་བཏང། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྒོ་བྱང་བཀལ་ནས་ཐག་གཅོད་པར་ལྟ་སྐུལ་དང་གཏུག་བཤེར་བརྒྱུད་རིམ་གྱི་དུས་ཡུན་ལ་ལོ6འགོར་བའི་ཙིང་ག་གེ་མོས་སྲིད་འཛིན་ཐོ་འགོད་པར་ཁས་མི་ལེན་པའི་བྱ་སྤྱོད་ལ་ལྟ་སྐུལ་རེ་ཞུ་བཏོན་པའི་གྱོད་གཞི་དོན་དམ་དུ་ཐག་བཅད་དེ། གྱོད་གཞི་ཐག་གཅོད་མཇུག་བསྒྲིལ་ཞིང་སྲིད་དོན་འཆམ་མཐུན་ཡིན་པའི་ཕན་འབྲས་བཟང་པོ་མངོན་འགྱུར་བྱུང། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། ཆེད་མཁས་པ་བཅས་གདན་དྲངས་ནས་དམངས་དོན་དང་སྲིད་འཛིན་གྱི་ལྟ་སྐུལ་གྱོད་གཞི་ལ་གཟུ་ཉན་དང་རིགས་པས་ཁུངས་སྐྱེལ་བྱས་ཏེ། “ཕྱི་ཀླད”ལ་བརྟེན་ནས་དམངས་དོན་དང་སྲིད་འཛིན་ཞིབ་དཔྱོད་ཀྱི་ལྟ་སྐུལ་བྱེད་ནུས་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང།

ལས་གནས་ཐོག་གི་ཉེས་བསགས་ཞིབ་དཔྱོད་བྱ་བར་བརྟན་པོའི་ངང་སྐུལ་སྤེལ་བཏང། ལྟ་ཞིབ་ལས་ཁུངས་ཀྱི་བྱ་བ་དང་འབྲེལ་མཐུད་གཞོགས་འདེགས་དང་གཅུན་སྡོམ་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ཐོག ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་མཉམ་དུォལས་གནས་ཐོག་གི་ཉེས་བསགས་གྱོད་གཞི་ཕྱིར་བསློགས་ནས་བརྟག་དཔྱད་གསབ་པ་དང་རང་འགུལ་གྱིས་མྱུལ་ཞིབ་གསབ་པའི་བྱ་བའི་ཆོད་དོནサགཏན་འབེབས་བྱས་ཏེ། ལྟ་ཞིབ་དང་ཞིབ་དཔྱོད་འབྲེལ་མཐུད་བྱེད་པའི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང། ལྟ་ཞིབ་ཨུ་ལྷན་གྱིས་སྤོ་སྐྱེལ་བྱས་པའི་གྱོད་གཞི་ཐག་གཅོད་པར་གཙིགས་སུ་བཟུང་ཐོག་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲོད་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམ་པ་སོ་སོའི་ལྟ་ཞིབ་ལས་ཁུངས་ཀྱིས་ཞུ་གཏུག་ཞིབ་བཤེར་བྱེད་པར་སྤོ་སྐྱེལ་བྱས་པའི་ལས་གནས་ཐོག་གི་ཉེས་ཅན་བསྡོམས་པས145ཐག་གཅོད་བྱ་རྒྱུ་དང་དུ་བླངས་པ་དང་མི115ཞུ་གཏུག་བྱས། ཁྲིམས་འཛིན་བྱ་བ་སྒྲུབ་མཁན་གྱི་འབྲེལ་ཡོད་ལས་གནས་ཐོག་གི་ཉེས་བསགས་ལ་ཁྲིམས་ལྟར་མྱུལ་ཞིབ་བྱེད་དབང་བེད་སྤྱད་དེ། མི19ལ་ཁྲིམས་ལྟར་གྱོད་ཐོ་བཀོད་ནས་ཞིབ་གཅོད་བྱས་པ་དང་མི8ཞུ་གཏུག་བྱས་པས། ཁྲིམས་འཛིན་གཞུང་དྲང་ཡིན་པར་དངོས་གནས་སྲུང་སྐྱོང་བྱས།

གསུམ། མི་དམངས་ཀྱི་དོན་དུ་བློ་གཅིག་སེམས་གཅིག་གིས་ཁྲིམས་བཟུང་ནས་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བར་འགན་སྲུང་བྱས།

རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཐོག་སིམ་འཛུལ་གཏོར་བརླག་དང་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པ་དང། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་དྲིལ་སྒྲོག་བྱས་པ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བའི་ཉེས་བསགས་ལ་མཐའ་གཅིག་ཏུ་རྡུང་རྡེག་བཏང། རྨ་ལྷོ་དང་མགོ་ལོག ཡུལ་ཤུལ་སོགས་བོད་ཁུལ་དང་འབྲེལ་བའི་ཁུལ་དང་རྫོང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚོར་སྣང་སྐྱེན་པའི་མཚམས་ཚིགས་སུ་སྤྱི་ཚོགས་ཐོག་འགོག་སྡོམ་དང་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པའི་བྱ་བར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ། བསམ་བཞིན་དུ་མི་བསད་པ་དང། བཙན་འཆིང་དང་བཙན་གཡེམ། འཕྲོག་བཅོམ་བཅས་བྱས་པ་སོགས་གཏུམ་སྤྱོད་ཀྱི་ནག་ཉེས་ཚབས་ཆེན་བསགས་པའི་མི264འཛིན་བཟུང་ཆོག་མཆན་བཀོད་པ་དང་མི310ཞུ་གཏུག་བྱས་ལ། ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར12%དང8.6%མར་ཆག་ཡོད། རྐུ་ཁྱེར་དང་སླུ་བྲིད། མགོ་སྐོར། གཡེམ་འཆལ་དང་རྒྱན་འགྱེད། དུག་རྫས་སོགས་ཉེས་ཅན1409འཛིན་བཟུང་ཆོག་མཆན་བཀོད་པ་དང་མི2161ཞུ་གཏུག་བྱས་ལ། ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར40.6%དང14%མར་ཆག་ཡོད། ཟས་རིགས་དང་སྨན་རྫས་ཀྱི་གནོད་མེད་བདེ་འཇགས་ལ་གནོད་སྐྱེལ་བའི་ཉེས་ཅན14ཞུ་གཏུག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་སྐྱིད་སྣང་བསྟུད་མར་ཇེ་ཆེར་བཏང།

ལོ་ན་མ་སོན་པའི་མི་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ། ལོ་ན་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེལ་བའི་ཉེས་ཅན239ཁྲིམས་ལྟར་ཞུ་གཏུག་བྱས། ཉེས་བསགས་དང་འབྲེལ་བའི་ལོ་ན་མ་སོན་པའི་མི་ལ་གུ་ཡངས་སུ་བཏང་ནའང་རྒྱ་ཡན་དུ་མ་བཏང་བས། མི133ཞུ་གཏུག་བྱས་ཤིང། ཞུ་གཏུག་མ་བྱས་པའི་མི46ལ་གུང་གཞོན་ཚོགས་པ་ཨུ་ལྷན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མཉམ་འབྲེལ་བྱས་ནས་རོགས་རམ་དང་ཡོ་བསྲང་བྱས་ཏེ། མི19སློབ་གྲྭར་ཕྱིར་ལོག་པ་རེད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི“ཞིབ་དཔྱོད་གྲོས་གཞི་ཨང་དང་པོ”དོན་ཐོག་ཏུ་འཁྱོལ་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང། སློབ་གསོ་སྲིད་འཛིན་སྡེ་ཁག་དང་མཉམ་དུ་ཁྲིམས་སྐྱོང་སློབ་གྲྭར་སྐྱེལ་བའི་བྱ་འགུལ་སྤེལ་བར་སྐུལ་འདེད་བཏང་ནས། རིམ་པ་སོ་སོའི་ཅཱན་ཁྲ་ཀྲང་དང་ཅཱན་ཁྲ་ཀྲང་གཞོན་པ་ཚང་མས་སློབ་གྲྭ་ཆུང་འབྲིང་གི་ཁྲིམས་སྐྱོང་སློབ་གཙོ་གཞོན་པའི་འགན་ཁུར་བ་དང། ཁྲིམས་སྐྱོང་གི་ཆེད་དོན་འཆད་ཁྲིད་ཐེངས258སྤེལ་ཏེ། སློབ་གསོ་ཐོབ་པའི་སློབ་མ་མི་ཐེངས་ཁྲི2.1ལྷག་ཏུ་སླེབས་ཡོད། སྤྱི་བདེ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁྲིམས་འཛིན་སྲིད་འཛིན་སོགས་སྡེ་ཁག་དང་འབྲེལ་མཐུད་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས། ལོ་ན་མ་སོན་པའི་མི་ལ་གནོད་སྐྱེལ་བའི་ཉེས་བསགས་བཙན་སྐུལ་སྙན་ཞུ་དང་ལས་ཞུགས་གཏན་འགོག ལས་ཞུགས་འདྲི་རྩད་སོགས་ལམ་ལུགས་འཛུགས་པར་སྐུལ་འདེད་བཏང། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ལོ་ན་མ་སོན་པའི་མི་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་རྒྱབ་སྐྱོར་མ་ལག་གི་འཛུགས་སྐྲུན་ཚོད་ལྟའི་བྱ་བ་ཧུར་ཐག་གིས་སྤེལ།

བློ་གཅིག་སེམས་གཅིག་གིས་དམངས་ཀྱི་སེམས་ཁྲལ་བསལ། “མང་ཚོགས་ཀྱི་སྐུར་ཡིག་ལན་རེ་རེ་སློག་པའི”ལམ་ལུགསནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། མང་ཚོགས་ཀྱི་སྐུར་ཡིག642ཐག་གཅོད་བྱ་རྒྱུ་དང་དུ་བླངས་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན35%འཕར་བ། དུས་ལྟར་ལན་སློག་ཚད་དང་ལན་འདེབས་ཚད100%ཡིན། གྱོད་གཞི་མངོན་གསལ་དུ་གཟུ་ཉན་བྱེད་ཤུགས་ཇེ་ཆེར་བཏང་བ་དང། རིམ་པ་སོ་སོའི་ཅཱན་ཁྲ་ཀྲང་གིས་སྣེ་ཁྲིད་དེ་མངོན་གསལ་དུ་གཟུ་ཉན་བྱེད་པའི་ཐེངས28གཙོ་སྐྱོང་བྱས་ཤིང། བཅའ་ཁྲིམས་འགྲེལ་བཤད་དང་རྒྱུ་མཚན་གསལ་བཤད། དོགས་གནད་དྲིས་ལན་བཅས་ལ་ཤུགས་བསྣན་ནས། འབད་བརྩོན་གྱིས་དོ་བདག་པར་ཁ་མོས་ཞེ་མོས་ཀྱིས་ཞུ་གཏུག་མཚམས་འཇོག་པ་དང་ངོ་གཏུག་མཚམས་འཇོག་པར་བཅུག ཉུང་ཙམ་དུ་འཛིན་བཟུང་དང་གཟབ་ནན་གྱིས་ཞུ་གཏུག་བྱེད་པའི་འདུ་ཤེས་དོན་འཁྱོལ་བྱས་ཐོག་ཁྲིམས་འཛིན་ཐོན་ཁུངས་འབད་བརྩོན་གྱིས་ལེགས་སུ་བསྒྱུར་ནས། ཞིབ་དཔྱོད་མཚམས་ཚིགས་སུ་འདུམ་འགྲིག་བྱེད་ཐུབ་པའི་འགལ་བ་དེ“རྔ་བརྡུངས་ནས་མེ་ཏོག་བརྒྱུད་སྤྲོད”གཏན་ནས་བྱེད་མི་རུང། ཡིག་སྐུར་ངོ་གཏུག་ཐད་ཀྱི་གསོག་འཇོག་གྱོད་གཞི་ཆེད་དོན་གཙང་བཤེར་བྱ་བ་བཀོད་སྒྲིག་དང་ཁྱབ་སྤེལ་བྱས་པ་དང། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་བཏོན་པའི་ཡིག་སྐུར་ངོ་གཏུག་གི་གནད་དོན་སྐོར་ཞིག་ནུས་ལྡན་གྱིས་ཐག་བཅད་དེ། ཡིག་སྐུར་ངོ་གཏུག་ཐད་ཀྱི་གསོག་འཇོག་གྱོད་གཞི་ལ་གནད་དོན་མེད་པའི་ཞིང་ཆེན6གྲས་ཀྱི་གཅིག་ཏུ་གྱུར། “གླ་རྒྱག་ཞིང་པས་གླ་ཕོགས་འདེད་ལེན་བྱེད་པའི་གནད་དོན་ཐག་གཅོད་པར་རོགས་ལས་བྱེད་པའི”ཆེད་དོན་ཞིབ་དཔྱོད་བྱེད་སྒོ་མུ་མཐུད་དུ་སྤེལ་ཏེ། གླ་རྒྱག་ཞིང་པས་གྱོད་གཞི173ཞུ་གཏུག་བྱེད་པར་རྒྱབ་སྐྱོར་བྱས་པ་དང། ཆད་འགྱངས་ཀྱི་གླ་ཕོགས་སྒོར་ཁྲི1132.9ཕྱིར་ལེན་པར་རོགས་རམ་བྱས།

ས་གནས་བཅོས་སྐྱོང་ལ་རང་འགུལ་གྱིས་ཞུགས། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བསམ་འཆར་གཏན་འབེབས་བྱས་ཏེ་དངོས་སུ་བཏོན་ནས། རང་ཞིང་གི་ས་གནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་བཏང། ཞིང་ཆེན་ཁྲིམས་འཛིན་ཐིན་དང་གྲོས་མོལ་བྱས་ཏེ་གྱོད་གཞི་ཚབས་ཆེན་ཐག་གཅོད་པའི་ཁྲོད་ཁྲིམས་རྩོད་པའི་ནུས་པ་ཁྲིམས་ལྟར་འདོན་སྤེལ་བྱེད་པའི་ལམ་སྲོལ་བཙུགས་ཤིང། ཁྲིམས་རྩོད་པས་དུས་བཅད་ལྟར་ལས་རེས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཁྲིམས་རྩོད་པ་ཡིག་སྐུར་ངོ་གཏུག་ལ་སྣེ་ལེན་བྱེད་པའི་གྱོད་གཞི90ལ་ཞུགས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་བྱེད་པའི་བྱ་བར་སྐུལ་སྤེལ་ཚོགས་འདུ་བསྡུས་ཤིང། “ཧྥེང་ཆའོ་ཡི་ཉམས་མྱོང”ལྡན་པའི་མཚོ་སྔོན་གྱི་ཞིབ་དཔྱོད་རྣམ་པ་ཕྱོགས་ཡོངས་ཆགས་པར་བྱས། གྱོད་གཞི་ཐག་གཅོད་པའི་ཁྲོད་ཤེས་པའི་སྤྱི་ཚོགས་བཅོས་སྐྱོང་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དམིགས་ནས། སྤྱི་ཚོགས་བཅོས་སྐྱོང་རིགས་ཀྱི་ཞིབ་དཔྱོད་གྲོས་གཞི259གཏན་འབེབས་བྱས་ནས་ཁྱབ་སྒྲོག་བྱས། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་དང་ལས་གནས་ཐོག་གི་ཉེས་བསགས་ཞིབ་དཔྱོད། དཔལ་འབྱོར་ཉེས་བསགས་ཞིབ་དཔྱོད། དམངས་དོན་ཞིབ་དཔྱོད་སོགས་དཔེར་མཚོན་གྱོད་དཔེ་སྐོར4དང་གྱོད་གཞི16མངོན་གསལ་དུ་ཁྱབ་སྒྲོག་བྱས་ཤིང། “སུས་བཅའ་ཁྲིམས་ལག་བསྟར་བྱེད་ན་དེས་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བའི” ཁྲིམས་ཁྱབ་འགན་འཁྲི་ལམ་ལུགས་ནན་ཏན་སྒོས་དོན་འཁྱོལ་བྱས། མུ་རི་གཏེར་ཁུལ་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་ཀྱི་ཞིབ་དཔྱོད་མཚམས་ཚིགས་ཀྱི་འབྲེལ་ཡོད་བྱ་བ་ནན་ཏན་སྒོས་ལེགས་པོར་བཟུང་ཐོག“8·04” ཆེད་དོན་གྱོད་གཞིར་སྔོན་ལ་ཞུགས་ནས། ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་བྱས་པ་སོགས་དོགས་ཡོད་ཉེས་ཅན16འཛིན་བཟུང་ཆོག་མཆན་བཀོད།

བཞི། ཁྲིམས་འཛིན་སྒྲིག་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ནས་ཞིབ་དཔྱོད་དབང་ཆ་བེད་སྤྱོད་ལམ་སྲོལ་འཐུས་ཚང་དུ་བཏང།

ཁྲིམས་འཛིན་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང། ཞིབ་དཔྱོད་དཔོན་སྒྲིག་ཁོངས་སུ་འཇུག་པ་དང་ཕྱིར་འབུད་པའི་བྱེད་ཐབས་འཐུས་ཚང་དུ་བཏང་ཐོག་གོ་གནས་མཐོ་དམན་ལ་འཕར་ཆག་དང་སྒྲིག་ཁོངས་ཕྱི་ནང་དུ་འཇུག་འབུད ་ཆོག་པའི་ཞིབ་དཔྱོད་དཔོན་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ལ་སྒྲིག་ཁོངས་ལས་ཕྱིར་བུད་པའི་ཞིབ་དཔྱོད་དཔོན་བསྡོམས་པས31ཡོད། ཞིབ་དཔྱོད་ཁང་གི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གྱོད་གཞི་ཐག་གཅོད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་གི་སྒྲིག་ཁོངས་སུ་ཚུད་པའི་མགོ་ཁྲིད་ཀྱིས་རིགས་སོ་སོའི་གྱོད་གཞི7464ཐག་བཅད་པ་དང། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་དཔོན་གྱིས་གྱོད་གཞི་ཐག་གཅོད་པའི་བསྡོམས་གྲངས་ཀྱི29.6%ཟིན་ཡོད། མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཟུར་ཞུགས་བྱས་པའི་རིམ་པ་སོ་སོའི་ཅཱན་ཁྲ་ཀྲང་དང་ཅཱན་ཁྲ་ཀྲང་གཞོན་པ་མི་ཐེངས183ཡོད་པ་དང། ཟུར་ཞུགས་ཚད་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཨང8པ་གནས་ཡོད། ཞིབ་དཔྱོད་དཔོན་དབང་འགན་གསལ་ཐོ་བཟོ་བཅོས་དང་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི85%ཡན་གྱི་གྱོད་གཞི་དེ་ཞིབ་དཔྱོད་དཔོན་གྱིས་རང་ཚུགས་ཀྱིས་གཏན་ཁེལ་བྱས་པས། ཞིབ་དཔྱོད་དཔོན་གྱི་གོ་གནས་གཙོ་བོ་སྔར་བས་འབུར་དུ་ཐོན་པར་གྱུར།

ཞིབ་དཔྱོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང། སྲིད་ཁྲིམས་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིབ་དཔྱོད་མཚམས་ཚིགས་ཀྱི་ཁྲིམས་བསྟར་ཁྲིམས་འཛིན་ལ་གཅུན་སྡོམ་ལྟ་སྐུལ་བྱེད་པའི་མ་ལག་གི་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ། ཅཱན་ཁྲ་ཀྲང་གིས་ཞིབ་དཔྱོད་བྱ་བར་མགོ་ཁྲིད་བྱེད་ཤུགས་ཇེ་ཆེར་བཏང་བ་དང། ལས་སྒོའི་སྡེ་ཁག་གི་འགན་འཁུར་བའི་ལྟ་སྐུལ་དོ་དམ་དབང་ཚད་སྔར་བས་ངེས་གསལ་བྱས་ཏེ་ལྟ་སྐུལ་དོ་དམ་ལས་གནས་མི་སྟོང་བར་བྱས། ལས་སྒོ་གཅིག་ཏུ་བསྡུས་ནས་དོ་དམ་དང་ཞིབ་དཔྱོད་ལས་དོན་ལ་ལྟ་ཞིབ་བྱེད་པ་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དབང་ཆ་སྤྲད་ཀྱང་རྒྱ་ཡན་དུ་མ་བཏང། གྱོད་གཞིའི་སྤུས་ཚད་དཔྱད་བཤེར་དང་ཞིབ་དཔྱོད་དཔོན་གྱི་མཉམ་འབྲེལ་གྲོས་ཚོགས་སོགས་ནང་གཅུན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གྱོད་གཞི“སྐྱོན་ཡོད་བཞིན་དུ་ཞུ་གཏུག་བྱེད་པར”གཏན་འགོག་ཅི་ཐུབ་བྱས། སྤུས་ཚད་དང་ཕན་འབྲས་གདེང་འཇོག་ཚད་གཞིའི་མ་ལག་གསར་བའི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཐོག་གྲུབ་འབྲས་དཔྱད་ཞིབ་དམིགས་ཚད་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འབེབས་བྱས་ཏེ། ཞིབ་དཔྱོད་དཔོན་གྱི་གྲུབ་འབྲས་དཔྱད་ཞིབ་བྱ་བ་གོ་རིམ་ལྡན་སྒོས་སྤེལ་ཞིང། ཞིབ་དཔྱོད་དཔོན་གྱིས་གྱོད་གཞི་ཐག་གཅོད་པའི་སྤུས་ཚད་ལེགས་སུ་གཏོང་བར་ལྡོག་སྐུལ་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་དང་གྲོང་ཁྱེར་དང་ཁུལ་ཞིབ་དཔྱོད་ཁང། དེ་བཞིན་གཞི་རིམ་ཞིབ་དཔྱོད་ཁང་མང་ཆེ་བས་རྒྱུན་རྣམ་ལྟར་ཞིབ་དཔྱོད་ལས་སྒོའི་གཞི་གྲངས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ནས། ཞིབ་དཔྱོད་བྱ་བའི་ཐད་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པར་དཔྱད་གཞིའི་གཞི་འཛིན་ས་འདོན་སྤྲོད་བྱས།

ནག་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱེད་པར་གུ་ཡངས་སུ་གཏོང་བའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་ཟབ་སྤེལ་བྱས། དངོས་ཡོད་དྲང་གཞག་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཐོག་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་རང་འགུལ་རང་བཞིན་ཇེ་ཆེར་བཏང་ནས། ཞིང་ཆེན་ཞིབ་དཔྱོད་ཁང་གིས་སྣེ་ཁྲིད་དེ་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་དང་ཞིང་ཆེན་མཐོ་རིམ་ཁྲིམས་ཁང། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིན་བཅས་དང་ནག་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱེད་པར་གུ་ཡངས་སུ་གཏོང་བའི་ལམ་ལུགས་ལག་བསྟར་ཞིབ་སྲོལ་ལ་མིང་རྟགས་བཀོད་དེ། ནག་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱེད་པར་གུ་ཡངས་སུ་གཏོང་བའི་ལམ་ལུགས་ སྤྱོད་འོས་པའི་ཚད་གཞི་སྔར་བས་གཅིག་གྱུར་དང་ཚད་ལྡན་དུ་བཏང་བ་ལ། ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་ནག་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱེད་པར་གུ་ཡངས་སུ་གཏོང་བའི་ལམ་ལུགས་སྤྱོད་འོས་པའི་ཚད85.4%ལ་སླེབས་ཡོད། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་དང་མཉམ་དུォརྒྱུན་མཐོང་ཉེས་གསོག་ལ་ཉེས་ཆད་ཚད་འབེབས་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར(ཚོད་ལྟའི་ལག་བསྟར)サགྱི་ལག་བསྟར་ཞིབ་སྲོལ་ཞིབ་འཇུག་བྱས་ནས་གཏན་ལ་ཕབ་ཏེ། ཉེས་ཆད་ཚད་འབེབས་བྱེད་པའི་གྲོས་གཞི་གནད་ཁེལ་ཅན་དུ་སྒྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང།

ཕན་ཚུན་སྤེལ་རེས་ཀྱི་བྱ་བའི་འབྲེལ་བ་བཟང་པོ་ཆགས་པར་བྱས། ལྟ་ཞིབ་ལས་ཁུངས་དང་ཁྲིམས་ཁང། སྤྱི་བདེ་ལས་ཁུངས་བཅས་ཀྱི་ལྟ་སྐུལ་དང་གཅུན་སྡོམ་སྔར་བས་ཧུར་ཐག་རང་འགུལ་གྱིས་དང་དུ་བླངས་པ་དང། རྒྱུན་ལྡན་གྱི་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་བཏང། ཁྲིམས་རྩོད་པ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་བཅའ་ཁྲིམས་ལས་རིགས་སྤྱི་མཐུན་ཚོགས་པ་བཙུགས་ཐོག་རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་གིས་ཁྲིམས་རྩོད་པའི་འབྲེལ་ལམ་དང་ཁྲིམས་རྩོད་པའི་གྲོས་མོལ་ཁང་དང་རྒྱུགས་བཤེར་ཁང་ཡོངས་ཁྱབ་ཏུ་བཙུགས་ཤིང། གྱོད་གཞི་ཐག་གཅོད་པའི་ཁྲོད་ཁྲིམས་རྩོད་པའི་བསམ་འཆར་ནན་ཏན་སྒོས་ཉན་ལེན་དང་སྔར་བས་མཐོང་ཆེན་བྱས། ཞིབ་དཔྱོད་ལས་དོན་ཡོངས་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་ནས། དུས་ཚིགས་རེར་སྤྱི་ཚོགས་ལ་ཞིབ་དཔྱོད་ལས་སྒོའི་གཞི་གྲངས་གཙོ་བོ་དུས་ལྟར་མངོན་གསལ་དུ་ཁྱབ་སྒྲོག་བྱས་ཤིང། ལོ་ཧྲིལ་བོར་གྱོད་གཞིའི་ཆ་འཕྲིན་གལ་ཆེན944དང་གྱོད་གཞིའི་གོ་རིམ་རང་བཞིན་གྱི་ཆ་འཕྲིན10381ཡོངས་བསྒྲགས་དང། མཇུག་སྒྲིལ་རང་བཞིན་གྱི་བཅའ་ཁྲིམས་ཡིག་རིགས5186ཁྱབ་སྒྲོག་བྱས་པ་དང་ཡོངས་བསྒྲགས་བྱེད་ཚད་ནི100%ཡིན་ལ། སྤྱི་ཚོགས་ཀྱི་ཐུགས་ཁུར་དུས་ཐོག་ཏུ་ལན་བསློགས།

ལྔ། ཕྱོགས་ཡོངས་ནས་རང་སྟེང་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཞིབ་དཔྱོད་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་པོར་བཏིང།

ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིབ་དཔྱོད་ཁང་ཏང་ཙུའུ་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་སྐུལ་ཁྲིད་བྱེད་པ་དང། ཆེད་དོན་གསོ་སྦྱོང་འཛིན་གྲྭ་དང་ཆེད་དོན་འཆད་ཁྲིད་སྒྲུབ་གཉེར་སོགས་ཀྱི་བྱེད་སྟངས་སྣ་ཚོགས་བེད་སྤྱད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང། ォཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བサཞེས་པའི་དེབ་གསུམ་པ་བཅས་ལ་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས“འདུ་ཤེས་བཞི” ཇེ་ཟབ་དང “རང་རྟོན་བཞི” ཇེ་བརྟན། “སྲུང་སྐྱོང་གཉིས” སྒྲུབ་ཐུབ་པར་ཁྲིད་སྟོན་བྱས། ཏང་གིས་ཞིབ་དཔྱོད་བྱ་བར་མགོ་ཁྲིད་གཙང་བཙན་བྱེད་པ་རྒྱུན་འཁྱོངས་བྱས་ཐོག ォཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་བྱ་བའི་སྲོལ་ཡིགサདངォཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིགサདང་དེ་མིན་ཞིང་ཆེན་ཏང་ཨུའི་ལག་བསྟར་ཞིབ་སྲོལ་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཏང་ཙུའུ་ཡི་དོན་ཚན་གལ་ཆེན་དགོངས་སྐོར་དང་ཞུ་འབུལ་བྱེད་པའི་ཆོད་དོན་བཟོ་བཅོས་དང་འཐུས་ཚང་དུ་བཏང་སྟེ། དགོངས་སྐོར་དང་ཞུ་འབུལ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཐོག་དོན་དག་གལ་ཆེན་དང་གྱོད་གཞི་གལ་ཆེན། ཡིག་ཆ་གལ་ཆེན་སོགས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་ལ་ཐེངས82དགོངས་སྐོར་དང་ཞུ་འབུལ་བྱས། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲི་ལམ་ལུགས་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་སར་དོ་དམ་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང།

ཆེད་ལས་འཇོན་ཐང་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང། སློབ་ཁྲིད་དང་སློབ་སྦྱོང། སྦྱོང་བརྡར། དངོས་འཐབ་བཅས་གཞི་གཅིག་ཅན་གྱི་གསོ་སྦྱོང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་བ་དང། དངོས་འཐབ་དང་སྤྱོད་གོ་ཆོད་པའི་གསོ་སྦྱོང་འཛིན་གྲྭ་སྐབས17སྤེལ་བ་དང་མི་ཐེངས2246ལ་གསོ་སྦྱོང་བྱས། མགོ་ཁྲིད་ཀྱི་བྱང་ཚད་དང་འཇོན་ཐང། “8+5+1”ཉེས་དོན་ཞིབ་དཔྱོད་ལས་སྒོའི་སྦྱོང་བརྡར་ཆེན་མོ། གཞུང་གཏུག་པ་དང་ཁྲིམས་རྩོད་པ་རྩོད་གླེང་འགྲན་བསྡུར་སྐབས་གཉིས་པ། དེ་མིན་ཕུལ་བྱུང་གཞུང་གཏུག་པ་དང་གྱོད་གཞི་དོ་དམ་སོགས་ལས་སྒོའི་འགྲན་བསྡུར་གྱི་བྱ་འགུལ་ནན་ཏན་སྒོས་སྤེལ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་ཐེངས་དགུ་བ་བསྡུས། “ཞིབ་དཔྱོད་ལན་འདེབས་དྲ་བ”རྒྱུན་མཐུད་ངང་བེད་སྤྱོད་བཟང་པོ་བྱས་པ་དང། ཅཱན་ཁྲ་ཀྲང་དང་ཞིབ་དཔྱོད་དཔོན་ཁྲིད་སྟེགས་སུ་སྐྱོད་པ་དང་ཞིབ་དཔྱོད་དཔོན་གྱིས་ཞིབ་དཔྱོད་དཔོན་ལ་སློབ་ཁྲིད་བྱེད་པ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བཟང་པོ་བྱས་ལ། སྲིད་འཛིན་ཁྲིམས་འཛིན་སྡེ་ཁག་དང་ཕན་ཚུན་ལས་བྱེད་པ་མངག་གཏོང་བྱས་ནས་བརྗེ་རེས་དང་འགན་འཁྱེར་བྱ་བ་སྒྲུབ་ཤུགས་ཇེ་ཆེར་བཏང་སྟེ། ཆེད་ལས་འཇོན་ཐང་དང་ཆེད་ལས་སྙིང་སྟོབས་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས། ཁྲིམས་བཟུང་ནས་གྱོད་གཞི་ཐག་གཅོད་པ་དང་ཞིབ་དཔྱོད་བྱ་བ་སྣ་ཚོགས་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་པར་རྒྱུན་མཐུད་དུ་དམ་འཛིན་ལེགས་པོ་བྱས་ནས། ཡིག་རིགས་སྒྲུབ་གཉེར་དང་གྱོད་གཞི་ཐག་གཅོད་སོགས་སྔར་བས་ཚད་ལྡན་དུ་བཏང།

སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་གཟབ་ནན་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་བཏང། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཞིབ་དཔྱོད་ནན་སྐྱོང་བྱེད་རྒྱུ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ནན་ཏན་སྒོས་ཏང་སྲོལ་སྲིད་གཙང་གི་འཛུགས་སྐྱོང་འགན་འཁྲི་གཙོ་བོ་ཁུར་ཡོད། དར་ཆ་གསལ་སྒྲེང་གིས་ཞིབ་དཔྱོད་ཁང་དུ་བཅའ་སྡོད་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྡེ་ཁག་གིས་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་པ་དང། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་དང་ཞིབ་དཔྱོད་ཁང་དུ་བཅའ་སྡོད་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཚན་ཆུང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཞིབ་དཔྱོད་ནན་སྐྱོང་བྱེད་པའི་བྱ་བའི་གྲོས་མོལ་ལམ་སྲོལ་བཙུགས། “ནན་མོ” གཙོ་བོར་བཟུང་ནས“སྤྱོད་ངན་བཞི” རྒྱུན་སྲིང་ལྷོད་མེད་ཀྱིས་ཡོ་བསྲང་བྱས་པས། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཚོགས་འདུའི་གྲངས་འབོར་དང་ཡིག་ཆ་འགྲེམ་སྤེལ་བྱས་གྲངས་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར25%དང5.3%མར་ཆག་ཡོད། ཞིང་ཆེན་ཞིབ་དཔྱོད་ཁང་གི་སྔར་ཅཱན་ཁྲ་ཀྲང་གཞོན་པ་ཅཱ་ཞའོ་ཀང་གིས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བཟོས་པ་སོགས་ཀྱི་གྱོད་གཞི་ལྡོག་ཕྱོགས་ཀྱི་སློབ་དེབ་ཏུ་བཟུང་ནས་སྤྱོད་ཚུལ་གྱི་གནད་དོན་འབུར་དུ་ཐོན་པར་གཅིག་སྡུད་ཀྱིས་དག་ཐེར་ལེགས་བཅོས་དང་ཉེན་བརྡ་སློབ་གསོའི་བྱ་འགུལ་གཏིང་ཟབ་སྒོས་སྤེལ། རལ་ཁ་ནང་ལ་སྐོར་བ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འགལ་སྒྲིག་འགལ་གྱི་ཞིབ་དཔྱོད་མི་སྣ22ལ་ཞིབ་གཅོད་ནན་མོ་བྱས། “ཆོད་དོན་གསུམ” ལག་བསྟར་ནན་མོ་བྱས་ཏེ། ཁྲིམས་བཟུང་ནས་གྱོད་གཞི་ཐག་གཅོད་པར་སྒྲིག་འགལ་གྱིས་ཐེ་གཏོགས་དང་ཐེ་ཇུས། རྩད་གཅོད་བྱེད་པར་མཐའ་གཅིག་ཏུ་གཏན་འགོག་བྱས།

གཞི་རིམ་གྱི་རྨང་གཞི་མུ་མཐུད་དུ་བརྟན་པོར་བཏིང། གཞི་རིམ་གྱི་བྱ་བའི་ཕྱོགས་སྟོན་གསལ་པོ་རྒྱུན་འཁྱོངས་བྱས་ཐོག80%ཡན་གྱི་མི་ནོར་དངོས་གསུམ་དང་གསོ་སྦྱོང་ཐོན་ཁུངས་དེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་འཇོག་པར་ཁག་ཐེག་བྱས་ནས། གཞི་རིམ་གྱི་ཞིབ་དཔྱོད་བྱ་བ་སྒྲུབ་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང། རང་ཞིང་གི་ཁུལ་དྲུག་ ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་ཁུལ་ཞིབ་དཔྱོད་ལས་ཁུངས་དང་བརྗེ་རེས་ རོགས་ལས་བྱེད་པར་མུ་མཐུད་དུ་ཤུགས་བསྣན་ནས། ཁ་གཏད་རོགས་སྐྱོར་གྱི་བྱ་བའི་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཞིབ་དཔྱོད་ཁང་དང་མཚོ་ནུབ་ཁུལ་ནུབ་རྒྱུད་གཏེར་ཁུལ་ཞིབ་དཔྱོད་ཁང་ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཞིབ་དཔྱོད་ཁང་བདམས་པ་དང། མཚོ་ནུབ་ཁུལ་ཞིབ་དཔྱོད་ཁང་ལ་རྒྱལ་ཡོངས་ཀྱི་གཞི་རིམ་ཞིབ་དཔྱོད་ཁང་འཛུགས་སྐྱོང་རྩ་འཛུགས་ཀྱི་བྱ་དགའ་ཐོབ་པ། མགོ་ལོག་ཁུལ་ཞིབ་དཔྱོད་ཁང་དང་པད་མ་རྫོང་ཞིབ་དཔྱོད་ཁང་ལ་རྒྱལ་ཡོངས་ཀྱི་དཔལ་ཡོན་སྡེ་ཚན་བདམས་ལ། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་ཏ་ཐུང་རྫོང་ཞིབ་དཔྱོད་ཁང། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཞིབ་དཔྱོད་ཁང་བཅས་ལ་རྒྱལ་ཡོངས་ཀྱི་དཔལ་ཡོན་སྡེ་ཚན་གྱི་མཚན་སྙན་གཟི་བརྗིད་ཅན་བསྟུད་མར་སོར་བཞག་བྱས་པ་དང། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཞིབ་དཔྱོད་ཁང་ལ་རྒྱལ་ཡོངས་ཀྱི་ལོ་ན་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་བྱ་བའི་སྔོན་ཐོན་སྡེ་ཚན་གྱི་མཚན་སྙན་ཐོབ་ཡོད། རིག་ལྡན་ཞིབ་དཔྱོད་ལས་དོན་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག ཞིབ་དཔྱོད་ལས་ཁུངས་སུ་སྡེ་ཁག་ལས་བརྒལ་ནས་གཞི་གྲངས་ཆེན་མོ་བཀོལ་ཏེ་མཉམ་རུབ་ཀྱིས་གྱོད་གཞི་ཐག་གཅོད་པའི་ལས་སྟེགས་མ་ལག་གི་ཞིབ་འཇུག་གསར་སྤེལ་བྱ་བ་ཡོངས་འགྲུབ་བྱས་ཤིང། ལས་སྒོ་གཅིག་གྱུར་གྱི་བེད་སྤྱོད་མ་ལག་པར་གཞི2.0དང་རིག་ལྡན་གྱོད་གཞི་ཐག་གཅོད་པར་རམ་འདེགས་དང་ཡིག་ཚགས་གྲངས་འཛིན་ཅན་སོགས་ཀྱི་ལས་སྟེགས་བསྐྲུན་པར་གོ་རིམ་ལྡན་སྒོས་སྐུལ་འདེད་བཏང་སྟེ། ཞིབ་དཔྱོད་བྱ་བ་དེང་རབས་ཅན་དང་རིག་ལྡན་ཅན་དུ་སྒྱུར་བའི་ཆུ་ཚད་མངོན་གསལ་དོད་པོར་མཐོ་རུ་བཏང། ォམཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས·ཞིབ་དཔྱོད་ཀྱི་ལོ་རྒྱུས(1986・2005)サབདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས་པ་མ་ཟད་པར་སྐྲུན་འགྲེམ་སྤེལ་བྱས།

འཐུས་མི་རྣམ་པ། འདས་པའི་ལོ་གཅིག་ལ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྟ་སྐུལ་པས་དེ་བས་ཀྱང་ལྟ་སྐུལ་དང་དུ་ལེན་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོར་བཅངས་ཐོག རང་རྟོགས་ཀྱིས་དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་དང་དམངས་གཙོའི་ལྟ་སྐུལ་དང་དུ་བླངས་ནས། འཐུས་མི་དང་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པའི་བྱ་བར་ཤུགས་བསྣན་པ་དང། རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང་གིས་སྣེ་ཁྲིད་དེ་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲིར་བསྐྱོད་པ་དང། ངོ་ཐུག་གདོང་འཕྲད་ཀྱིས་འཚམས་འདྲི་དང་སྙིང་ཉེ་བའི་ངང་འབྲེལ་གཏུག་བྱས། འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་མཐོང་ཆེན་བྱས་ཐོག་ཞིང་ཆེན་ཞིབ་དཔྱོད་ཁང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ཐག་གཅོད་བྱས་ཚུལ་ལ། གྲོང་ཁྱེར་དང་ཁུལ་སོ་སོར་སོང་ནས་ལན་འདེབས་དང་ལྡོག་འདྲེན་བྱས། བརྗོད་དོན་གཙོ་བོ་མི་འདྲ་བའི་ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱེད་སྒོ་ཐེངས4སྤེལ་བར་རྩ་འཛུགས་བྱས་ནས། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། ལས་རིགས་སོ་སོའི་མང་ཚོགས3000ལྷག་ཞིབ་དཔྱོད་ལས་ཁུངས་སུ་བསྐྱོད་ནས་ཞིབ་དཔྱོད་བྱ་བར་རྒྱུས་ལོན་པར་གདན་འདྲེན་བྱས། དུས་མཚུངས་སུ། ང་ཚོས་དམག་དོན་ཞིབ་དཔྱོད་ལས་ཁུངས་དང་འབྲེལ་འདྲིས་དམ་པོ་བྱས་ཤིང། ཁྲིམས་སྐྱོང་དམག་སྒར་དུ་སྐྱེལ་བ་དང་དམག་མི་སྒོ་འབྱེད་པའི་ཉིན་མོ་སོགས་ཀྱི་བྱེད་སྒོ་སྤེལ་ལ། དམག་དཔུང་དང་ས་གནས་བར་གྱི་ཞིབ་དཔྱོད་རོགས་ལས་ལམ་སྲོལ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། སེམས་པ་དང་བརྩེ་དུང། བཅའ་ཁྲིམས་བཅས་ལ་བརྟེན་ནས“ཆེས་གཅེས་སུ་རུང་བའི་མིར”ཞབས་འདེགས་ཞུས།

འཐུས་མི་རྣམ་པ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བར་གྲུབ་འབྲས་ཐོབ་པའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིད་སྟོན་བྱེད་པར་རག་ལས་ཤིང། ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཡང་དག་པར་མགོ་ཁྲིད་བྱས་པའི་འབྲས་བུ་ཡིན་པ་དང། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ཨུ་ཁང་གིས་ནུས་ལྡན་སྒོས་ལྟ་སྐུལ་བྱས་པའི་འབྲས་བུ་ཡིན་པ། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པའི་འབྲས་བུ་ཡིན་ལ། རིམ་པ་སོ་སོའི་ཏང་ཨུ་དང་དམངས་འཐུས་ཚོགས་ཆེན། སྲིད་གཞུང། སྲིད་གྲོས། འཐུས་མི་རྣམ་པ་བཅས་ཀྱིས་ཐུགས་ཁུར་བྱམས་སྐྱོང་བྱས་པའི་འབྲས་བུའང་ཡིན། འདིར་ངས་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་བླ་ན་མེད་པའི་གུས་འདུད་ཞུ་བ་ཡིན།

དུས་མཚུངས་སུ། ང་ཚོས་ཀྱང་ངོས་འཛིན་གསལ་བོ་བྱས་པ་ནི། རང་ཞིང་གི་ཞིབ་དཔྱོད་བྱ་བའི་ཐད་ད་དུང་མི་འདང་ས་མང་པོ་གནས་ཡོད་པ་དང། དཀའ་ངལ་དང་འགྲན་སློང་མི་ཉུང་བ་མདུན་དུ་ལྷགས་ཡོད་དེ། གཅིག་ནི་ཞིབ་དཔྱོད་འདུ་ཤེས་དེ་གནས་བབ་གསར་བ་དང་བླང་བྱ་གསར་བ་གཉིས་དང་ད་དུང་ཡོངས་སུ་མཐུན་མི་ཐུབ་པས། འགྱུར་མེད་ཀྱིས་གྱོད་གཞི་ཐག་གཅོད་པ་སོགས་ཀྱི་གནད་དོན་ཚད་མི་འདྲ་བར་གནས་ཡོད་པ་དང། ཕྱོགས་གཉིས་པོར་ཕན་ཁེ་ཐོབ་པ་དང་ཕྱོགས་མང་པོར་ཕན་ཁེ་ཐོབ་པ། ཐུན་མོང་ལ་ཕན་ཁེ་ཐོབ་པ་སོགས་ཀྱི་འདུ་ཤེས་གསར་བ་དོན་འཁྱོལ་བྱེད་ཚད་ད་དུང་དམིགས་སར་འབྱོར་མི་ཐུབ། གཉིས་ནི“ཞིབ་དཔྱོད་ཆེན་པོ་བཞི”ཕྱོགས་ཡོངས་ནས་མཐུན་སྦྱོར་ངང་འཕེལ་རྒྱས་གང་ལེགས་གཏོང་བ་ནི་བྱ་བའི་མགོ་རྩོམ་མ་ཐག་ཙམ་ཡིན་ལ། དམངས་དོན་ཞིབ་དཔྱོད་དང་སྲིད་འཛིན་ཞིབ་དཔྱོད་ཐད་ལ་སྔར་བཞིན་ཞན་ཆ་མངོན་གསལ་ཡོད་པ་དང། བཅའ་ཁྲིམས་ཀྱིས་ལྟ་སྐུལ་བྱེད་པའི་ཕན་འབྲས་ད་དུང་ཇེ་མཐོར་གཏང་དགོས། གསུམ་ནི་དཔུང་སྡེའི་ཆེད་ལས་བྱང་ཚད་དང་འཇོན་ཐང་དེ་དུས་རབས་གསར་བའི་སྔར་བས་མཐོ་བའི་བླང་བྱ་དང་ད་དུང་ཡོངས་སུ་མཐུན་མི་ཐུབ་ཅིང། གཞི་རིམ་གྱི་རྨང་གཞིའི་བྱ་བར་སྔར་བས་ཤུགས་བསྣན་དགོས། བཞི་ནི་ཞིབ་དཔྱོད་མི་སྣའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་རྟག་པར་བྱུང་བས། སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་གཏང་དགོས། གནད་དོན་དང་དཀའ་ངལ་འདི་དག་ལ་དམིགས་ནས་ང་ཚོས་གཙིགས་འཛིན་བྱས་ཐོག་ནན་ཏན་སྒོས་ཐག་གཅོད་བྱ་དགོས།

2021ལོའི་བྱ་བའི་བཀོད་སྒྲིག

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅུ་བཞི་བ”མགོ་རྩོམ་པའི་ལོ་ཞིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བའི་སྤྱིའི་རིག་ལམ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ལྔ་བ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་གཙོ་ཕྱོགས་སུ་འཛིན་ཞིང། རྒྱུད་ཁོངས་འདུ་ཤེས་དང་ཁྲིམས་སྐྱོང་བསམ་གཞིགས། རྨང་བརྟན་ཕྱོགས་སྟོན་བཅས་ལ་སྔར་བས་དོ་སྣང་བྱེད་པ་དང། ཚད་མཐོ་བའི་ཆབ་སྲིད་རང་རྟོགས་དང་ཁྲིམས་སྐྱོང་རང་རྟོགས། ཞིབ་དཔྱོད་རང་རྟོགས་བཅས་ལ་བརྟེན་ནས། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་དོན་དུ་ཁྲིམས་འཛིན་པ། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་སྣ་ཚོགས་ལྷག་བསམ་རྣམ་དག་གིས་ལག་བསྟར་བཟང་པོ་བྱེད་པ། ཞིབ་དཔྱོད་འགན་འཁྲི་ལག་བསྟར་བྱེད་པའི་གྲུབ་འབྲས་གསར་བར་བརྟེན་ནས་རང་ཞིང་གི“ལོ་ལྔའི་འཆར་འགོད་བཅུ་བཞི་བ”མགོ་བཟང་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོས་ཏེ། མཚོ་སྔོན་ས་གནས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་སྒྱུར་བར་ནུས་ལྡན་གྱི་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱ་དགོས།

གཅིག་ནི་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་པ། རང་རྟོགས་ཀྱིས་ཚད་བསྟུན་དག་ཐེར་བྱས་ཏེ། “འདུ་ཤེས་བཞི” ཇེ་ཟབ་དང“རང་རྟོན་བཞི” ཇེ་བརྟན། “ སྲུང་སྐྱོང་གཉིས” སྒྲུབ་ཐུབ་པར་བྱེད་པ་དེ་ཞིབ་དཔྱོད་བྱ་བ་སོ་སོའི་ནང་འཇུག་དགོས། ォཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིགサདང་ཞིང་ཆེན་ཏང་ཨུའི་ལག་བསྟར་ཞིབ་སྲོལ་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང། དོན་ཆེན་གལ་ཆེན་དགོངས་སྐོར་དང་ཞུ་འབུལ་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། སྔར་བས་རང་རྟོགས་ཀྱིས་ཏང་གི་མགོ་ཁྲིད་གཙང་བཙན་དེ་ལས་སྒོ་འཛུགས་སྐྱོང་དང་དཔུང་སྡེ་འཛུགས་སྐྱོང་གི་ཕྱོགས་སོ་སོར་དོན་འཁྱོལ་བྱས་ནས། ཞིབ་དཔྱོད་བྱ་བའི་ཁ་ཕྱོགས་ཡང་དག་པར་ཁག་ཐེག་བྱ་དགོས།

གཉིས་ནི་བློ་བརྟན་འགྱུར་མེད་ཀྱིས་ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར་ཞིབ་དཔྱོད་བྱ་བའི་ཐད་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་སུ་རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཞབས་འདེགས་དང་འགན་སྲུང་བྱེད་པའི་མགོ་རྩོམ་ས་ཡང་དག་པར་བཙལ་ཏེ། དངུལ་རྩ་དང་དབུལ་སྐྱོར། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་ཉེས་བསགས་ལ་ཁྲིམས་ལྟར་རྡུང་རྡེག་གཏང་དགོས། “བརྟན་འཇགས་དྲུག” དང“འགན་སྲུང་དྲུག”ལ་ཞབས་འདེགས་དང་འགན་སྲུང་བྱེད་ཅིང། ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་ལ་གཏོར་བརླག་གཏོང་བའི་ཉེས་བསགས་ལ་ཆད་པ་དྲག་པོ་གཅོད་པ་དང། འདྲ་མཉམ་གྱིས་སྲུང་སྐྱོང་བྱེད་པའི་འདུ་ཤེས་དེ་ཁྲིམས་བཟུང་ནས་གྱོད་གཞི་ཐག་གཅོད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་རོགས་རམ་བྱ་དགོས། ཞིབ་དཔྱོད་མཚམས་ཚིགས་སུ་བདེ་འཇགས་འགན་སྲུང་དང་བརྟན་འཇགས་སྲུང་སྐྱོང་བྱེད་ཐབས་སྣ་ཚོགས་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བ་དང་སྤྱི་ཚོགས་སྒྲིག་ལམ་ལ་གནོད་པ་ཚབས་ཆེན་སྐྱེལ་བའི་ཤུགས་རྐྱེན་རང་བཞིན་གྱི་གྱོད་གཞི་ཁྲིམས་ལྟར་ཐག་གཅོད་ལེགས་པོ་བྱ་དགོས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཞིབ་དཔྱོད་ཀྱི་གྲུབ་འབྲས་མངོན་པར་འབད་བརྩོན་བྱ་དགོས།

གསུམ་ནི་བློ་བརྟན་འགྱུར་མེད་ཀྱིས་ས་གནས་བཅོས་སྐྱོང་ནང་དུ་ཞུགས་དགོས། “ཧྥེང་ཆའོ་ཡི་ཉམས་མྱོང”ལྡན་པའི་མཚོ་སྔོན་ཞིབ་དཔྱོད་རྣམ་པ་གཏིང་ཟབ་ཏུ་སྤེལ་བའི་བྱ་བ་སྣ་ཚོགས་གཏིབ་ཟབ་དང་ཏན་ཏིག་གིས་སྒྲུབ་པ་དང། མང་ཚོགས་ཀྱི་སྐུར་ཡིག་ལན་རེ་རེ་འདེབས་པ་དང“སུས་བཅའ་ཁྲིམས་ལག་བསྟར་བྱེད་ན་དེས་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བའི”ཁྲིམས་ཁྱབ་འགན་འཁྲི་ལམ་ལུགས་སོགས་ལམ་ལུགས་ནན་ཏན་སྒོས་དོན་འཁྱོལ་བྱེད་པ། བཙོན་ཁང་ལ་སྣོལ་སྡེབ་དང་སྐོར་སྐྱོད་ཞིབ་དཔྱོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་ལ། ཁྲིམས་བཟུང་ནས་གྱོད་གཞི་ཐག་གཅོད་པ་དང་ཞིབ་དཔྱོད་གྲོས་གཞི་འདོན་པ་སོགས་བྱེད་སྟངས་བེད་སྤྱོད་གང་ལེགས་བྱས་ནས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྤྱི་ཚོགས་བཅོས་སྐྱོང་དང་ཉེན་ཁ་ཆེན་པོ་དོགས་ཟོན། འགལ་བ་དང་རྩོད་གླེང་འདུམ་འགྲིག་བྱེད་པ་སོགས་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གྱོད་གཞི་ཐག་གཅོད་པའི་ཁྲོད་དུ་ཤེས་པའི་ཁོངས་གཏོགས་རང་བཞིན་དང་ས་ཁོངས་རང་བཞིན། ལས་རིགས་རང་བཞིན་བཅས་བཅོས་སྐྱོང་ཐད་ཀྱི་སྐྱོན་ཆ་དང་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ས་ཁོངས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས། ལོ་ན་མ་སོན་པའི་མིའི་ཞིབ་དཔྱོད་ཆེད་ལས་ཅན་དང་སྤྱི་ཚོགས་ཅན་དུ་སྒྱུར་བར་སྐུལ་སྤེལ་བཏང་སྟེ། ཁྲིམས་སྐྱོང་ལ་བརྟེན་ནས་ལོ་ན་མ་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོང་བྱ་དགོས།

བཞི་ནི་བློ་བརྟན་འགྱུར་མེད་ཀྱིས“ཞིབ་དཔྱོད་ཆེན་པོ་བཞིར”སྐུལ་སྤེལ་གཏང་དགོས། ཁྲིམས་འཛིན་འདུ་ཤེས་རྒྱུན་མཐུད་ངང་གསར་སྒྱུར་དང་ནག་ཉེས་ཞུ་གཏུག་བྱེད་པའི་གཙོ་ཁྲིད་འགན་འཁྲི་ལག་བསྟར་བཟང་པོ་བྱས་ཏེ། གྱོད་ཐོ་འགོད་པར་ལྟ་སྐུལ་དང་མྱུལ་ཞིབ་བྱེད་སྒོར་ལྟ་སྐུལ། འདྲི་གཅོད་ལ་ལྟ་སྐུལ། ཉེས་དོན་ལག་བསྟར་ལ་ལྟ་སྐུལ། ཁྲིམས་འཛིན་བྱ་བ་སྒྲུབ་མཁན་གྱི་འབྲེལ་ཡོད་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི་ཞིབ་གཅོད་སོགས་ཀྱི་བྱ་བར་ཤུགས་བསྣན་དགོས། ནག་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱེད་པར་གུ་ཡོངས་སུ་གཏོང་བའི་ལམ་ལུགས་སྤུས་ཚད་མཐོ་བའི་ངང་ནས་དོན་འཁྱོལ་བྱས། གནད་ཁེལ་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་ཐོག་གྱོད་གཞི་རིགས་འདྲ་ལ་ལྟ་སྐུལ་བྱེད་པར་སྔར་བས་མཐོང་ཆེན་བྱེད་པ་དང། ཡིག་ཚགས་མ་དེབ་དང་འདྲ་དཔེ་ལ་ལྟ་ཀློག་བྱེད་པའི་ལམ་ལུགས་དོན་འཁྱོལ་བཟང་པོ་བྱས་ཏེ་དམངས་དོན་ཞིབ་དཔྱོད་སྟོབས་ལྡན་དུ་གཏང་བ་དང་སྲིད་འཛིན་ཞིབ་དཔྱོད་ཏན་ཏིག་གིས་བསྒྲུབ་དགོས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ཨུ་ཁང་གི་ཆོད་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱ་བ་སྒྲུབ་ཤུགས་ཇེ་ཆེར་གཏོང་བ་དང། གྱོས་གཞི་ཐག་གཅོད་པའི་ཁྱབ་ཁོངས་ཧུར་ཐག་བརྟན་བརླིང་ངང་རྒྱ་བསྐྱེད་དེ། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི“མཚོ་སྔོན་རྣམ་པ”རྒྱུན་ཆད་མེད་པར་ཟབ་སྤེལ་བྱ་དགོས།

ལྔ་ནི་བློ་བརྟན་འགྱུར་མེད་ཀྱིས་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྱོང་བྱ་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ཐོག་སློབ་ཁྲིད་དང་སློབ་སྦྱོང། སྦྱོང་བརྡར། དངོས་འཐབ་བཅས་གཞི་གཅིག་ཅན་གྱི་གསོ་སྦྱོང་ལམ་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང། དམངས་དོན་ཁྲིམས་གཞུང་ལག་ལེན་མཐར་ཕྱིན་བྱེད་པར་ལེགས་འཛིན་བྱེད་ཅིང། ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་ཤུགས་ཆེན་པོས་ཤེས་རྟོགས་དང་གསོ་སྐྱོང། འདེམས་སྒྲུག་བྱེད་པ་དང། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དངོས་གནས་ཤུགས་སྣོན་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་གཟབ་ནན་བྱེད་པ། ཞིབ་དཔྱོད་དཔུང་སྡེའི་གསར་བརྗེ་ཅན་དང་ཚད་གཞི་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་འཛུགས་སྐྱོང་ལ་གང་མགྱོགས་སྒོས་སྐུལ་འདེད་བཏང་སྟེ། འགན་འཁྲི་སྒྲུབ་པའི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས། “སྤྱོད་ངན་བཞིའི”གནད་དོན་དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱ་དགོས། དཔུང་སྡེའི་སློབ་གསོ་དང་དག་ཐེར་བྱ་བ་ཏན་ཏིག་གིས་དམ་འཛིན་བྱས་ནས་ས་བཤིག་པའི་ཨ་པྲ་དང་སྡེ་བཤིག་པའི་ཆོས་རྐུན་མཐའ་གཅིག་ཏུ་མེད་པར་བཟོ་དགོས།

འཐུས་མི་རྣམ་པ། ལོ་གསར་བའི་ནང་དུ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་ཆོད་ནན་ཏན་སྒོས་དོན་འཁྱོལ་བྱ་དགོས་ཤིང། སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱེད་པ་དང། འགན་འཁྲི་འཁུར་ཕོད་པ་དང་དཀའ་སྒྲུབ་དངོས་སྒྲུབ་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་བསུ་དགོས།