ན་གོར་མོའི་རོང་འབྲོག་ས་ཁུལ་གྱི་དངུལ་རྩའི་ལས་གཉེར་དྲ་བ་ཐོག་མ་ལས་གཉེར་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ན་གོར་མོ་ཡི་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ལས་གཉེར་ས་ཚིགས་དང་པོ་སྟེ་ཞིང་ལས་དངུལ་ཁང་ན་གོར་མོ་ཡན་ལག་དངུལ་ཁང་གི་ཀུའོ་ལེ་མུའུ་ཏེ་ཉིང་ལག་དངུལ་ཁང་ལས་གཉེར་བྱེད་འགོ་ཚུགས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ལས་དངུལ་ཁང་ན་གོར་མོ་ཡན་ལག་དངུལ་ཁང་གི་ཀུའོ་ལེ་མུའུ་ཏེ་ཉིང་ལག་དངུལ་ཁང་གིས་ལོ་གཅིག་རིང་ས་ཆ་འདེམས་པ་དང་། གནས་ཡུལ་སྤོ་བ། མིང་བསྒྱུར་བ། ནང་ངོས་མཛེས་བཟོ་བྱེད་པ། འགྲོ་ལུགས་གཉེར་ནས་ཆོག་མཆན་ཞུ་བ་སོགས་ཀྱི་བྱ་བ་རབ་དང་རིམ་པ་ལེགས་བསྒྲུབས་བྱས་པ་རེད། དངོས་སུ་ལས་གཉེར་བྱས་རྗེས། ཉེ་འཁོར་གྱི་མང་ཚོགས་ལ་དངུལ་བཅོལ་ལེན་དང་། དངུལ་བསྒྱུར་གཏོང་འདྲེན། དངུལ་ལོར་སིལ་མར་བརྗེ་འགྱུར། དམངས་བདེ་གྲོན་སྤྲོད། ལས་ཡུལ་དངོས་སུ་བྱང་བུ་བཟོ་བ་སོགས་ཀྱི་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱས་ནས་མཐའ་འཁོར་གྱི་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད། དེ་དང་ཆབས་ཅིག་ན་གོར་མོ་གྲོང་ཁྱེར་གྱིས་དངུལ་རྩའི་ཁོར་ཡུག་ཇེ་ལེགས་སུ་གཏང་བ་དང་། ཞབས་ཞུའི་ཚངས་ཕྱེད་རྒྱ་ཆེར་གཏོང་བ། གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུའི་མ་ལག་གསར་པ་སྐྲུན་པ་བཅས་བྱས་ནས་ས་ཁོངས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཞིང་པའི་འབབ་འཕར་ཡོང་བ། གྲོང་གསེབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་བ་བཅས་ཀྱི་ཐད་ནུས་པ་ཐོན་ཡོད་པ་རེད།

ཉེ་བའི་ལོ་འདི་འགར། ཞིང་ལས་དངུལ་ཁང་ན་གོར་མོ་ཡན་ལག་དངུལ་ཁང་གིས“ཞིང་གསུམ་ལ་ཁ་ཕྱོགས་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་ཞབས་འདེགས་ཞུ་བའི”ལས་འགན་གཞིར་བཟུང་སྟེ། གཉེར་སྐྱོང་ལམ་སྲོལ་དང་དངུལ་རྩའི་ཐོན་རྫས་ཟམ་མི་ཆད་པར་གསར་གཏོད་བྱས་པ་དང་། ལས་སྒོ་སོ་སོ་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་ཡོད་ལ། ཞིང་ལས་དངུལ་ཁང་ཀུའོ་ལེ་མུའུ་ཏེ་ཉིང་ལག་དངུལ་ཁང་བཙུགས་པ་བཅས་ནི་དངུལ་ཁང་རང་ངོས་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན་པར་མ་ཟད། ཀུའོ་ལེ་མུ་ཏེ་གྲོང་རྡལ་གྱིས་གསར་དུ་བཙུགས་པའི་ཀྲུང་ཞང་གྲོང་ཚོའི་སྡེ་ཁུལ་དང་། ཀྲུང་ཡོན་གྲོང་ཚོའི་སྡེ་ཁུལ། ཞི་མཐུན་གྲོང་ཚོའི་སྡེ་ཁུལ་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྣན་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། འགྲུལ་པའི་འགྲོ་འོང་དང་། དངོས་ཟོག་འགྲེམ་སྤོར། མ་དངུལ་བཅས་ཟམ་མི་ཆད་པར་གཅིག་སྡུད་ཐོག་རྒྱ་སྐྱེད་བཏང་བ། ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་ལྟར་ཐུན་མོང་ཐོག་ དཔལ་ཡོན་དང་འབྱོར་ཕྱུག་གི་ཤང་གྲོང་གསར་པ་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།