རང་ཞིང་གིས་རིམས་འགོག་ཡོ་བྱད་ཀྱི་ངོས་འཛིན་ལྟ་སྐུལ་དོ་དམ་ལ་རོགས་འདེགས་སྒོས་ཐོན་རྫས་ཀྱི་རྒྱུ་སྤུས་ཇེ་མཐོར་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། རང་ཞིང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཉིན3གྱི་རིང་ལ། ཁ་ཐུམ་དང་འགོག་སྲུང་ལྭ་བ་སོགས་རིམས་འགོག་ཡོ་བྱད་ཁྱབ་ཁོངས་ལ་ངོས་འཛིན་གྱི་ཆེད་དོན་དག་ཐེར་བྱ་འགུལ་སྤེལ་ནས། གོམ་གང་མདུན་སྤོས་ངང་ཁ་ཐུམ་དང་འགོག་ཟོན་གྱི་ལྭ་བ་སོགས་རིམས་འགོག་ཡོ་བྱད་ངོས་འཛིན་སྔར་ལས་ཆེས་ཆེར་གཏོང་བའི་ཆེད་དོན་དག་ཐེར་གྱི་བྱ་བའི་ཕན་འབྲས་སྤེལ་ནས། རིམས་འགོག་ཡོ་བྱད་ཀྱི་རྒྱུ་སྤུས་བདེ་འཇགས་ལ་འགན་སྲུང་བྱས་ཤིང་། རིམས་ནད་འགོག་ཟོན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱས་པ་རེད།

ཐེངས་འདིའི་ཆེད་དོན་དག་ཐེར་གྱིས2020ལོའི་ལོ་སྟོད་ཀྱི་ཁ་ཐུམ་དང་འགོག་སྲུང་ལྭ་བ་སོགས་རིམས་འགོག་ཡོ་བྱད་ཀྱི་ངོས་འཛིན་ཐད་ལ་ཆེད་དོན་དག་ཐེར་བྱ་བ་སྤེལ་བའི་རྨང་གཞིའི་སྟེང་། ཡང་བསྐྱར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཐོན་སྐྱེད་ཁྱབ་ཁོངས་དང་འཁོར་རྒྱུགས་ཁྱབ་ཁོངས་འགོག་སྲུང་ཡོ་བྱད་བརྫུས་བཟོ་དང་རྫུན་མ། ཁྲིམས་འགལ་གྱི་ཉོ་འཚོང་ངོས་འཛིན་དཔང་ཡིག ངོས་འཛིན་མཚོན་རྟགས་ཁྲིམས་འགལ་བྱ་སྤྱོད་ཀྱི་ཆེད་དོན་དག་ཐེར་བྱ་འགུལ་སྤེལ། བར་སྐབས་དེར་ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་པས་ཁྲིམས་འཛིན་མི་སྣ400ལྷག་རྩ་འཛུགས་སྒོས་སྨན་ཁང་དང་ཚོང་རྫས་སྒོ་རྩིས་ཁང་སོགས་ཁྱོན་བསྡོམས2000ལྷག་ལ་ཞིབ་བཤེར་བྱས། བརྫུས་བཟོ་དང་རྫུན་མ། ཁྲིམས་་འགལ་ཉོ་འཚོང་ངོས་འཛིན་དཔང་ཡིག་དང་ངོས་འཛིན་མཚོན་རྟགས་སོགས་ཁྲིམས་འགལ་བྱ་སྤྱོད་ཅི་ཡང་མ་རྙེད་པ་རེད།

མཚོ་སྔོན་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་མུ་མཐུད་དུ་འབྲེལ་ཡོད་ཁེ་ལས་ལ་རོགས་སྐྱོར་བྱེད་རྒྱུར་སྣེ་ཁྲིད་བྱས་ནས། ཁེ་ལས་ཐད་ལ་ཁ་ཐུམ་སོགས་རིམས་འགོག་ཡོ་བྱད་ཡོབ་གླིང་ལ་ཕྱིར་གཏོང་དང་ཨ་རིའི་ཁྲོམ་རའི་ངོས་འཛིན་བརྡ་འཕྲིན་གྱི་མཛུབ་སྟོན་མཁོ་སྤྲོད་སྒོས། ཉེན་ཁ་གསལ་འདེབས་ངང་རྒྱལ་ནང་དུ་ངོས་འཛིན་བྱ་བའི་སྒྲིག་འཛུགས་མིང་ཐོ་སོགས་ཀྱི་ཐད་ནས་བརྡ་འཕྲིན་ཞབས་ཞུ་སྤེལ་ཏེ། ཁེ་ལས་ཀྱི་ཁྲིམས་མཐུན་ཁྲིམས་སྲོལ་མཛུབ་སྟོན་ཐད་ལ་འབྲེལ་ཡོད་རྒྱུ་སྤུས་ངོས་འཛིན་བྱས། ཁ་ཐུམ་དང་འགོག་སྲུང་ལྭ་བ་སོགས་རིམས་འགོག་ཡོ་བྱད་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་བཏང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།