ཞི་ཅིན་ཕིང་གིས་ངས་ཡུལ་ཤུལ་གྱི་འབྱུང་འགྱུར་སྔར་བས་ཡག་པ་ཡོང་རྒྱུར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ཟེར།

ཚེས7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།

མཚོ་སྔོན་ཡུལ་ཤུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བཀྲ་ཤིས་རྡོ་རྗེས་གཏམ་བཤད་གནང་སྐབས“ལོ་བཅུའི་གོང་གི་དཔྱིད་ཀ་དེར་ཡུལ་ཤུལ་དུ་རིམ་པ7.1ཅན་གྱི་ས་ཡོམ་བྱུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་གེགས་ཁུལ་དུ་བསྐྱོད་དེ་ང་ཚོར་རྒྱབ་སྐྱོར་དང་ངར་སྐུལ་བཅས་གནང་བ་རེད”ཟེར།

ཞི་ཅིན་ཕིང་གྱིས་འཐུས་མི་བཀྲ་ཤིས་རྡོ་རྗེ་དང་གླེང་མོལ་གནང་སྐབས་བཤད་རྒྱུར། “ཡུལ་ཤུལ་འཛུགས་སྐྲུན་གྱི་གནས་ཚུལ་ལ་ངས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ་ཧ་ཅང་དགའ་པོ་ཡོད། ཁྱོད་ཀྱིས་མི་རྣམས་ཀྱིས་ཡོམ་འགོག་གནོད་སེལ་དང་དབུལ་ཐར་འགག་སྒྲོལ་བྱས་པ་བརྒྱུད་དེ། ཏང་གི་ཐུགས་ཁུར་དང་ཏང་གི་སྟོབས་ཤུགས་མཐོང་བ་དང་། ང་ཚོའི་བུ་རབས་ཚ་རྒྱུད་ཀྱང་བདེ་ཐང་དང་། དེང་རབས་། བདེ་སྐྱིད་བཅས་ཀྱི་འཚོ་བ་སྐྱེལ་ཐུབ་པར་དངོས་གནས་བཤད་ན། ཡུལ་ཤུལ་གྱི་མ་འོངས་པ་སྔར་བས་ཡག་པོ་ཡོང་ཐུབ། ངས་ཡུལ་ཤུལ་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད”ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།